ཉིན་ཤས་བསྟུད་མར། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱེད་མཁན་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པས། ལྷོ་ཁ་དང་གཞིས་རྩེ་སོགས་སུ་སྒྲོག་འགྲེལ་བྱས་པར་བསྐྱོད་ཡོད། སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་གཙོ་དོན་ཁ་གསལ་བ་དང་ནང་དོན་ཕུན་སུམ་ཚོགས་ཤིང་ཆབ་སྲིད་ཀྱི་མཐོ་ཚད་ཡོད་ལ། རིགས་གཞུང་གི་གཏིང་ཚད་ཀྱང་ལྡན་པས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཉན་རྗེས་སློབ་གསོ་ཆེན་པོ་ཐེབས་པ་དང་བློ་སྒོ་ཡང་པོ་ཕྱེས་ཡོད་པ་དང་། ཚང་མས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་ཚན་རིག་དང་མཐུན་པའི་ནང་དོན་དང་ངོ་བོའི་ཁྱད་ཆོས། མངོན་གསལ་དོད་པའི་ལེགས་ཆ་སོགས་ལ་དེ་བས་ཕྱོགས་ཡོངས་ཀྱི་ངོས་འཛིན་དང་ཤེས་རྟོགས་དེ་བས་གཏིང་ཟབ། དེ་བས་ཁོང་དུ་ཆུད་པ་བཅས་བྱུང་སོང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་ཕྱིན་སོང་ཞེས་བཤད་ཡོད་པ་རེད།
སྤྱི་ཚེས ༢༢ ཉིན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱེད་མཁན་རང་སྐྱོང་ལྗོངས་ཀྱི་ཚོགས་པས་ལྷོ་ཁར་བསྐྱོད་པ་དང་། རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ལྗོངས་སྒྲིག་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀའོ་ཧུང་ཧྲེང་གིས་སྒྲོག་འགྲེལ་གནང་བ་རེད། སྒྲོག་འགྲེལ་ཚོགས་འདུའི་ཐོག་ཀའོ་ཧུང་ཧྲེང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གི་གཏན་འབེབས་ཀྱི་དུས་རབས་རྒྱབ་ལྗོངས་དང་། དོན་སྙིང་གལ་ཆེན། ཚང་འཛོམས་གྲོས་ཚོགས་ཐོག་གི་གཏན་འབེབས་ཀྱི་སྒྲོམ་གཞིའི་གྲུབ་ཆ་དང་གསར་གཏོད་གལ་ཆེན། ཚང་འཛོམས་གྲོས་ཚོགས་ཐོག་གི་གཏན་འབེབས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་རྒྱུ་བཅས་ཕྱོགས་བཞིའི་ཐད་ནས་མ་ལག་ཆ་ཚང་བའི་རྒྱས་བཤད་དང་འགྲེལ་བཤད་གཏིང་ཟབ་གནང་བ་རེད།
ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཧོ་ཀོང་ཧའེ་ཡིས། གསོན་ཉམས་དོད་པ་དང་སློབ་གསོའི་ནང་དོན་ལྡན་པའི་བྱེད་སྒོའི་ཐོག་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་ཡང་དག་གནང་བ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བརྒྱུད་མི་སེམས་གཅིག་སྒྲིལ་དང་ངོས་འཛིན་གཅིག་མཐུན་ཡོང་བ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་ལ་ཟུག་པ་དང་མོས་པ་གཅིག་མཐུན་ཡོང་རྒྱུར་སྐུལ་སྤེལ་བཏང་སྟེ། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཁག་ཐོག་གཅིག་འགྱུར་ཡོང་བ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་ལག་བསྟར་དོན་འཁྱོལ་གཏིང་་ཟབ་ཐུབ་རྒྱུར་སྐུལ་སྤེལ་ནུས་ལྡན་གཏོང་དགོས་ཞེས་གསུངས།
སྤྱི་ཚེས ༢༢ ཉིན་གྱི་སྔ་དྲོ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་མཁན་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པས་གཞིས་རྩེ་གྲོང་ཁྱེར་གྱི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་ཚོགས་ཁང་དུ་འཚོགས་པ་རེད། སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་བཟོ་རྒྱུ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་སྤེལ་གཏོང་རྒྱུའི་གལ་ཆེའི་དོན་སྙིང་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་དོད་པའི་ལེགས་ཆ་སོགས་ཕྱོགས་ལྔའི་ཐད་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་རྒྱས་བཤད་གཏིང་ཟབ་དང་སྒྲོག་འགྲེལ་ཞིབ་ཕྲ་བྱས་པ་རེད། གཞིས་རྩེ་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང་རུང་ཤིང་ལུང་ནས། གཞིས་རྩེ་གྲོང་ཁྱེར་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུའི་གཞིས་རྩེ་གྲོང་ཁྱེར་གྱི་ལས་ཀའི་ཇུས་གཞིར་གཞིགས་ནས། གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱིས་རྫོང་༼ཆུས༽འགན་ལེན་དང་གྲོང་ཁྱེར་ཐད་གཏོགས་ཚན་པའི་འགོ་ཁྲིད་ཀྱིས་ཤང་༼གྲོང་རྡལ༽འགན་ལེན། རྫོང་༼ཆུས༽གི་ལས་བྱེད་པས་གྲོང་ཚོ༼སྡེ་ཁུལ༽འགན་ལེན་བཅས་ཀྱི་རྣམ་པའི་ཐོག་ནས་དུས་མཚམས་གསུམ་ལ་དབྱེ་སྟེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་ཡག་པོ་བྱས་ནས་སློབ་སྦྱོང་དང་སྒྲོག་འགྲེལ་ཁྱོན་ཡོངས་ལ་ཁྱབ་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་འཁྱོལ་ཡག་པོ་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
བོད་ལྗོངས་ལས་རིཌ་ལག་རྩལ་སློབ་གླིང་དུ་ཏང་གི་སྐབས༡༩པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས༤པའི་དགོངས་དོན་སྒྲོག་འགྲེལ་ཐོག་མ་དེ་བྱས། སྒྲོག་འགྲེལ་ཐབས་ལ་མཁས་པའི་ཨ་ཅག་བཀྲ་ཤིས་དཔལ་འཛོམས། འཛོམས་དཔེ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཏང་ཡོན་མང་ཚོགས་སྒྲིག་འཛུགས་ཀྱིས་ཏང་གི་ཆབ་སྲིད་སློབ་གསོའི་ཤེས་བྱ་སློབ་སྦྱོང་བྱས་པ།