ཉེ་དུས་ལྷ་རྩེ་རྫོང་གཞིས་ཆེན་ཤང་ཞྭ་ལུ་གྲོང་ཚོའི་ནོར་འཕེལ་བ་གསོ་ཞིང་ལས་ཆེད་ལས་མཉམ་ལས་ཁང་གིས་ཁེ་བཟང་བགོ་བཤའ་རྒྱག་པའི་ཚོགས་ཆེན་འཚོགས་པ་རེད།
ཉེ་བའི་ལོ་ཤས་རིང་ལྷ་རྩེ་རྫོང་གཞིས་ཆེན་ཤང་གིས་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་དམིགས་ཚད་ལ་དམ་པོར་གཞིགས་པ་དང་། རང་བྱུང་གི་ལེགས་ཆ་དང་ཐོན་ཁུངས་ཀྱི་རང་སྤུས་ལ་བརྟེན་ནས་སྔོན་ཐོན་གྱི་ཉམས་མྱོང་སློབ་སྦྱོང་བྱས་པ་མ་ཟད། ཐོན་ལས་ཆེན་པོ་དང་། གླིང་ཁུལ་ཆུང་གྲས། དོ་བདག་ཆུང་ངུ་བཅས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་གཞིགས་ཏེ་ཞིང་དུད་སྐུལ་སློང་གིས་བཞོན་མ་དང་མ་རྩ་མ་རྐང་ལ་ཞུགས་པས། སྤྱི་ལོ ༢༠༡༩ ལོའི་ཟླ ༦ པར་ཞྭ་ལུ་གྲོང་ཚོའི་ནོར་འཕེལ་བ་གསོ་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་ལོ་རེའི་ཡོང་འབབ་ཀྱི་བརྒྱ་ཆ ༦༥ རྐང་བདག་ལ་བགོ་བཤའ་རྒྱག་པ་དང་། བརྒྱ་ཆ ༣༥ མཉམ་ལས་ཁང་འཕེལ་རྒྱས་ཀྱི་མ་དངུལ་ལ་གཏོང་གི་ཡོད། མཉམ་ལས་ཁང་གི་འགོ་འཛིན་པ་བློ་གྲོས་ཀྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་གོམ་སྟབས་རྗེས་མར་ང་ཚོས་གསོ་ཚགས་རྟེན་གཞི་རྒྱ་སྐྱེད་དང་ཞིང་ཕྱུགས་ཐོན་ཟོག་ཕྱིར་འཚོང་གི་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་ཕྱོགས་མཚུངས་མཉམ་ལས་ཁང་གཉེར་སྐྱོང་ཚད་ལྡན་དུ་བཏང་ནས། ཡུལ་མི་རྣམས་མཉམ་དུ་ཕྱུག་པོ་ཆགས་པར་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
བོད་ལྗོངས་གཞིས་རྩེའི་གྲོང་གསེབ་ཏུ་དྲ་ཐོག་ཚོང་ཁང་མ་ལག་རིམ་གྱིས་བཙུགས་པ། ཐུན་མོང་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བདེ་སྐྱིད་ཀྱི་ཁ་ཆད། ལྷ་རྩེ་རྫོང་གིས་རྩལ་ནུས་གསོ་སྦྱོང་གི་དགོས་མཁོར་མཐིལ་རྟོགས་བརྟག་དཔྱད་བྱས་པ། གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་དགོས།