གལ་ཆེའི་གསར་འགྱུར།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གལ་ཆེའི་གསར་འགྱུར། >ལྡེབ་ངོས་མགོ་མ།

ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་བོད་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

སྤེལ་དུས་: 2023ལོ་05ཟླ་09ཚེས་ 11:18 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིར་བཟུང་། ཚེས ༦ ཉིན་གྱི་སྔ་དྲོ་ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་བོད་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ནས་བོད་སྐྱོར་བོད་སྐྲུན་ལས་དོན་གྱི་ཀྲུང་དབྱང་དང་ས་གནས་ཀྱི་མཉམ་ལས་བྱས་ཚུལ་ཉན་ནས་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའེ་ཤིའུ་ཁྲང་ཚོཌ་འདུར་ཞུགས་པ་དང་སྦྲཌ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱ་ཆེའི་ཀྲུང་དབྱང་ཁེ་ལས་ཀྱིས་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཚོགས་ལ་ལྟ་རྟོག འགན་འཁྲི་ཁུར་ཕོད་པ་བཅས་བྱས་ནས་བོད་སྐྱོར་བོད་སྐྲུན་ལས་དོན་ནང་ཧུར་ཐག་ཞུགས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། རིམ་པ་ཁག་དང་། སྡེ་ཚན་ཁག ཀྲུང་དབྱང་ཁེ་ལས་བཅས་ཀྱིས་དོན་ཆེན་བཞིར་སྔར་བས་དམིགས་པ་དང་།  འཛུགས་གཏོད་བཞིར་ནུས་ཤུགས་གཅིག་སྒྲིལ་གྱིས་བོད་ཀྱི་འཐབ་ཇུས་ཀྱི་ངེས་གནས་ལ་གཞི་ཚུགས་པ་དང་། ཁུལ་བབ་ཀྱི་ལེགས་ཆ་དང་། ཐོན་ཁུངས་ཀྱི་མངོན་མེད་སྟོབས་ཤུགས། ཡ་རབས་དམངས་སྲོལ་བཅས་ལ་ངོས་འཛིན་གང་ལེགས་བྱེད་པ། འཐབ་ཇུས་བཀོད་སྒྲིག་དང་། མ་འཇོག་ནུས་ལྡན། ཐོན་ལས་འཕེལ་རྒྱས། ཤེས་ལྡན་པའི་དཔུང་ཁག སྤྱི་ཚོགས་ཀྱི་འགན་འཁུར་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་དམིགས་པ། མཉམ་འགུལ་ལམ་སྲོལ་དོན་འཁྱོལ་བྱེད་པ། ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་བོད་སྡོད་ཀྱི་ལས་བྱེད་ལས་བཟོར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ། ཀྲུང་དབྱང་ཁེ་ལས་ཀྱི་ཞབས་ཞུ་འགན་ལེན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་བཅས་བྱས་ནས་ཀྲུང་དབྱང་ཁེ་ལས་བོད་ལྗོངས་འཕེལ་རྒྱས་ནང་དེ་བས་མང་བ་ཞུགས་པ་དང་། རྒྱབ་སྐྱོར་དེ་བས་ལེགས་པོ་བྱེད་པ། མཉམ་འདྲེས་དེ་བས་གཏིང་ཟབ་བཅས་བྱས་ཏེ་ཀྲུང་དབྱང་དང་ས་གནས་ཀྱི་མཉམ་ལས་ཕྱོགས་གཉིས་མདུན་སྐྱོད་ཀྱི་ལེའུ་གསར་པ་རྩོམ་པར་མཉམ་དུ་སྐུལ་འདེད་གཏོང་དགོས།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་རགས་བཤད་ཅེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ། ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུའི་ཐོག་གལ་ཆེའི་གསུང་བཤད་གནང་བ། མི་དམངས་ཉིན་རེའི་ཚགས་པར་ཐོག་ཝང་ཅུན་ཀྲེང་གི་རྩོམ་ཡིག་སྤེལ་བ། བོད་ཀྱི་འཐུས་མིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ།