ཏང་ཡོན་དཔུང་སྡེ།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > ཏང་ཡོན་དཔུང་སྡེ། >ལྡེབ་ངོས་མགོ་མ།

བོད་ལྗོངས་ལས་རིཌ་ལག་རྩལ་སློབ་གླིང་དུ་ཏང་གི་སྐབས༡༩པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས༤པའི་དགོངས་དོན་སྒྲོག་འགྲེལ་ཐོག་མ་དེ་བྱས།

སྤེལ་དུས་: 2019ལོ་11ཟླ་21ཚེས་ 11:37 ཡོང་ཁུངས་: བོད་ལྗོངས་འཕྲིན་དྲ།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ་བཅུ་གཅིག་པའི་ཚེས ༡༨ ཉིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བོད་ཀྱི་སྒྲོག་འགྲེལ་ཐོག་མ་དེ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་འགོ་ཚུགས་པ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཏིང་ཡུང་གིས་སློབ་གྲྭའི་དགེ་རྒན་དང་ལས་བཟོ་ཡོངས། དེ་བཞིན་སློབ་མའི་འཐུས་མི་ཁག་གཅིག་བཅས་ལ་སྒྲོག་འགྲེལ་སྙན་ཞུ་ཕུལ་བ་རེད། སྒྲོག་འགྲེལ་སྙན་ཞུའི་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་རྒྱས་བཤད་གཏིང་ཟབ་དང་གསོན་ཉམས་ལྡན་པའི་གསལ་འགྲེལ་སྐྱོན་པ་དེ། གོ་བདེ་ལ་ཤེས་སླ་བ་དང་དོན་དངོས་དང་ཟུང་འབྲེལ་བྱས་ཡོད་པས་ཚོགས་ཞུགས་མི་སྣའི་ཚུར་སྣང་ལན་ཆ་ཆེན་པོ་ཐོབ་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པས་སྤྱི་ཟླ་བཅུ་གཅིག་པའི་ཚེས ༡༨ ཉིན་ནས་སྤྱི་ཟླ་བཅུ་གཉིས་པའི་ཚེས ༡༥ ཉིན་བར་ལྗོངས་ཡོངས་ཀྱི་གྲོང་ཁྱེར༼ ས་ཁུལ ༽ཁག་དང་།ལྗོངས་ཐད་གཏོགས་དང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཁག་ཏུ་གཅིག་སྡུད་སྒྲོག་འགྲེལ་བྱེད་པར་བསྐྱོད་རྒྱུ་རེད། དེ་དང་ཆབས་ཅིག་ལྗོངས་ཡོངས་ཀྱི་གྲོང་ཁྱེར༼ ས་ཁུལ ༽ཁག་དང་རྫོང་༼ ཆུས ༽ཁག ཤང་༼ གྲོང་བརྡལ ༽ཁག དེ་བཞིན་འབྲེལ་ཡོད་ཚན་པ་བཅས་ཀྱིས་ཀྱང་དུས་གཅིག་ཏུ་སྒྲོག་འགྲེལ་ལས་དོན་སྤེལ་རྒྱུ་རེད།  ལྗོངས་ཡོངས་ཀྱི་སྒྲོག་འགྲེལ་ལས་དོན་དེ་བཅའ་སྡོད་སྒྲོག་འགྲེལ་དང་སྐོར་སྐྱོད་སྒྲོག་འགྲེལ།  གཅིག་སྡུད་སྒྲོག་འགྲེལ་སོགས་རྣམ་པ་འདྲ་མིན་གྱི་ཐོག་ནས་སྤེལ་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཞི་རིམ་དང་མང་ཚོགས་ཁྲོད་ཟབ་སྐྱོད་ཐུབ་པ་དང་། མི་སེམས་ལ་ཟུག་ཐུབ་པ་བྱས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བོད་དུ་དོན་འཁྱོལ་གཏིང་ཟབ་ཐུབ་པ་བྱེད་རྒྱུ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ལྗོངས་སྒྲོག་འགྲེལ་ཚོཌ་པས་རང་ལྗོངས་སུ་ཏང་གི་སྐབས༡༩པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས༤པའི་དགོངས་དོན་སྒྲོག་འགྲེལ་གང་ལེཌ་གནང་། སྒྲོག་འགྲེལ་ཐབས་ལ་མཁས་པའི་ཨ་ཅག་བཀྲ་ཤིས་དཔལ་འཛོམས། འཛོམས་དཔེ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཏང་ཡོན་མང་ཚོགས་སྒྲིག་འཛུགས་ཀྱིས་ཏང་གི་ཆབ་སྲིད་སློབ་གསོའི་ཤེས་བྱ་སློབ་སྦྱོང་བྱས་པ།