གལ་ཆེའི་གསར་འགྱུར།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གལ་ཆེའི་གསར་འགྱུར། >ལྡེབ་ངོས་མགོ་མ།

གམ་པ་རྫོང་གིས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ལ་ལྟ་སྐུལ་འཐེན་བཤེར་བྱས་པ།

སྤེལ་དུས་: 2023ལོ་11ཟླ་10ཚེས་ 11:45 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཉེ་ཆར། གམ་པ་རྫོང་ཞིང་ལས་གྲོང་གསེབ་ཅུས་དང་རྫོང་ཚན་རྩལ་ཅུས་ཀྱིས་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་དང་ཞིང་ལས་ལག་རྩལ་བ་སྒྲིག་འཛུགས་བྱས་ཏེ། རྫོང་གྲོང་གི་ཚལ་ཁྲོམ་དུ་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་འཐེན་བཤེར་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལྟ་སྐུལ་འཐེན་བཤེར་རྫོང་གྲོང་གི་ཁེར་རྐྱང་སྔོ་ཚལ་ཚོང་ཁང་ ༡༢ ལ་ཁྱབ་པ་དང་ཞིང་ལས་ཐོན་རྫས་ལ་སྐབས་བསྟུན་ངང་ཁག་ཐེངས ༢༠མ༿་དཔེ༢༠༾ཡི་འཐེན་བཤེར་བྱས་པ་ལས། སྔོ་ཚལ་ཁག་ཐེངས ༡༨ དང་། ཤིང་འབྲས་ཁག་ཐེངས ༢ ཚུད་ཡོད། དེ་དང་ཆབས་ཅིག་ད་དུང་ཁྲིམས་སྒྱུར་བས་ཐོན་སྐྱེད་གཉེར་སྐྱོང་བར་བདེ་འཇགས་ཐོན་སྐྱེད་དང་གཉེར་སྐྱོང་ཚད་ལྡན་བྱས་ནས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་བྱེད་དགོས་པའི་སྐུལ་ལྕག་བྱས་པ་རེད། ལྟ་སྐུལ་འཐེན་བཤེར་བྱས་ནས་ཚད་གཞི་མ་ལོན་པའི་མ་དཔེར་འཕྲལ་མར་ཁྲིམས་སྒྱུར་ལག་བསྟར་བྱེད་འགོ་ཚུགས་ཏེ་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་ཀྱི་ཡོད་པ་རེད། ད་ཐེངས་ལྟ་སྐུལ་ཟུར་བཤེར་བྱས་པ་བརྒྱུད་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཁྱབ་ཁོངས་སུ་ཐོན་སྲིད་པའི་ཉེན་ཁར་འགོག་ཟོན་ནུས་ལྡན་ཐུབ་པ་དང་། ཁེར་རྐྱང་སྔོ་ཚལ་ཚོང་ཁང་དང་ཚོང་དུད་ལ་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། བྱེད་པོའི་འགན་འཁྲི་ཏན་ཏིག་བསྒྲུབ་པར་སྐུལ་འདེད་དང་མཛུབ་ཁྲིད་བྱས་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་རགས་བཤད་ཅེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ། ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུའི་ཐོག་གལ་ཆེའི་གསུང་བཤད་གནང་བ། ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་བ། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ལྷ་སར་འཚོགས་པ།