གཞི་རིམ་གྱི་ཏང་འཛུགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གཞི་རིམ་གྱི་ཏང་འཛུགས། >ལྡེབ་ངོས་མགོ་མ།

བོད་ལྗོངས་གཞིས་རྩེར་ཞིང་པས་དཔྱིད་རྨོད་ལས་ལ་བྲེལ་བ།

སྤེལ་དུས་: 2020ལོ་05ཟླ་11ཚེས་ 11:22 ཡོང་ཁུངས་: ཤིན་ཧྭ་དྲ་བ།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དུ་ཞིང་པས་ཞིང་ལས་ལ་བྲེལ་བཞིན་པ།

བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ནི་ཡར་ཀླུང་གཙང་པོ་དང་དེའི་ཆུ་ལག་གཙོ་བོ་ཡིན་པའི་མྱང་ཆུ་གཙང་པོའི་འདྲེས་མཚམས་ཀྱི་ལུང་གཞུང་དུ་གནས་ཡོད། དེ་གར་ཉི་འོད་ཕོག་ཚད་མང་བ་དང་ཞིང་ལས་དར་རྒྱས་ཆེ་བས་བོད་ཀྱི་འབྲུ་མཛོད་ཅེས་འབོད་ཀྱི་ཡོད། ཉེ་ཆར་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དང་རྒྱལ་རྩེ་རྫོང་སོགས་སུ་རྒྱ་ཆེའི་ཞིང་པས་དུས་ཚོད་དམ་འཛིན་བྱས་ནས་དཔྱིད་རྨོད་ལས་ལ་བྲེལ་བའི་རྣམ་པ་ཞིག་རབ་ཏུ་མངོན།།

གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་དམ་འབྱོར་གྲོང་ཚོའི་རང་ལོ ༣༥ ལ་སོན་པའི་གྲོང་མི་ཚེ་དབང་གིས་འདྲུད་འཐེན་འཁོར་ལོ་བཏང་ནས་ཞིང་ཁ་འདེབས་བཞིན་ཡོད། ཁོང་གི་ཁྱིམ་གྱིས་ཞིང་ཁ་མུའུ ༦༠ ལྷག་ཙམ་བཏབ་པར་ན་ནིང་ནས་རྒྱ་མ་ཁྲི ༢ ལྷག་ཙམ་བསྡུ་ཐུབ་པ་དང་ལོའི་ཡོང་འབབ་སྒོར་ཁྲི ༥ ལྷག་ཙམ་བྱུང་ཡོད།

གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་དམ་འབྱོར་གྲོང་ཚོའི་གྲོང་མི་ཟླ་བ་ཚེ་རིང་གིས་ཞིང་ཁར་རྨོད་རྒྱག་བཞིན་ཡོད། ཟླ་བ་ཚེ་རིང་ནི་གྲོང་ཚོའི་ཏང་ཡོན་ཡིན་པ་དང་ཁོང་གི་ཁྱིམ་ནས་ས་ཞིང་མུའུ ༦༠ ལྷག་ཙམ་བཏབ་པར་ན་ནིང་ནས་རྒྱ་མ་ཁྲི ༢ ལྷག་ཙམ་བསྡུ་ཐུབ་པ་དང་ལོའི་ཡོང་འབབ་སྒོར་ཁྲི ༥ ལྷག་ཙམ་བྱུང་ཡོད།

གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་རྩེ་ཆེན་ཤང་གི་རང་ལོ ༣༢ ལ་སླེབས་པའི་ཞིང་པ་བསྟན་འཛིན་གྱིས་འདྲུད་འཐེན་འཁོར་ལོ་བཏང་ནས་ཞིང་ཁ་འདེབས་པ། བསྟན་འཛིན་གྱིས་ན་ནིང་སྒོར་ཁྲི ༤ ལྷག་ཙམ་བཏང་ནས་ཤར་ཕྱོགས་དམར་པོ ༣༠༠ རྟགས་ཅན་གྱི་འདྲུད་འཐེན་འཕྲུལ་འཁོར་ཞིག་ཉོས་ཡོད། ཁོང་གིས་འདི་ལོ་རང་ཁྱིམ་གྱི་ཞིང་ཁ་མུའུ ༢༠ ལྷག་ཙམ་འདེབས་བར་གཟའ་འཁོར་གཉིས་ལས་འགོར་གྱི་མ་རེད་ཅེས་བརྗོད་ཡོད།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

སྟོད་གཞས་ཤང་གི་དབུལ་སྒྲོལ་ལམ་བུ། ཞྭ་ལུ་གྲོང་ཚོའི་ཆེད་ལས་མཉམ་ལས་ཁང་གིས་ཞིང་པར་ཁེ་བཟང་བགོ་བཤའ་བརྒྱབ་པ། རང་ལྗོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་དབུལ་གྲོལ་ལས་དོན་ལ་ཕན་འབྲས་བཟང་པོ་ཐོབ། བོད་ལྗོངས་གཞིས་རྩེའི་གྲོང་གསེབ་ཏུ་དྲ་ཐོག་ཚོང་ཁང་མ་ལག་རིམ་གྱིས་བཙུགས་པ།