གལ་ཆེའི་གསར་འགྱུར།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གལ་ཆེའི་གསར་འགྱུར། >ལྡེབ་ངོས་མགོ་མ།

ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་རགས་བཤད་ཅེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

སྤེལ་དུས་: 2021ལོ་09ཟླ་10ཚེས་ 17:08 ཡོང་ཁུངས་: ཤིན་ཧྭ་གསར་འགྱུར་ཁང་།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ ༩ ཚེས ༨ ཉིན་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་བསླབ་གཞིའི་ནང་འཁོད་པ་དང་། སློབ་ཁང་ནང་ཁྲིད་པ། སེམས་ནང་ཟུག་པ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་གོ་ཁྲིམས་རིག་པ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་བྱས་ནས་རྩོམ་སྒྲིག་བྱས་པའི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྱོང་འདུ་འགོད་ཀྱི་གཙོ་གནད་བསླབ་གཞི༼ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་རགས་བཤད༽ དེ་མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་རེད། གཤམ་དུ༼རགས་བཤད༽ཅེས་བསྡུ་རྒྱུ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་བྱེད་པའི་ལག་ལེན་རླབས་པོ་ཆེར་འགོ་ཁྲིད་བྱེད་རིང་། ལོ་རྒྱུས་དང་དོན་དངོས་གཉིས་ཕན་ཚུན་སྦྲེལ་མཐུད་དང་། རྒྱལ་སྤྱི་དང་རྒྱལ་ནང་གཉིས་ཕན་ཚུན་འབྲེལ་བ། རིགས་པའི་གཞུང་ལུགས་དང་དོན་དངོས་གཉིས་ཕན་ཚུན་ཟུང་འབྲེལ་བཅས་བྱས་ཏེ། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་དགོས་དོན་གང་ཡིན་པ་དང་ཇི་ལྟར་བྱས་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་དགོས་པ་སོགས་ཀྱི་གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བརྒྱབ་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་ལས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གྲུབ་ཡོད།

༼རགས་བཤད༽དེ་གླེང་གཞི་དང་བམ་པོ་གསུམ་ལས་གྲུབ་པ་དང་།

ཁྱོན་བསྡོམས་ལེའུ ༢༠ ཡོད་པ། ཡིག་འབྲུ་ཁྲི ༢༧ ཙམ་ཡོད། དེའི་ནང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཁྱད་ཆོས་མངོན་གསལ་དོད་པོ་དང་། དོན་སྙིང་གལ་ཆེན། ནང་དོན་ཕུན་སུམ་ཚོགས་པོ། དོན་སྙིང་གཙོ་བོ། ཚན་རིག་དང་མཐུན་པའི་བྱེད་ཐབས། ལག་ལེན་གྱི་བླང་བྱ་བཅས་རྒྱས་བཤད་བྱས་ཡོད་པ་དང་། དེ་བཞིན་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནི་ནང་དོན་ཕུན་སུམ་ཚོགས་པ་དང་། རྣམ་བཤད་གཏིང་ཟབ་པ། གཏན་ཚིགས་ཚགས་དམ་པ། མ་ལག་ཆ་ཚང་བ་བཅས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅིག་དང་། མར་ཁེ་སི་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཤིག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་བཅས་ཡིན་པ་ཕྱོགས་ཡོངས་ནས་མཚོན་པར་བྱས་ཡོད། ༼རགས་བཤད༽ནང་མ་རྩོམ་དང་། མ་ཡིག གོ་དོན་དངོས་བཅས་ལ་བརྟེན་རྒྱུ་མཐའ་འཁྱོངས་དང་། ཚན་རིག་ཆོས་ཉིད་ཅན་གྱི་འཆད་འགྲེལ་དང་། རིག་གཞུང་ཅན་གྱི་མཚོན་འགྲེལ། མ་ལག་ཅན་གྱི་འཛུགས་སྐྱོང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད་པས་དེ་ནི་མཐོ་སློབ་ཀྱི་ཁྲིམས་རིག་པའི་རིགས་ཀྱི་ཆེད་ལས་སློབ་མས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱེད་པའི་གཙོ་གནད་བསླབ་གཞི་ཞིག་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུའི་ཐོག་གལ་ཆེའི་གསུང་བཤད་གནང་བ། ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུཌ་འདུན་མངོན་འགྱུར་བྱེད་དགོས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཏང་ཀྲུང་དབྱང་ལ་འབུལ་རྟེན་ཕུལ་བ། མང་ཚོགས་ཕྱུག་པོ་ཆགས་ན་གཞི་ནས་མཐའ་མཚམས་སྟོབས་ཆེར་འགྲོ་ཐུབ།