གལ་ཆེའི་གསར་འགྱུར།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གལ་ཆེའི་གསར་འགྱུར། >ལྡེབ་ངོས་མགོ་མ།

ཆེ་དགྲ་ལྷས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

སྤེལ་དུས་: 2020ལོ་04ཟླ་28ཚེས་ 11:16 ཡོང་ཁུངས་: ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཚེས ༢༣ ཉིན་ནས་ཚེས ༢༦ ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གཞིས་རྩེ་གྲོང་ཁྱེར་གྱི་དིང་རི་དང་། ས་དགའ། འབྲོང་པ་རྫོང་བཅས་སུ་ཕེབས་ནས་ཇོ་མོ་གླང་མའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། ཀྲུང་དབྱང་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི་ཕྱིར་མིག་བལྟ་བའི་ཚུར་ལན་གནད་དོན་དག་ཐེར། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ལ་བརྟག་ཞིབ་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་དང་ཀྲང་ཡན་ཆིང་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།

དིང་རི་རྫོང་ཤེལ་དཀར་གྲོང་རྡལ་གྱི་ཡུལ་གཞན་ནས་གནས་སྤོས་དབུལ་སྐྱོར་བྱ་ཡུལ་དུ་ཆེ་དགྲ་ལྷ་དང་བཅས་པ་ཚོགས་ཆུང་བགོས་ནས་སྐབས་བསྟུན་ངང་དུད་ཚང་དུ་ཕེབས་ནས་འདྲི་རྟོགས་བྱས་ཏེ། གནས་སྤོས་མང་ཚོགས་ཁྱིམ་ཚང་གི་གཞི་རྩའི་གནས་ཚུལ་དང་དེ་བཞིན་ཐོན་སྐྱེད་དང་འཚོ་བ་དང་། བུ་ཕྲུག་སློབ་ཞུགས་དང་ལས་ཞུགས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཆེ་དགྲ་ལྷས་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་བྱམས་སྐྱོང་དང་ཁ་འབྲལ་ཐབས་མེད་པས། ཚང་མས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་གསུངས་པ་རེད། དིང་རི་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་ཇོ་མོ་གླང་མའི་རི་འཛེགས་གད་སྙིགས་གཙང་སེལ་ལས་དོན་གྱི་སྙན་སེང་གསན་རྗེས། ཆེ་དགྲ་ལྷས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་ཉེ་སར་བཅར་བ། བརྟག་དཔྱད་ཞིབ་འཇུག དངོས་ཐོག་བདེན་འཚོལ་བཅས་བྱས་ནས་ཀྲུང་དབྱང་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱིས་ཕྱིར་མིག་བལྟ་བའི་ཚུར་ལན་གནད་དོན་དག་ཐེར་གནད་འཁེལ་མཐའ་གཅིག་ཏུ་བྱེད་པ་དང་། དབུལ་སྒྲོལ་བརྟན་པོ་ཡོང་བ། དབུལ་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་གཏོང་བ་བཅས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བཅས་དོན་གཉེར་བྱེད་དགོས། གནས་སྤོ་ཐུབ་པའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་རྗེས་ཕྱིས་སུ་རོགས་སྐྱོར་གྱི་འགག་རྩ་ནི་ལས་ཞུགས་འབབ་འཕར་ཡོང་རྒྱུ་དེ་ཡིན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགོ་ཁྲིད་གཙོ་བོས་དམ་འཛིན་བྱེད་པ། སྒྲིག་འཛུགས་ནུས་པ་ཆེ་རུ་གཏོང་བ། རྩལ་ནུས་གསོ་སྦྱོང་དང་། ཆེད་དམིགས་སྦྲེལ་མཐུད། ངལ་ནུས་ཕྱིར་གཏོང་བཅས་ཀྱི་ནུས་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་མཉམ་ལས་རྩ་འཛུགས་འཐུས་སྒོ་ཇེ་ཚང་དང་ཚད་ལྡན་དུ་བཏང་སྟེ་ཁྱབ་གདལ་བྱེད་མགྱོགས་སུ་གཏོང་དགོས། ཡུལ་སྐོར་གྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཐག་ཉེ་ས་དང་། སྟབས་བདེ་ས། སྒྲུབ་ཐུབ་པ། སྒྲུབ་ཤེས་པ་བཅས་ཀྱི་ཐོག་ནས་ཐོན་ལས་འཕེལ་རྒྱས་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཐོན་ལས་འཁོར་འབྲེལ་གྱི་རིན་ཐང་འཕར་བའི་ཁེ་ཕན་མཉམ་སྤྱོད་བྱས་ནས་གནས་སྤོའི་མང་ཚོགས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། རིམ་བཞིན་འབབ་འཕར་ཕྱུག་འགྱུར་ཡོང་བ་བཅས་བྱེད་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། བྱ་སྤྱོད་ལ་ཤུགས་སྣོན་རྒྱག་པ། ལམ་སྲོལ་ལེགས་སུ་གཏོང་བ་དང་ཆབས་ཅིག་དྲིལ་བསྒྲགས་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས། ཇོ་མོ་གླང་མའི་ས་ཁོངས་ཀྱི་སྣོད་བཅུད་ཁོར་ཡུག་མཉམ་དུ་སྲུང་སྐྱོང་གང་ལེགས་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཕྱར་བ་གྲུ་འདེགས་ཀྱིས་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།

ཆེ་དགྲ་ལྷས་ས་ཆ་དངོས་སུ་ཕེབས་ནས་ས་དགའ་རྫོང་ཧོར་པའི་ལུག་གསོ་ཚགས་རྟེན་གཞི་དང་འབྲོང་པ་རྫོང་ཇོ་མོ་གླང་མའི་ཧོར་པའི་ལུག་རྒྱུད་བཟང་གསོ་ཚགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ། ལུ་གུ་གསོ་སྤེལ་དང་། བཤས་གཏོང་ཚད། འཁོར་རྒྱུག་མ་གནས། མང་ཚོགས་དེའི་ནང་ཞུགས་ཚད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་ཡང་གནང་ཞིང་། ཁོང་གིས་ཐུན་མོང་ཐོག་འབྱོར་ཕྱུག་གི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་སྣེ་འདྲེན་ཁེ་ལས་དང་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཆབས་ཅིག་ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་དེ་བས་བརྟན་པོ་ཞིག་བསྐྲུན་ནས་མང་ཚོགས་ཐོན་ལས་འཕེལ་རྒྱས་ནང་ཞུགས་ཚད་དང་དེ་ལས་ཕན་པ་ཐོབ་ཚད་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

ཆེ་དགྲ་ལྷས་ད་དུང་མཐའ་མཚམས་སུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་དང་། ལེགས་རྩེ་འགག་སྒོ་འཛུགས་སྐྲུན། འབྲོང་པ་རྫོང་གི་ཉི་ནུས་གཅིག་སྡུད་དྲོད་མཁོ་འདོན་རྣམ་གྲངས་བཅས་ལ་བརྟག་ཞིབ་གནང་བ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

གཞིས་རྩེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དགོས་མཁོ་གང་ལེགས་བསྐངས། ཧུའུ་པེར་རོགས་རམ་བྱེད་པར་བསྐྱོད་མཁན་རང་ལྗོངས་ཀྱི་སྨན་དོན་པ་གསུམ་པོ་བདེ་འཇགས་ངང་ཕྱིར་ལོག་བྱས། གཞིས་རྩེ་གྲོང་ཁྱེར་གྱི་ལས་བྱེད་མང་ཚོགས་ཚོས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་༦༡འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ། ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་གྱི་ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གི་ལོ་རབས་དགུ་བཅུའི་རྗེས་སུ་སྐྱེས་པའི་ཏང་ཡོན་ཡོངས་ལ་འཕྲིན་ལན་སྤྲིངས་གནང་བ།