ཟླ་༡ཚེས་༢༢ཉིན་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ར་ས་ཤང་འཛོམས་དཔེ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ཏང་ཡོན་མང་ཚོགས་སྒྲིག་འཛུགས་ཀྱིས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་ཀྱི་འབྲེལ་ཡོད་ཤེས་བྱའི་གཅིག་སྡུད་སློབ་སྦྱོང་ཚོགས་འདུ་འཚོགས་པ་རེད། ཚོགས་འདུ་དེ་གྲོང་སྡོད་ལས་དོན་རུ་དཔོན་རྡོ་ཐར་གྱིས་གཙོ་སྐྱོང་བྱས་པ་དང་། གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི་ཨུ་ལྷན་གཉིས།གྲོང་ཚོའི་ལྟ་འདོམས་ལྷན་ཁང་། གྲོང་ཚོའི་ཏང་ཡོན་ཡོངས་བཅས་ཁྱོན་ཏང་ཡོན་༦༠ལྷག་ཞུགས་ཡོད་པ་རེད།
ཆབ་སྲིད་སྒྲིག་ཁྲིམས་སློབ་སྦྱོང་ཚོགས་འདུའི་ཐོག་གྲོང་ཚོའི་ཏང་ཀྲེ་པུའུ་ཧྲུའུ་ཅི་དོན་གྲུབ་ཀྱིས་བོད་ཡིག་དཔར་མའི་ཆབ་སྲིད་སྒྲིག་ཁྲིམས་ཀྱི་ཡིག་ཆ་སྦྱོང་ཁྲིད་བྱས་ཏེ། བསམ་བློ་གསར་པ་དང་། དམིགས་ཚད་གསར་པར་གསལ་འགྲེལ་དང་བརྒྱུད་བསྒྲགས་གཏིང་ཟབ་བྱས་པ་མ་ཟད། འདུ་ཤེས་བཞི་བརྟན་པོ་བཙུགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ཏེ། སྔ་ཕྱི་བར་གསུམ་དུ་བསམ་སྦྱོར་དང་ཆབ་སྲིད་གང་རིགས་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་བཏང་ཡོད་པ་རེད།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ལྗོངས་སྒྲོག་འགྲེལ་ཚོཌ་པས་རང་ལྗོངས་སུ་ཏང་གི་སྐབས༡༩པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས༤པའི་དགོངས་དོན་སྒྲོག་འགྲེལ་གང་ལེཌ་གནང་། བོད་ལྗོངས་ལས་རིཌ་ལག་རྩལ་སློབ་གླིང་དུ་ཏང་གི་སྐབས༡༩པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས༤པའི་དགོངས་དོན་སྒྲོག་འགྲེལ་ཐོག་མ་དེ་བྱས། སྒྲོག་འགྲེལ་ཐབས་ལ་མཁས་པའི་ཨ་ཅག་བཀྲ་ཤིས་དཔལ་འཛོམས།