ཏང་ཡོན་དཔུང་སྡེ།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > ཏང་ཡོན་དཔུང་སྡེ། >ལྡེབ་ངོས་མགོ་མ།

སྐྱིད་གྲོང་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རྩ་བ་ཚུགས་ལ་ཕན་འབྲས་ཐོན་པར་བྱས་པ།

སྤེལ་དུས་: 2023ལོ་04ཟླ་28ཚེས་ 12:14 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྐྱིད་གྲོང་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ལ་བརྟེན་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་༼ས་ཚིགས༽ཁག་སྒྲིག་འཛུགས་བྱས་ཏེ།  ཏང་གི་གསུང་སྒྲ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་བརྒྱུད། མང་ཚོགས་ཀྱི་བསམ་བློའི་དོགས་གནད་བསལ་བ་དང་སྲིད་ཇུས་ཀྱི་སྐོམ་པ་བསལ་བ་རེད།

རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་བྱས་ནས་སེམས་སུ་ཟུག་ཐུབ་པ་མ་ཟད་དཔེ་གསར་ཡང་ཡོད་པར་བྱས་ཤིང་། སྐྱིད་གྲོང་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས༼ཁང་དང་ས་ཚིགས༽ཀྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལ་སྐུལ་འདེད་གཏོང་བའི་ཉིན་མོ་དང་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སོགས་དུས་ཆེན་དང་མཚམས་ཚིགས་གང་ལེགས་སྤྱད་དེ། ལས་བྱེད་པ་དང་། མང་ཚོགས། དང་བླངས་ཞབས་ཞུ་རུ་ཁག་བཅས་སྐུལ་སློང་རྒྱ་ཁྱབ་ཀྱིས་དྲ་ཐོག་དང་དྲ་གཤམ་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་ཀྱི་ཚ་རླབས་རྒྱུན་མཐུད་འཕྱུར་བར་བྱས་ཤིང་། རིཌ་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་སེམས་སུ་ཟུག་ཐུབ་པ་མ་ཟད་དཔེ་གསར་ཡང་ཡོད་པ་རེད།

ཞབས་ཞུ་ཐག་ཉེ་རུ་བཏང་སྟེ་ཤེས་དཔལ་ལག་ལེན་གྱི་འོད་ཟེར་འཕྲོ་བར་བྱས་ཤིང་། སྐྱིད་གྲོང་རྫོང་གིས་བྱེད་སྒོ་སྤེལ་སྟངས་ཟམ་མི་ཆད་པར་གསར་གཏོད་དང་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ་དང་། རིགས་པའི་གཞུང་ལུཌ་སྒྲོག་འགྲེལ་དང་།  རིག་རྩལ་རིག་གནས།  དང་བླངས་ཞབས་ཞུ་བཅས་ལྡན་པའི་བྱེད་ཐབས་སྤྱད་དེ་གླུ་གར་འཁྲབ་སྟོན་དང་། དགོད་བྲོའི་གཏམ་གླེང་། འཁྲབ་ཚན་ཐུང་གྲས། དུད་ཚང་དུ་བསྐྱོད་ནས་སྒྲོག་འགྲེལ་སོགས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དུས་ཐོག་ཏུ་མང་ཚོགས་ལ་བརྒྱུད་སྤྲོད་བྱས་ཏེ། སྒྲོག་འགྲེལ་དེ་བས་མང་ཚོགས་དང་འབྲེལ་ཐུབ་ནས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།

སྡེ་ཚན་དབར་མཐུན་སྦྱོར་མཉམ་འགུལ་བྱས་ཏེ་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་བཏོད་ཅིང་། སྐྱིད་གྲོང་རྫོང་གི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་མཉམ་འབྲེལ་ཐོག་གཙོ་རྒྱུན་སྨྱན་སྦྱོར་དང་དེ་བཞིན་སྨྱན་སྦྱོར་གསར་པའི་ལས་སྟེགས་སྣ་ཚོགས་ཡག་པོར་སྤྱད་དེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་བའི་མ་རྩོམ་གསར་འགྱུར་ཁག ༧༨༠ ལྷག་ཙམ་བཀོད་ནས་འགྲེམས་སྤེལ་བྱས་པ་དང་། འབྲེལ་ཡོད་རྩོམ་ཡིག ༢༦༥ བརྒྱུད་འགོད་དང་བརྒྱུད་སྤེལ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྐད་འཕྲིན་ཚོགས་པར་དྲིལ་བསྒྲགས་སློབ་གསོའི་སྐོར་ཁག ༣༢༥ བརྒྱུད་བསྐུར་བྱས་པས་མང་ཚོགས་མི་ཐེངས་ཁྲི ༢༡ ལ་སློབ་གསོ་ཐེབས་པ་དང་། ཞིང་འབྲོག་པ་ཏང་ཡོན་དང་མང་ཚོགས་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པར་ལས་སྟེགས་དང་སྟབས་བདེ་བསྐྲུན་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

བྱང་ཐང་ས་གཞི་ཆེ་མོའི་སྟེང་གི་དཔའ་བོར་བསྟོད་པའི་གླུ། ལྗོངས་སྒྲོག་འགྲེལ་ཚོགས་པས་ཏང་གི་ལོ་བརྒྱའི་འོད་སྟོང་འབར་བའི་ལོ་རྒྱུས་སྒྲོག་འགྲེལ་གཏིང་ཟབ་བྱས། ཏང་གི་ལོ་རྒྱུས་ཉམས་མྱོང་སྔར་བས་ཕྱོགས་སྡོམ་བྱེད་དགོས། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་ལས་དོན་ཚོགས་འདུ་འཚོགས།