ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སྲིད་ཇུས་ལག་བསྟར་བྱས་པ་ལས་གྲོང་མི་ལུང་ཁུག་ནས་ཐོན་ཐུབ་ཅིང་ཐོག་བརྩེགས་ཁང་བཟང་དུ་སྤོས་ནས་སྡེ་ཁུལ་གྱི་གྲོང་མིར་གྱུར་ཡོད། ཐོབ་ཐང་གསར་པ་དང་ཁོར་ཡུག་གསར་པའི་ནང་གནས་སྤོས་དབུལ་སྐྱོར་མང་ཚོགས་ཇི་ལྟར་བྱས་ཏེ་གཞིས་ཆགས་ཐུབ་པ་དང་ཕྱུག་པོ་ཆགས་ཐུབ་པ་བྱེད་དགོས་པ་ནི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་ཀྱི་ཚོད་བགམ་ཆེན་པོ་ཞིག་རེད། དེས་ན། སྨྱུག་འཛིན་པས་སྡེ་ཁུལ་ལས་དོན་པ་དང་ལྷག་དོན་དུ་ཏང་ཡོན་ལས་བྱེད་པས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་བཏང་ནས་མང་ཚོགས་ཀྱི་དགོས་མཁོ་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་གནས་སྤོས་རྗེས་གཞིས་ཆགས་ཐུབ་པ་དང་ཕྱུག་པོ་ཆགས་ཐུབ་པ་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་གཞིས་ཆགས་ཐུབ་པ་དང་ཕྱུག་པོ་ཆགས་ཐུབ་པ་བྱེད་པར། གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་དང་ཏང་ཡོན་གྱིས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་རྒྱུ་དེ་ཏང་ཡོན་གྱི་ཞབས་ཞུའི་ཕན་འབྲས་ལ་དཔྱད་བསྡུར་གཏན་འབེབས་བྱེད་པའི་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་དང་། འཛུགས་སྐྱོང་ལ་དམ་འཛིན། རྨང་གཞི་བརྟན་གཏོང་། ཞབས་ཞུ་ལེགས་གཏོང་བཅས་སྟོན་ཕྱོགས་སུ་བྱེད་པ། ཚོགས་འདུ་གསུམ་དང་སློབ་ཚན་གཅིག་དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སོགས་ཀྱི་ཐབས་ལམ་ལ་བརྟེན་པ། སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་ཀྱི་ནུས་པ་དང་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་རུ་གཏོང་དགོས།
ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་གཞིས་ཆགས་ཐུབ་པ་དང་ཕྱུག་པོ་ཆགས་ཐུབ་པ་བྱེད་པར། ཏང་ཡོན་ལས་བྱེད་པས་དམངས་ཆེད་ལས་དོན་སྒྲུབ་པའི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་དང་། མང་ཚོགས་ལ་བརྩེ་སེམས་འཆང་བ་དང་། སྤྲོ་སེམས་ཀྱིས་ཕྱུག་པ། བརྩེ་སེམས་ངོ་མ་འཆང་བ་བཅས་བྱེད་པ། མང་ཚོགས་ཀྱི་ཁྲོད་དུ་དངོས་འབྲེལ་སྐྱོད་པ། མང་ཚོགས་ཀྱི་བདེ་སྡུག་ཤེས་རྟོགས་བྱེད་པ། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། ཤུགས་རྒྱག་སར་ཤུགས་རྒྱག་པ། རྡོག་རྩ་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་ཉ་ཆུ་ལྟ་བུའི་འབྲེལ་བ་ཟབ་མོ་འཛུགས་པ་དང་རྒྱུན་འཁྱོངས་བྱེད་དགོས།
ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་གཞིས་ཆགས་ཐུབ་པ་དང་ཕྱུག་པོ་ཆགས་ཐུབ་པ་བྱེད་པར། གཞི་རིམ་ཏང་ཡོན་ལས་བྱེད་པས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་ནས་མང་ཚོགས་ཀྱི་འབོད་སྒྲ་དེ་བརྡ་རྟགས་ཨང་དང་པོར་བརྩི་བ་དང་། མང་ཚོགས་ཀྱི་དགོས་མཁོ་དེ་ཚད་གཞི་ཨང་དང་པོར་བརྩི་དགོས། མང་ཚོགས་ཀྱིས་བསམ་བློ་གང་ཞིག་གཏོང་བ་དང་། གང་ཞིག་རེ་སྒུག་བྱེད་པ། གང་ལ་སེམས་ཁྲལ་བྱེད་པ་བཅས་དངོས་འབྲེལ་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་ཏེ། མང་ཚོགས་ཀྱི་ཆེད་དུ་ལྷག་བསམ་རྣམ་དག་ངང་བྱ་བ་དངོས་སྒྲུབ་པ་དང་། སེམས་ནུས་ཡོད་རྒུས་དཀའ་གནད་སེལ་བ། རྒྱུན་འཁྱོངས་ལྷོད་མེད་ངང་བྱ་བ་བཟང་པོ་སྒྲུབ་པ་བཅས་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་མཐོ་རུ་དང་ལས་ཀའི་ཕན་འབྲས་ཆེ་རུ་གཏོང་དགོས།
མདོར་ན། ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་དགོས། ལས་ཀའི་གྲུབ་འབྲས་ཡག་པོ་ཡོད་མེད་དེ་མང་ཚོགས་བློ་ཡིད་ཚིམ་མིན་ལ་ལྟ་དགོས། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་ས་ཚིགས་ཕན་ཚུན་ཁ་གཏད་སྒྲིག་འཛུགས་ངང་མང་ཚོགས་ལས་ཞུགས་ཐུབ་པ་བྱས། གཞིས་རྩེ་གྲོང་ཁྱེར་གྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་མཐོང་ཐོས། ས་དགའ་རྫོང་གིས་ནོར་ལུག་སྐྱེ་བསུ་དང་ཕྱུགས་ཕྲུག་གསོ་ཚགས་ཀྱི་ལས་དོན་ལ་འགན་ལེན་བྱས་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་དོན་གཏིང་ཟབ་ཕྱོགས་སུ་སྤེལ་དགོས།