གལ་ཆེའི་གསར་འགྱུར།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གལ་ཆེའི་གསར་འགྱུར། >ལྡེབ་ངོས་མགོ་མ།

ན་ནིང་བོད་ཀྱིས་སློབ་རོགས་མ་དངུལ་དོན་འཁྱོལ་བྱེད་ཚད་སྒོར་དུང་ཕྱུར༣༧ལྷག་ཙམ་ཟིན་ནས་དགེ་སློབ་མི་ཐེངས་ཁྲི༢༠༠ཙམ་ལ་ཕན་པ་ཐོབ་པ།

སྤེལ་དུས་: 2020ལོ་05ཟླ་11ཚེས་ 11:08 ཡོང་ཁུངས་: ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཉིན་ཤས་གོང་གསར་འགོད་པས་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱས་པར། སྤྱི་ལོ ༢༠༡༩ ལོར་རང་ལྗོངས་ཀྱིས་སློབ་རོགས་མ་དངུལ་སྒོར་དུང་ཕྱུར ༣༧.༧༨ དོན་འཁྱོལ་བྱས་པས་དགེ་སློབ་མི་ཐེངས་ཁྲི ༡༨༩.༦༩ ལ་ཕན་པ་ཐོབ་ཡོད།

སློབ་རོགས་མ་དངུལ་ནི་དམངས་འཚོ་འགན་ལེན་དང་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་འདུ་འགོད་གལ་ཆེན་ཞིག་ཡིན་ཞིང་། དེ་དབུལ་གྲོལ་འགག་སྒྲོལ་དང་སྤྱི་ཚོགས་ཀྱི་དྲང་གཞག་དང་འབྲེལ་བ་ཡོད། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཀྱི་རིམ་ཁག་སློབ་རོགས་མ་དངུལ་དོ་དམ་སྡེ་ཚན་གྱི་ཐུན་མོང་འབད་བརྩོན་འོག་རང་ལྗོངས་ཀྱི་སློབ་རོགས་མ་དངུལ་མ་ལག་དེ་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་མ་དངུལ་གཏོང་ཤུགས་དེ་བས་མང་དུ་ཕྱིན་པར་བརྟེན་སློབ་རོགས་མ་དངུལ་གྱི་དོ་དམ་ཆུ་ཚད་དེ་བས་མཐོ་རུ་ཕྱིན་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། སློབ་ཞུགས་གོང་གི་སློབ་གསོའི་སློབ་མ་དང་། འོས་འགན་སློབ་གསོའི་སློབ་མ། མཐོ་འབྲིང་དཀྱུས་མའི་སློབ་མ། མཐོ་རིམ་སློབ་གསོའི་སློབ་མ་བཅས་ནི་སློབ་སྐྱོར་བྱ་ཡུལ་གཙོ་བོ་ཡིན་པ་དང་། སློབ་རོགས་མ་དངུལ་དེ་སྒོར་དུང་ཕྱུར ༦.༡༢ དང་། སྒོར་དུང་ཕྱུར ༢༡.༠༤དང་། སྒོར་དུང་ཕྱུར ༣.༢༩ དང་། སྒོར་དུང་ཕྱུར ༣.༥༣ བཅས་ཁག་སོ་སོར་ཟིན་པ་དང་། སློབ་རོགས་མ་དངུལ་ལེན་མཁན་སློབ་མ་མི་ཐེངས་ཁྲི ༢༥.༦༣ དང་། མི་ཐེངས་ཁྲི ༡༣༦.༢༤ དང་། མི་ཐེངས་ཁྲི ༡༢.༤༤ དང་། མི་ཐེངས་ཁྲི ༦.༤༢ བཅས་ཁག་སོ་སོར་ཟིན་ཡོད། གཞན་ཡང་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་མའི་སློབ་རོགས་མ་དངུལ་སྒོར་དུང་ཕྱུར ༡.༧༡ ཟིན་པ་དང་སློབ་མ་མི་ཐེངས་ཁྲི ༤.༦༦ ལ་ཕན་པ་ཐོབ་ཡོད། ཕྱོགས་བསྡུས་རིགས་ཀྱི་སློབ་མའི་སློབ་རོགས་མ་དངུལ་སྒོར་དུང་ཕྱུར ༢.༠༩ ཟིན་པས་སློབ་མ་མི་ཐེངས་ཁྲི ༡༣.༣༠ ལ་ཕན་པ་ཐོབ་ཡོད།

མིག་སྔར། བོད་དུ་ཕྱོགས་ཡོངས་ནས་སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་གསོའི་དུས་མཚམས་བར་གྱི་སློབ་མའི་སློབ་རོགས་མ་དངུལ་གྱི་མ་ལག་ཕྱོགས་ཡོངས་ནས་བཙུགས་པ་དང་སློབ་རོགས་མ་དངུལ་དེ་སློབ་སྦྱོང་གི་དུས་མཚམས་ཁག་དང་། གཞུང་བཙུགས། དམངས་བཙུགས། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ་བཅས་ལ་ཁྱབ་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

རྩ་འཛུཌ་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འཛུཌ་གཏོད་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས། ཆེ་དགྲ་ལྷས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ། གཞིས་རྩེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དགོས་མཁོ་གང་ལེགས་བསྐངས། ཧུའུ་པེར་རོགས་རམ་བྱེད་པར་བསྐྱོད་མཁན་རང་ལྗོངས་ཀྱི་སྨན་དོན་པ་གསུམ་པོ་བདེ་འཇགས་ངང་ཕྱིར་ལོག་བྱས།