གཞི་རིམ་གྱི་ཏང་འཛུགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གཞི་རིམ་གྱི་ཏང་འཛུགས། >ལྡེབ་ངོས་མགོ་མ།

རང་ས་རང་ཡུལ་ནས་ལས་ཞུགས་བརྟན་པོ་ཐུབ་པ།

སྤེལ་དུས་: 2020ལོ་05ཟླ་18ཚེས་ 11:11 ཡོང་ཁུངས་: ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཉེ་བའི་ལོ་ཤས་རིང་། པ་སྣམ་རྫོང་གིས་ཁྱད་ལྡན་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ལྷད་མེད་སྔོ་ཚལ་ཐོན་ལས་དང་ཞིང་འབྲོག་མང་ཚོགས། ལྷག་པར་དུ་མང་ཚོགས་དབུལ་པོའི་ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་བཙུགས་ཏེ། མང་ཚོགས་དབུལ་པོ་རྣམས་རང་ས་རང་ཡུལ་ནས་ཁ་མི་བྲལ་བར་འབབ་འཕར་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཕྱུག་འགྱུར་བརྟན་པོ་བཅས་ཡོང་བ་བྱས་ཡོད། མིག་སྔའི་བར་དུ། རྫོང་ཡོངས་ཀྱི་ཞིང་དུད ༧༠༠༠ ལྷག་ཙམ་ཁྲོད་ཀྱི་ཞིང་དུད ༣༠༠༠ ༼དེ་དག་ཁྲོད་དུད་ཚང་དབུལ་པོ ༢༤༡ ཡི་དུད་མི ༡༠༢༩ ཡོད་པ༽ལྷག་ཙམ་གྱིས་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྲོད་ཞུགས་ཡོད་པས། དུད་ཚང་རེར་ལོ་རེར་ཆ་སྙོམ་འབབ་འཕར་སྒོར་ཁྲི ༣ ཡན་བྱུང་ཡོད།

པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་ནོར་ཁྱུང་གྲོང་ཚོའི་གྲོང་མི་ཕན་ཐོགས་ཀྱིས་པ་སྣམ་རྫོང་གྲོང་ཇོ་མོ་གླང་མ་དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་ལྡུམ་རར་རྩྭ་ལྡུམ་རྩི་ཤིང་ལ་གཅེས་གཡོག་བྱེད་བཞིན་པ།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

རྣམ་གླིང་རྫོང་གིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སློབ་གསོ་དམ་འཛིན་བྱ་གཞིར་བཟུང་ནས་དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྐུལ་འདེད་བཏང་བ། འབྲོག་པ་བཀྲ་ཤིས་ཀྱི་དབུལ་སྒྲོལ་གཏམ་རྒྱུད། བོད་ལྗོངས་གཞིས་རྩེར་ཞིང་པས་དཔྱིད་རྨོད་ལས་ལ་བྲེལ་བ། སྟོད་གཞས་ཤང་གི་དབུལ་སྒྲོལ་ལམ་བུ།