ཉིན་ཤས་བསྟུད་མར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་སྤྱི་ཅུད་ཀྱིས་ལས་ཞུགས་གཞན་སྒྱུར་གྱི་གོ་སྐབས་བཟང་པོ་སྤྱད་དེ། སྔོན་ལ་ཇུས་གཞི་ཡག་པོ་འདིང་པ་དང་དེ་ནས་རང་འགུལ་ངང་དམག་འཐབ་ཡག་པོ་རྒྱག་པའི་ཐབས་ལམ་ཐོག་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་བསྐྱར་ལས་བསྐྱར་ཐོན་གྱི་བྱ་ཐབས་ཁག་གནད་སྨིན་དོན་འཁྱོལ་བྱེད་པ་དང་། ལས་ཞུགས་ལས་གནས་རྒྱ་ཁྱབ་ངང་འཚོལ་བསྡུ་བྱེད་པ། ས་ཚིགས་ཕན་ཚུན་ཁ་གཏད་ཀྱིས་ཞིང་འབྲོག་མང་ཚོགས་གནད་སྨིན་གཞན་སྒྱུར་གྱི་ལས་ཞུགས་སྒྲིག་འཛུགས་བཅས་བྱས་ནས། མགྱོགས་མྱུར་ངང་ལས་གནས་ལས་ཞུགས་མངོན་འགྱུར་ཐུབ་པ་བྱས་ཡོད།
གནད་སྨིན་ཇུས་འདོན་བྱས་ནས་ལས་མི་བཀོལ་སྤྱོད་ཀྱི་དགོས་མཁོའི་གྲངས་གཞི་མཐིལ་རྟོགས་བྱེད་དགོས། བསམ་གྲུབ་རྩེ་ཆུས་མི་སྤྱི་ཅུད་ཀྱིས་དྲ་ཐོག་ནས་འཚོལ་བསྡུ་དང་ཁ་པར་ཐོག་ནས་འབྲེལ་གཏུག་སོགས་ཀྱི་རྣམ་པ་བརྒྱུད། རང་འགུལ་ངང་ཁོངས་གཏོགས་ཁུལ་གྱི་ཁེ་ལས་དང་། བསམ་གྲུབ་རྩེ་ཆུས་ཀྱི་རྣམ་གྲངས་སྡེ་ཚན། གཞིས་རྩེ་གྲོང་ཁྱེར་ཐད་གཏོགས་རྣམ་གྲངས་གཙོ་གཉེར་སྡེ་ཚན། གཞིས་རྩེ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ། ལྷ་གཞིས་མྱུར་བགྲོད་གཞུང་ལམ་ལས་གྲྭའི་རྣམ་གྲངས་པུའུ། གཞིས་རྩེ་གྲོང་ཁྱེར་ཁུལ་གྱི་ཞབས་ཞུའི་ལས་རིགས་སོགས་ལས་རིགས་སྡེ་ཚན་དང་ཁོངས་གཏོགས་ཁུལ་གྱི་ཁེ་ལས་དང་སྦྲེལ་མཐུད་ཟུང་འབྲེལ་བྱས་ཏེ། ལས་ཞུགས་ལས་གནས ༧༦༥༧ འཚོལ་བསྡུ་བྱས་ཡོད། ལས་གནས་ལས་ཞུགས་བྱ་ཡུལ་དང་། གླ་ཕོགས་ཐོབ་ཆ། ལས་མི་སྤྱོད་པའི་དུས་ཚོད་སོགས་ཀྱི་ཆ་འཕྲིན་འཕྱུགས་མེད་ངང་ཁོང་དུ་ཆུད་པར་བྱས་ནས། ཁུལ་དེའི་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་ལ་གྲངས་གཞིའི་ཆ་འཕྲིན་ཞབས་ཞུ་གནད་སྨིན་མཁོ་འདོན་བྱས་པས། མང་ཚོགས་རྣམས་ཐག་ཉེ་བའི་གནས་དང་སྟབས་བདེ་བའི་སར་ལས་ཞུགས་ཐུབ་པ་བྱུང་ཡོད།
ཞིབ་ཚགས་ཅན་གྱི་ཞབས་ཞུ་བསྒྲུབ་ཏེ་མང་ཚོགས་རྣམས་བདེ་འཇགས་ངང་ལས་ཞུགས་ཐུབ་རྒྱུར་འགན་ལེན་བྱེད་དགོས། བསམ་གྲུབ་རྩེ་ཆུས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དང་། ཐག་ཉེ་བའི་གནས་དང་སྟབས་བདེ་བའི་ས། ཕ་ཡུལ་དང་ཁ་བྲལ་མི་དགོས་པ། བྱེད་ཐུབ་པ་དང་བྱེད་ཤེས་པ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཧུར་ཐག་བྱས་ནས། ཞིང་འབྲོག་མང་ཚོགས་ཚོར་རང་ས་གནས་ཀྱི་འཕེལ་རྒྱས་ཁྲོད་དང་ཐག་ཉེ་སར་ལས་ཞུགས་ཐུབ་ཅིང་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་པ་མ་ཟད། ཆེད་མངགས་རླངས་འཁོར་བཀོད་སྒྲིག་བྱས་ནས་མང་ཚོགས་མགྱོགས་མྱུར་དང་བདེ་འཇགས་ངང་ལས་གནས་ཐོག་བསྐྱལ་ནས། སྡོད་གནས་དང་ལས་གནས་དབར་ལས་མི་ཚོར་བསུ་སྐྱེལ་རླངས་འཁོར་ཐོག་ནས་ཕར་འགྲོ་ཚུར་སྐྱོད་ཐུབ་པ་བྱས་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། མིག་སྔའི་བར་བསམ་གྲུབ་རྩེ་ཆུས་ཀྱིས་ཁྱོན་མང་ཚོགས ༡༧༠༠ ལྷག་ཙམ་སྒྲིག་འཛུགས་བྱས་ནས་ས་ཚིགས་ཕན་ཚུན་ཁ་གཏད་ཀྱིས་ལས་ཞུགས་གཞན་སྒྱུར་བྱས་ཡོད།།
ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་བསམ་གྲུབ་རྩེ་ཆུས་ཀྱིས་སླར་ཡང་སྒྲིག་འཛུགས་ཅན་དང་ཞིབ་ཚགས་ཅན་གྱི་ཞབས་ཞུའི་ནུས་ཚད་ལ་ཤུགས་སྣོན་བརྒྱབ་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། མི་སྣ་དེ་བས་མང་བ་ལས་ཞུགས་གཞན་སྒྱུར་ནང་ཞུགས་རྒྱུའི་སྐུལ་སློང་བྱེད་པ། མང་ཚོགས་ཀྱི་ཡོང་འབབ་གོང་མཐོར་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ལ་རམ་འདེགས་བྱ་རྒྱུ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་དགོས། གཞིས་རྩེ་གྲོང་ཁྱེར་གྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་མཐོང་ཐོས། ས་དགའ་རྫོང་གིས་ནོར་ལུག་སྐྱེ་བསུ་དང་ཕྱུགས་ཕྲུག་གསོ་ཚགས་ཀྱི་ལས་དོན་ལ་འགན་ལེན་བྱས་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་དོན་གཏིང་ཟབ་ཕྱོགས་སུ་སྤེལ་དགོས།