གཞིས་རྩེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དགོས་མཁོ་བསྐང་ཆེད། ཉེ་དུས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་ནས་ཞིབ་འཇུག་བྱས་པ་བརྒྱུད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཚོད་ལྟ་ལག་བསྟར་བྱ་ཐབས་ཅེས་པ་བཏོན་ཡོད་པས། སྤྱི་ཟླ་ལྔ་པའི་ཟླ་མགོར་གྲོང་མིའི་སྨན་བཅོས་འགན་བཅོལ་ལས་དོན་རྒྱུན་གཏན་ལྟར་སྤེལ་ཐུབ་པ་བྱ་རྒྱུ་རེད།
གཞིས་རྩེ་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུད་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཅུད་ཀྲང་ལིའུ་དབུས་ཧྭ་ཡིས། གཅིག་གྱུར་ངང་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་བཙུགས་རྗེས་གྲོང་ཁྱེར་དེ་ཡོངས་ཀྱི་སྨན་བཅོས་འགན་བཅོལ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་འགྲོ་རྒྱུ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་གཞི་ལྕི་བའི་ཁ་གསབ་སྨན་བཅོས་འགན་བཅོལ། སྨན་བཅོས་རོགས་སྐྱོབ། དགེ་སྒྲུབ་རོགས་སྐྱོབ་སོགས་སྨན་བཅོས་འགན་བཅོལ་ལམ་ལུགས་ཕན་ཚུན་སྦྲེལ་མཐུད་ཀྱི་བང་རིམ་མང་བའི་སྨན་བཅོས་འགན་བཅོལ་མ་ལག་ཅིག་གཏོད་ཐུབ་སྟེ། མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་འགན་སྲུང་བྱེད་རྒྱུ་དང་ནད་གཞིས་རྐྱེན་པས་དབུལ་པོར་འགྱུར་བ་དང་དབུལ་ལོག་ཐེབས་རྒྱུ་སྔོན་འགོག་བྱ་རྒྱུ། གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་འདྲ་མཉམ་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཐད་ནུས་པ་གལ་ཆེན་ཐོན་རྒྱུ་རེད་ཅེས་གསུངས།
ཤེས་རྟོགས་བྱས་པར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུད་ཀྱིས་དུས་མགོའི་ལས་ཀའི་རྨང་གཞིའི་ཐོག སྤྱི་ཟླ་གསུམ་པའི་ཚེས ༣༡ ཉིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཆ་འཕྲིན་བསྡུ་རུབ་དང་མ་ལག་ནང་འཇུག་པའི་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་པ་དང་། དེང་སྐབས་ཐེབས་རྩའི་གྲོན་དངུལ་འཇལ་སྤྲོད་ལས་ཀར་སྐུལ་འདེད་གཏོང་རྒྱུའི་ཐད་ཁྲལ་དོན་ཚན་པ་དང་སྦྲེལ་མཐུད་བྱེད་བཞིན་ཡོད། དེ་དང་ཆབས་ཅིག་བར་བརྒལ་རིང་གི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་རྩིས་ཞུ་དང་གཙང་རྩིས་ལས་དོན་འགན་སྲུང་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུད་ནས་འཕྲལ་སྡོམ་བྱ་ཐབས་བཟུང་སྟེ། སྤྱི་ཟླ་ལྔ་པའི་ཟླ་དཀྱིལ་གོང་བར་བརྒལ་རིང་གི་སྨན་བཅོས་གྲོན་དངུལ་ལག་བསྟར་བྱ་ཐབས་གསར་པའི་གཏན་འབེབས་བཞིན་རྩིས་ཞུ་གཙང་རྩིས་ལས་དོན་སྤེལ་ཐུབ་པ་བྱ་རྒྱུ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཧུའུ་པེར་རོགས་རམ་བྱེད་པར་བསྐྱོད་མཁན་རང་ལྗོངས་ཀྱི་སྨན་དོན་པ་གསུམ་པོ་བདེ་འཇགས་ངང་ཕྱིར་ལོག་བྱས། གཞིས་རྩེ་གྲོང་ཁྱེར་གྱི་ལས་བྱེད་མང་ཚོགས་ཚོས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་༦༡འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ། ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་གྱི་ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གི་ལོ་རབས་དགུ་བཅུའི་རྗེས་སུ་སྐྱེས་པའི་ཏང་ཡོན་ཡོངས་ལ་འཕྲིན་ལན་སྤྲིངས་གནང་བ། གཞིས་རྩེ་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།