ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་དང་ཕྱོགས་བསྡོམས་ཡག་པོ་བྱས་ནས་ཏང་གི་ཉམས་མྱོང་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད།ཉིན་ཤས་བསྟུད་མར་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་རང་ལྗོངས་ཀྱི་ལྗོངས་ཐད་གཏོགས་ཚན་པ་དང་ཀྲུང་དབྱང་ཐད་གཏོགས་ཚན་པ་ཁག་དུ་བསྐྱོད་དེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཏང་གི་ལོ་བརྒྱའི་འོད་སྟོང་འབར་བའི་ལོ་རྒྱུས་སྒྲོག་འགྲེལ་གཏིང་ཟབ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་བཏང་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མཐུན་སྒྲིལ་དང་འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་རྒྱུར་འབད་འཐབ་ལྷོད་མེད་བྱེད་རྒྱུའི་སྐུལ་ལྕག་བཏང་ཡོད།
རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་དུ། རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་ཏང་གི་ལོ་རྒྱུས་དང་ཏང་འཛུགས་ཀྱི་སློབ་དཔྱོད་པུའི་འཆད་འཁྲིད་དགེ་རྒན་ལེང་ཉིང་ནས་ཏང་གི་ལོ་རྒྱུས་ཀྱི་གཏམ་རྒྱུད་འབོར་ཆེན་གླེང་སྟེ། ཏང་གི་ལོ་བརྒྱའི་འོད་སྟོང་འབར་བའི་ལོ་རྒྱུས་གསོན་ཉམས་དོད་པོས་འཆད་འཁྲིད་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལོ་རྒྱུས་སྦྱངས་ནས་ཤེས་རིག་འཕེལ་ཞིང་ལས་ཀའི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུར་སྐུལ་ལྕག་བཏང་ཡོད། འཆད་འཁྲིད་དགེ་རྒན་ལེང་ཉིང་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་རྒྱུར་དོན་སྙིང་ཆེན་པོ་ལྡན་པ་ནི་སྨོས་ཅི་དགོས། ཏང་གི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་ནི་གསོན་ཉམས་དོད་ཤོས་དང་གོ་སྐོན་བློ་འགུག་ཆེ་ཤོས་ཀྱི་སློབ་དེབ་ཅིག་རེད་ཅེས་ཐེངས་མང་གསུངས་མྱོང་ཡོད་ཅེས་བཤད།
རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་མཁོ་སྒྲུབ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཆོན་ལན་ཧོ་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རང་རྟོགས་ངང་སློབ་སྦྱོང་ཡག་པོ་བྱེད་པ་དང་། དོན་དངོས་དང་བསྟུན་ནས་ལག་བསྟར་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་ཡོང་བ་བྱེད་རྒྱུའི་ཐད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་དུ། རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། བོད་ལྗོངས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་ཙེང་གཡན་ནས། ལོ་རྒྱུས་ཀྱི་འཕེལ་རིམ་གཙོ་རྐང་དུ་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་གོང་འཕེལ་སྟོབས་ཆེར་ཕྱིན་པའི་བར་གྱི་བརྒྱུད་རིམ་ཡོངས་གསལ་འགྲེལ་བྱས་པ་རེད། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པུའུ་གསུམ་པའི་ཀྲུའུ་རེན་གཞོན་པ་ཀྲང་ཡའེ་ཕིང་ནས། ཞིབ་དཔྱོད་ལས་བྱེད་པ་ཞིག་གི་ངོས་ནས་ང་ཚོས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་གྱོད་གཞི་རེ་རེ་བཞིན་གཉེར་སྒྲུབ་ཞིབ་ཚགས་བྱེད་པ་དང་དཔང་རྟགས་དཔྱད་གཞི་རེ་རེ་བཞིན་ཞིབ་བཤེར་བྱས་ཏེ། མི་དམངས་མང་ཚོགས་ཚོར་གྱོད་གཞི་རེ་རེའི་ཐོག་ནས་གཞུང་དྲང་བདེན་འཚོར་ཐུབ་པ་བྱེད་རྒྱུ་ཡིན་ཞེས་བཤད།
རང་སྐྱོང་ལྗོངས་འཕེལ་བསྒྱུར་ཨུ་ལྷན་དུ་ཏང་ཡོན་ལས་བྱེད་པ་བརྒྱ་ཙམ་ནས། རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མར་ཁེ་སི་རིང་ལུགས་རིག་གཞུང་ཞིབ་འཇུག་ཟོའོ་ཡི་ཟོའོ་ཀྲང་ཀོ་ཁེ་ཧྥན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྒྲོག་འགྲེལ་ཉན་ནས། གསོན་ཉམས་དོད་པའི་གསར་བརྗེའི་སློབ་གསོ་ཞིག་ཐེབས་ཡོད་པ་རེད།རང་སྐྱོང་ལྗོངས་འཕེལ་བསྒྱུར་ཨུ་ལྷན་ཁུལ་ཁོངས་སྒོ་དབྱེའི་མཉམ་ལས་ཁྲུའི་རིམ་པ་དང་པོའི་ཁོའོ་ཡོན་རྡོ་རྗེ་སྒྲོལ་མ་ནས། གཞོན་ནུ་ཚོས་ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སློབ་སྦྱོང་ཡག་པོ་བྱས་ཏེ། མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་ཞིང་རང་ཉིད་ཀྱི་ཕུགས་བསམ་དད་སེམས་བརྟན་དུ་གཏོང་རྒྱུ་ནི་དགོས་འགལ་ཆེ་བའི་བྱ་ཐབས་ཤིག་རེད་ཅེས་བཤད།
སྤྱི་ཟླ་བཞི་པའི་ཚེས ༡༩ ནས་སྤྱི་ཟླ་ལྔ་པའི་ཚེས ༢༠ ཉིན་བར། རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པས་རང་ལྗོངས་ཀྱི་ལྗོངས་ཐད་གཏོགས་ཚན་པ་དང་ཀྲུང་དབྱང་ཐད་གཏོགས་ཚན་པ་ཁག་ཏུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྒྲོག་འགྲེལ་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་དང་ཕྱོགས་བསྡོམས་ཡག་པོ། དར་སྤེལ་ཡག་པོ། རྒྱུན་འཛིན་ཡག་པོ་བཅས་བྱས་ཐོག་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་ཐུབ་པ་བྱས་ཏེ་མཐུན་སྒྲིལ་དང་འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་བཞིན་ཡོད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཏང་གི་ལོ་རྒྱུས་ཉམས་མྱོང་སྔར་བས་ཕྱོགས་སྡོམ་བྱེད་དགོས། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་ལས་དོན་ཚོགས་འདུ་འཚོགས། ལྗོངས་སྒྲོག་འགྲེལ་ཚོཌ་པས་རང་ལྗོངས་སུ་ཏང་གི་སྐབས༡༩པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས༤པའི་དགོངས་དོན་སྒྲོག་འགྲེལ་གང་ལེཌ་གནང་། བོད་ལྗོངས་ལས་རིཌ་ལག་རྩལ་སློབ་གླིང་དུ་ཏང་གི་སྐབས༡༩པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས༤པའི་དགོངས་དོན་སྒྲོག་འགྲེལ་ཐོག་མ་དེ་བྱས།