གཞི་རིམ་གྱི་ཏང་འཛུགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གཞི་རིམ་གྱི་ཏང་འཛུགས། >ལྡེབ་ངོས་མགོ་མ།

བོད་ལྗོངས་གཞིས་རྩེའི་གྲོང་གསེབ་ཏུ་དྲ་ཐོག་ཚོང་ཁང་མ་ལག་རིམ་གྱིས་བཙུགས་པ།

སྤེལ་དུས་: 2020ལོ་04ཟླ་27ཚེས་ 11:09 ཡོང་ཁུངས་: ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཉེ་ཆར། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ཕྱེད་ཙམ་རིང་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་ཁང་མ་ལག་རིམ་གྱིས་བཙུགས་ནས། བོད་ཀྱི་དོན་དངོས་དང་འཚམ་ལ་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་ཁང་ལམ་བུར་སྔོན་ལ་བསྐྱོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱིས་ལག་བསྟར་བྱེད་མཁན་ཁེ་ལས་ཤིག་ལ་བརྟེན་ནས་ཅིན་ཏུང་དང་། ཁྱུག་དབྱིངས། ཞེ་ཁྲེང་སོགས་སྟེགས་བུ་དང་མཉམ་ལས་བྱས་ཏེ། གཞིས་རྩེའི་ཐོན་ཟོག་དེ་བས་མང་བ་ཕྱིར་ཚོང་བྱས་ཤིང་། སྤྱི་ལོ ༢༠༡༩ ལོའི་ཟླ་བ་བཅུ་པ་ནས་བཟུང་། ཅིན་ཏུང་སྟེགས་བུ་ཁོ་ནར་གཞིས་རྩེ་གྲོང་ཁྱེར་གྱིས་རིགས་ཁག་གི་དྲ་ཐོག་དང་དྲ་ཕྱིའི་བྱེད་སྒོར་ཞུགས་པ་བརྒྱུད། དྲ་ཐོག་གི་ཕྱིར་འཚོང་བསྡོམས་འབོར་སྒོར་ཁྲི ༡༠༠༠ ཙམ་ཟིན་པ་དང་དྲ་ཕྱིའི་ཕྱིར་འཚོང་བསྡོམས་འབོར་སྒོར་ཁྲི ༣༠༠ ལྷག་ཙམ་ཟིན་པ་རེད།

གཞན་ཡང་གཞིས་རྩེ་གྲོང་ཁྱེར་གྱིས་ད་དུང་གྲོང་ཁྱེར་རིམ་པའི་སྤྱི་པའི་ཞབས་ཞུའི་མ་ལག་བསྐྲུན་པ་དང་། ཟོག་འགྲེམས་མ་ལག་རྒྱ་སྐྱེད་བཏང་བ། ཞིང་འབྲོག་ཐོན་ཟོག་མཁོ་སྤྲོད་འཁོར་སྦྲེལ་མ་ལག་བསྐྲུན་པ། དར་ཚོན་སྣ་ལྔའི་ཇོ་མོ་གླང་མའི་སྤུས་རྟགས་དང་ཕྱིར་ཚོང་ཞབས་ཞུ་བཏོད་པ། ཤེས་ལྡན་མི་སྣ་གསོ་སྦྱོང་སོགས་ཕྱོགས་ཁག་ལྔ་ཡི་ཐོག་ནས་དྲ་ཐོག་ཚོང་ཁང་གྲོང་ཚོར་བསྐྲུན་རྒྱུར་སྐུལ་འདེད་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱིས་ད་དུང་དྲ་ཐོག་ཚོང་ཁང་གི་བློ་འདྲི་དང་། སྤུས་རྟགས་ཇུས་འགོད། བཙོངས་རྗེས་ཀྱི་དོ་དམ། དྲ་ཐོག་ནས་ཕྱིར་ཚོང་དང་དྲ་ཕྱིའི་མྱོང་རོལ་སོགས་གཅིག་འཐུས་རྣམ་པའི་ཞབས་ཞུའི་གྲོང་ཁྱེར་རིམ་པའི་དྲ་ཐོག་ཚོང་དོན་སྤྱི་པའི་ཞབས་ཞུའི་ལྟེ་གནས་རིམ་གྱིས་བསྐྲུན་པ་མ་ཟད། ད་དུང་གཞིས་རྩེ་གྲོང་ཁྱེར་གྱི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ་དང་མཉམ་དུ་སྨི་ངོས་གྲུ་མ ༢༠༠༠ ལྷག་ཙམ་ཡོད་པའི་གྲོང་ཁྱེར་རིམ་པའི་དྲ་ཐོག་ཚོང་ཁང་ཟོག་འགྲེམས་ལྟེ་གནས་བསྐྲུན་ལ། དེར་རང་གཉེར་ཟོག་འགྲེམས་རླངས་འཁོར་དང་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་མཛོད་ཁང་སྡེབ་སྐྱེལ་མ་ལག་ཡོད་པ་མ་ཟད། མྱུར་སྐྱེལ་ཟོག་འགྲེམས་ཁེ་ལས་མང་པོ་བསྡུ་སྒྲིལ་ཡང་བྱས་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཐུན་མོང་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བདེ་སྐྱིད་ཀྱི་ཁ་ཆད། ལྷ་རྩེ་རྫོང་གིས་རྩལ་ནུས་གསོ་སྦྱོང་གི་དགོས་མཁོར་མཐིལ་རྟོགས་བརྟག་དཔྱད་བྱས་པ། གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་དགོས། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་ས་ཚིགས་ཕན་ཚུན་ཁ་གཏད་སྒྲིག་འཛུགས་ངང་མང་ཚོགས་ལས་ཞུགས་ཐུབ་པ་བྱས།