གཞི་རིམ་གྱི་ཏང་འཛུགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གཞི་རིམ་གྱི་ཏང་འཛུགས། >ལྡེབ་ངོས་མགོ་མ།

རྣམ་གླིང་རྫོང་གིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སློབ་གསོ་དམ་འཛིན་བྱ་གཞིར་བཟུང་ནས་དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྐུལ་འདེད་བཏང་བ།

སྤེལ་དུས་: 2020ལོ་05ཟླ་15ཚེས་ 15:16 ཡོང་ཁུངས་: གཞིས་རྩེ་གྲོང་ཁྱེར་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཉེ་བའི་ལོར། རྣམ་གླིང་རྫོང་གིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད་དབུལ་སྐྱོར་ཐད་སྔོན་ལ་བློ་སྐྱོར་དང་དབུལ་སེལ་ཐད་སྔོན་ལ་རྨོངས་སེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། སྲིད་ཇུས་ཀྱི་རྣམ་པ་དང་བྱེད་པོའི་འདུ་ཤེས། ངལ་རྩོལ་གྱི་འདུ་ཤེས། དེ་བཞིན་དྲང་ལྡོག་གི་དཔེ་མཚོན་དང་སྐུལ་ལྕག་སློབ་གསོ་བཅས་གཏིང་ཟབ་སྤེལ་ཡོད། མང་ཚོགས་ཀྱི་བསམ་བློའི་དབུལ་ཕོངས་སེལ་རྒྱུར་ཤུགས་སྣོན་བརྒྱག་པ་དང་། རྒྱ་ཆེའི་མང་ཚོགས་ཚོར་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སྒྲོག་འགྲེལ་སློབ་གསོ་གཏིང་ཟབ་སྤེལ་བ། ལག་ལེན་བྱེད་སྒོའི་ཁྲོད་ཧེ་བག་འཚོལ་བ། རང་ཉིད་དབུལ་སྒྲོལ་འགག་སྒྲོལ་བྱུང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་མཁན་དང་ཕན་པ་ཐོབ་མཁན་ཡིན་པ་གསལ་ཤེས་ཐུབ་པ། ངེས་པར་དུ་སྒུག་རྟེན་མི་བྱེད་པར་དཀའ་སྤྱད་འབད་བརྩོན་བྱེད་པ་བཅས་བྱས་ཚེ་ད་གཟོད་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་ཞིག་སྐྱེལ་ཐུབ།

སྒྲོལ་མ་བུ་ཁྲིད་ནི་རྣམ་གླིང་རྫོང་རྒྱ་མཚོ་གཞུང་ཤང་འགོ་ལེགས་གྲོང་ཚོའི་གནས་སྤོས་དུད་ཁྱིམ་ཞིག་རེད། ལོ་ཤས་རིང་། ཏང་གི་བཀའ་དྲིན་འོག སྒྲོལ་མ་བུ་ཁྲིད་ཀྱི་ཁྱིམ་ཚང་སྡོད་ཁང་གསར་སྤོས་ཐུབ་པ་མ་ཟད་ཟ་ཁང་ཡང་བཙུགས་ཐུབ་པ་བྱུང་ཡོད། ད་ཆ་རྣམ་གླིང་རྫོང་འཕྲང་སྒོ་གྲོང་ཚོའི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་སུ་གློག་དང་ཁྱིམ་ཆས་སྣེ་ཁ་འཛོམས་ཤིང་འཚོ་བ་ཕུན་སུམ་ཚོགས་པོ་ཡོད། སྒྲོལ་མ་བུ་ཁྲིད་ཀྱིས་གནས་སྤོས་བྱས་རྗེས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་བརྒྱུད། ཏང་གི་བཀའ་དྲིན་ལ་མྱོང་ཚོར་གཏིང་ཟབ་བྱུང་ཞེས་བཤད་ཡོད།

       སྒྲོལ་མ་བུ་ཁྲིད།

       རྣམ་གླིང་རྫོང་རྣམ་གླིང་གྲོང་རྡལ་འཕྲང་སྒོ་གྲོང་ཚོའི་གནས་སྤོས་མང་ཚོགས།

འཕྲང་སྒོ་གྲོང་ཚོར་གང་ས་ཅི་ཐད་ནས་ཆ་རྐྱེན་བཟང་པོ་ཡོད། ཟ་སྡོད་ལ་སེམས་ཁྲལ་དགོས་ཀྱི་མི་འདུག དེ་དག་ཐམས་ཅད་ཏང་དང་སྲིད་གཞུང་གི་རོགས་རམ་ཡིན་པས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཆ་རང་ཉིད་ཀྱི་འཚོ་བ་ཧ་ཅང་སྐྱིད་པོ་འདུག མ་འོངས་པར་རང་ཉིད་ཀྱིས་ལག་གཉིས་ལ་བརྟེན་ནས་མུ་མཐུད་བདེ་སྐྱིད་འཚོ་བའི་དཔལ་ལ་རོལ་ཐུབ་རྒྱུ་ང་རང་ལ་ཡིད་ཆེས་ཡོད།

རྣམ་གླིང་རྫོང་རི་སྔོན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་སྲི་ཆོས་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་རེད་ལ་རང་སྐྱོང་ལྗོངས་རིམ་པའི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སྒྲོག་འགྲེལ་པ་ཞིག་ཀྱང་རེད། བགྲང་བྱ ༣ ལྷག་ཙམ་རིང་ཉི་མ་སྲི་ཆོས་ཀྱིས་སྔ་རྗེས་སུ་རྫོང་ཆུས ༡༨ ལ་གཅིག་སྡུད་དང་དུད་ཁྱིམ་དུ་བསྐྱོད་པའི་བྱ་ཐབས་བརྒྱུད་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་འབྲེལ་ཡོད་ནང་དོན་སྒྲོག་འགྲེལ་བྱས་པ་རེད་ལ། ཁོང་གི་སྒྲོག་འགྲེལ་ལ་མང་ཚོགས་ནས་གདེང་འཇོག་ཀྱང་ཡག་པོ་ཐོབ་ཡོད།

       ཉི་མ་སྲི་ཆོས།

       རྣམ་གླིང་རྫོང་རི་སྔོན་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི།

སྒྲོག་འབྲེལ་བྱས་པའི་བརྒྱུད་རིམ་ཁྲོད། མང་ཚོགས་ཀྱི་དོན་དངོས་དང་ཁྱིམ་ཚང་གི་འཕྲོད་བསྟེན། གྲོང་ཚོའི་རྣམ་པ། བསམ་བློ་ཀུན་སྤྱོད་སོགས་ཀྱི་ཐད་ཟུང་འབྲེལ་བྱས་ཏེ་གཏམ་བཤད་སྤེལ་བ་ཡིན། དེས་མང་ཚོགས་ཀྱི་ཕྱོགས་གང་ཅིའི་ཐད་འགྱུར་ལྡོག་ཆེན་པོ་ཐེབས་པ་མ་ཟད། ཤང་དང་གྲོང་ཚོས་རང་འགུལ་ངང་སྒྲོག་འགྲེལ་བྱེད་པར་གདན་འདྲེན་ཡང་ཞུས་བྱུང་། སྣང་ཆེན་བཞི་དང་དགའ་ཞེན་བཞིའི་དགོངས་དོན་སྒྲོག་འགྲེལ་བྱས་པར་གྲུབ་འབྲས་མངོན་གསར་དོད་པོ་འདི་འདྲ་ཞིག་ཐོན་པས་རང་ཉིད་ལ་གཟི་བརྗིད་ཀྱི་བསམ་པ་ཞིག་སླེབས་བྱུང་ལ་འབྱུང་འགྱུར་མུ་མཐུད་མདུན་སྐྱོད་བྱེད་པའི་སྒུལ་ཤུགས་ཤིག་ཀྱང་སླེབས་བྱུང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་དོན། དབུལ་སྒྲོལ་ཕྱུག་འགྱུར་ནི་མཐར་ཐུག་དབུལ་ཕོངས་མང་ཚོགས་ཚོས་རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས་ཞེས་བསྟན་གནང་ཡོད། རྣམ་གླིང་རྫོང་གིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད། དུད་ཁྱིམ་དུ་བསྐྱོད་ནས་སྒྲོག་འགྲེལ་བྱེད་པ་དང་། སྐད་འཕྲིན་ཐོག་ནས་སྒྲོག་འགྲེལ་བྱེད་པ། སྒྲ་དུང་ཐོག་ནས་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ། ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་ཡོད། བཟའ་བཏུང་དང་། ཁ་ལོ་བ། ཉམས་གསོ། ཨར་ལས་སོགས་དངོས་སྤྱོད་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་སྟེ། ཞིང་འབྲོག་མང་ཚོགས་ཀྱི་ངལ་རྩོལ་རྩལ་ནུས་དང་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ཡོད། སྲིད་ཇུས་དང་། ཚན་རྩལ། རིག་གནས། ཆ་འཕྲིན་སོགས་ཀྱི་ཞབས་ཞུའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ཏེ། མང་ཚོགས་ལ་ཇུས་འདོན་པ་དང་། བསམ་ཕྱོགས་འཚོལ་བ། ཁ་གཏད་འཇལ་ཐབས་འཚོལ་བ་བཅས་རོགས་རམ་བྱས་ནས་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་ཡོད། བྱ་ཐབས་དེ་དག་མང་ཚོགས་ལ་དཀའ་སྤྱད་འབད་བརྩོན་གྱི་བསམ་པའི་སྒུལ་ཤུགས་ཆེ་རུ་ཏན་ཏིག་གཏོང་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་པ་ཞིག་ཡིན་པས། ནང་གནས་ཀྱི་སྒུལ་ཤུགས་འདོན་སྤེལ་ཡག་པོ་ཐུབ་ཡོད། ད་ཆ་རྣམ་གླིང་རྫོང་གི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ལམ་དུ་སྐྱོད་པ་དང་འབྲེལ་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ནང་དོན་ལག་བསྟར་བྱེད་བཞིན་ཡོད།

       སྐལ་བསྟན།

       རྣམ་གླིང་རྗོང་མདོ་བརྗོད་ཤང་གཙང་གཞུང་གྲོང་ཚོའི་གྲོང་མི།

མདོ་བརྗོད་ཤང་གཙང་གཞུང་གྲོང་ཚོར་ཆུ་དང་གློག ལམ་སོགས་གང་ཅིའི་ཐད་ནས་ཆ་རྐྱེན་ཡག་པོ་ཡོད། རང་ཉིད་ཀྱིས་གནས་འདིར་ཇ་ཁང་ཞིག་བཙུགས་ཡོད་པས་ཚོང་ཡང་ཡག་པོ་འདུག དེ་སྔོན་རྫོང་གྲོང་དུ་ཇ་ཁང་བཙུགས་སྐབས་ཁང་གླ་སྤྲོད་དགོས་པའི་དཀལ་ངལ་གང་ལ་གང་མཚམས་ཤིག་འཕྲད་མྱོང་། ད་ཆ་འདིར་གནས་སྤོས་བྱས་རྗེས་ཁང་གླ་སྤྲོད་དགོས་ཀྱི་མི་འདུག་ལ་ཆ་རྐྱེན་ཡང་གང་ཅིའི་ཐད་ནས་སྔོན་མ་ལས་ཧ་ཅང་ཡག་པ་འདུག

       སྙན་གྲགས་ཕུན་ཚོགས།

       རྣམ་གླིང་རྫོང་རྣམ་གླིང་གྲོང་རྡལ་འཕྲང་སྒོ་གྲོང་ཚོའི་སྒྲོག་འགྲེལ་པ།

འཕྲང་སྒོ་གྲོང་ཚོར་གནས་སྤོས་བྱས་རྗེས། རང་ཉིད་ཀྱི་འབད་བརྩོན་བརྒྱུད་འཚོ་བ་ལ་འགྱུར་ལྡོག་ཆེན་པོ་ཐེབས་སོང་། བཟའ་སྡོད་སྐྱོད་གསུམ་སོགས་ལ་སེམས་འཕྲལ་གང་ཡང་དགོས་ཀྱི་མི་འདུག རང་ཉིད་ཀྱིས་བསམ་པ་ལ་མང་ཚོགས་ལ་བསམ་བློའི་ལས་དོན་སྤེལ་བ་ཐབས་ཤེས་ཡག་ཤོས་ནི་སྙིང་གཏམ་དང་གླེང་མོལ། སྤེལ་རེས། ཁ་ཏ་སློབ་གསོ། མང་ཚོགས་ཀྱི་ཁེ་ཕན་དང་མཐུན་པའི་དཔེ་མཚོན་སོགས་ཀྱི་ཐད་ནས་དྲིལ་བསྒྲགས་བྱེད་རྒྱུ་དེ་རེད་སྙམ་གྱི་འདུག།

ཡིག་བསྒྱུར་བློ་གྲོས།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

འབྲོག་པ་བཀྲ་ཤིས་ཀྱི་དབུལ་སྒྲོལ་གཏམ་རྒྱུད། བོད་ལྗོངས་གཞིས་རྩེར་ཞིང་པས་དཔྱིད་རྨོད་ལས་ལ་བྲེལ་བ། སྟོད་གཞས་ཤང་གི་དབུལ་སྒྲོལ་ལམ་བུ། ཞྭ་ལུ་གྲོང་ཚོའི་ཆེད་ལས་མཉམ་ལས་ཁང་གིས་ཞིང་པར་ཁེ་བཟང་བགོ་བཤའ་བརྒྱབ་པ།