གཞི་རིམ་གྱི་ཏང་འཛུགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གཞི་རིམ་གྱི་ཏང་འཛུགས། >ལྡེབ་ངོས་མགོ་མ།

རྡོ་རྗེ་དང་ཁོང་གིས་གཉེར་བའི་ཇོ་མོ་གླང་མའི་གཡག་མགོ་འགྲུལ་ཁང་།

སྤེལ་དུས་: 2020ལོ་06ཟླ་03ཚེས་ 17:17 ཡོང་ཁུངས་: ཤིན་ཧྭ་དྲ་བ།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་པ་གསུམ་གྲོང་ཚོའི་རང་ལོ ༧༠ ལ་སླེབས་པའི་ཞིང་པ་རྒད་པོ་རྡོ་རྗེ་ནི་འཇོན་ཐང་ཅན་ཞིག་རེད་ལ། མི་ལོ ༣༥ ཡི་གོང་ཁོང་གིས་རི་འཛེག་ལ་དགའ་བའི་དབྱིན་ཇི་བ་ཞིག་དང་མཉམ་དུ་ཇོ་མོ་གླང་མའི་སྒར་ས་ཆེ་མོར་བསྐྱོད་དེ་རྡོག་ཁྲེས་འཁུར་མཁན་དང་སྣེ་ཤན་པ་གཅིག་ལྕོགས་བྱས་ཏེ། དངོས་ཟོག་སྒལ་པར་ཁུར་ནས་ཇོ་མོ་གླང་མའི་ས་བབ་མཐོ་ཚད་སྨི ༦༨༠༠ ཟིན་པའི་སར་སྐྱེལ་བ་རེད།

རྡོ་རྗེས་དེ་དུས་བཀྲ་ཤིས་འཛོམས་ཡོངས་ལ་འགྲུལ་ཁང་གཅིག་ཀྱང་མེད་སྟབས། ཁོང་ཚོ་རང་ཁྱིམ་ལ་ཁྲིད་དེ་ཉལ་ཁྲིར་ཉལ་དུ་བཅུག་པ་དང་། ང་ཚོ་ས་མཐིལ་ལ་གདན་བཏིངས་ནས་ཉལ་བ་ཡིན་ཞེས་བཤད།

(图文互动)(1)老农多吉和他的珠峰“牛头旅馆”

གཡག་མགོ་འགྲུལ་ཁང་གི་སྦྱིན་བདག་རྡོ་རྗེ།

དིང་རི་རྫོང་ནས་ཇོ་མོ་གླང་མའི་སྒར་ས་ཆེ་མོའི་བར་ལམ་ཐག་སྤྱི་ལེ ༡༠༠ ལྷག་ཡོད། པ་གསུམ་གྲོང་ཚོ་ནི་ཇོ་མོ་གླང་མའི་སྒར་ས་ཆེ་མོ་དང་ཐག་ཉེ་ཤོས་ཀྱི་གྲོང་སྡེའི་གྲས་ཤིག་ཡིན་པ་དང་། ཇོ་མོ་གླང་མར་སྐྱོད་སྐབས་ངེས་པར་བརྒྱུད་དགོས་ངེས་ཀྱི་ལམ་ཞིག་ཡིན་ལ། རི་འཛེག་ལ་དགའ་མཁན་དང་ཡུལ་སྐོར་བའི་ཚ་ཕོག་རྒྱག་ཡུལ་དང་ཇོ་མོ་གླང་མར་རྒྱང་ལྟ་བྱ་ཡུལ་ཡག་ཤོས་ཤིག་ཀྱང་ཡིན། པ་གསུམ་གྲོང་ཚོར་དུད་ཚང་ ༥༤ དང་ཡུལ་མི ༢༩༩ ཡོད།

(图文互动)(2)老农多吉和他的珠峰“牛头旅馆”

གཡག་མགོ་འགྲུལ་ཁང་གི་སྦྱིན་བདག་རྡོ་རྗེ༼དཀྱིལ༽དང་གྲོགས་པོས་འགྲུལ་ཁང་དུ་ཁ་བརྡ་བྱེད་བཞིན་པ།

རི་འཛེག་ལ་དགའ་བའི་དབྱིན་ཇི་བ་དེར་སྣེ་ལེན་བྱས་པ་ནས་བཟུང་། རྡོ་རྗེས་རང་ཁྱིམ་གྱི་ཚོམས་ཆེན་འགྲུལ་ཁང་དུ་བྱས་ནས་ཁྱིམ་ཚང་འགྲུལ་ཁང་དང་པོ་དེ་གཉེར་བ་རེད། རྡོ་རྗེས་དེ་དུས་ཇོ་མོ་གླང་མར་ཡུལ་སྐོར་ཡོང་མཁན་ཕལ་མོ་ཆེ་ནི་ཕྱི་རྒྱལ་ནས་ཡིན་པ་དང་། ཁོང་ཚོས་ངེད་ཚང་གི་ཚགས་ཤར་ཧ་ཅང་དགའ་པོ་བྱེད་ཀྱི་འདུག དེར་བརྟེན་བོད་ཁྱིམ་གྱི་ཁྱད་ཆོས་མངོན་ཆེད། འགྲུལ་ཁང་གི་མིང་ལ་གཡག་མགོ་ཞེས་བཏགས་པ་ཡིན་ཞེས་བཤད།

རྡོ་རྗེས་དྲན་གསོ་བྱེད་བཞིན་དུ། རྐང་ཐང་མར་མྱུལ་དཔྱད་དང་རི་འཛེག་དགའ་མཁན་ཟམ་མི་ཆད་པར་མང་དུ་སོང་བ་དང་སྦྲགས། ཁང་མིག་ཐོལ་པ་དེ་དག་ཀྱང་འགྲུལ་པ་སྡོད་སར་བཟོས་པ་ཡིན་ཞེས་བཤད། ཡང་ཁོང་གིས་གཡག་མགོ་འགྲུལ་ཁང་སྒྱུར་བཀོད་ཐེངས་གཉིས་པ་བྱས་པ་དང་བསྟུན་ནས་ཁྱིམ་མི་དང་འགྲུལ་པ་མཉམ་ཟ་མཉམ་སྡོད་ཀྱི་རྣམ་པར་འགྱུར་ལྡོག་བྱུང་ཞིང་། རང་རང་སོ་སོའི་སྡོད་ཡུལ་ཡང་བཟོས་པ་ཡིན་ཞེས་བཤད།

(图文互动)(3)老农多吉和他的珠峰“牛头旅馆”

གཡག་མགོ་འགྲུལ་ཁང་གི་སྦྱིན་བདག་རྡོ་རྗེས་འགྲུལ་ཁང་དུ་ཡུལ་སྐོར་བར་སྒྲ་སྙན་དཀྲོལ་བཞིན་པ།

རྡོ་རྗེས་གཡག་མགོ་འགྲུལ་ཁང་དེ་བཀྲ་ཤིས་འཛོམས་ཡོངས་ཀྱི་གློག་ཡོད་པའི་འགྲུལ་ཁང་ཐོག་མར་གྱུར་ཞེས་བཤད། ཇོ་མོ་གླང་མར་ཡུལ་སྐོར་བྱེད་པར་ཡོང་མཁན་ཇེ་མང་དུ་སོང་བ་དང་ཆབས་ཅིག རྡོ་རྗེས་ཚོང་གཉེར་གྱི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ཐོག་མའི་རྨང་གཞིའི་ཐོག་སྒྱུར་བཀོད་དང་མཛེས་བཟོ་བྱས་ནས་ཉལ་ཁྲི ༢༠ ཙམ་ཐོལ་པ་བརྒྱབ་ལ་ད་དུང་ཐབ་ཚང་ཁང་མིག ༡ ཀྱང་ཆེད་མངགས་བརྒྱབ་པ་དང་། གློག་འདོན་འཕྲུལ་འཁོར་སྤྱད་ནས་གློག་མེད་པའི་དཀའ་ངལ་བསལ་ཡོད།

རྡོ་རྗེའི་ཚོང་གཉེར་གྱི་ལམ་བུ་ལམ་ལྷོངས་བྱུང་བ་ལས་ཡུལ་མི་ཚོར་ཡང་སྣེ་ཁྲིད་ཐུབ་ལ། པ་གསུམ་གྲོང་ཚོར་ཁྱིམ་ཚང་མགྲོན་ཁང་གཅིག་མཇུག་གཉིས་མཐུད་ངང་བརྒྱབ་ཡོད།

ལོ ༥ ཡི་གོང་། རྡོ་རྗེས་འགྲུལ་ཁང་ལ་སྒྱུར་བཀོད་ཐེངས་བཞི་པ་བྱས་པ་དང་། དེ་དུས་གཡག་མགོ་འགྲུལ་ཁང་གི་རྒྱ་ཁྱོན་ཆེ་རུ་བཏང་བ་དང་ཉལ་ཁྲི ༤༠ ཙམ་མང་དུ་བཏང་བ་མ་ཟད། གཤེར་ཤེལ་བརྙན་འཕྲིན་དང་ཆུ་ཚ་བཟོའི་ཡོ་ཆས་བསྒར་ལ་ས་གནས་དེ་གའི་འཕྲིན་གཏོང་སྡེ་ཚན་གྱི་རོགས་རམ་ལ་བརྟེན་ནས། སྐུད་མེད་དྲ་བ་ཡང་ཤར་གཏོང་ཐུབ་ཡོད།

(图文互动)(4)老农多吉和他的珠峰“牛头旅馆”

གཡག་མགོ་འགྲུལ་ཁང་གི་སྦྱིན་བདག་རྡོ་རྗེས་གསར་དུ་བརྒྱབ་པའི་འགྲུལ་ཁང་གི་མདུན་དུ་ལས་ཀར་ལྟ་སྐུལ་བྱེད་བཞིན་པ།

ཐག་རིང་ལུང་ཁག་ཏུ་གནས་པའི་པ་གསུམ་གྲོང་ཚོར་ད་ཆ་ཁྱིམ་ཚང་མགྲོན་ཁང་ ༡༤ ཡོད་ལ། ཡུལ་སྐོར་དང་མྱུལ་དཔྱད་ལ་ཞབས་འདེགས་ཞུ་བ་མི་རྣམས་ཀྱིས་ཡོང་འབབ་གསོག་པའི་ཡོང་ཁུངས་གཙོ་བོ་ཞིག་ཏུ་གྱུར་ཡོད།

ད་ཆ་གཡག་མགོ་འགྲུལ་ཁང་གི་སྒྲོག་ཙེའི་སྟེང་གཏོང་སྤྲོད་འབོ་དང་སྐད་འཕྲིན་གྱི་གཏོང་སྤྲོད་རྩ་གཉིས་ཨང་རྟགས་སྦྱར་ཡོད་པ་མ་ཟད། སྒོ་ཁར་ཞིང་གསུམ་དངུལ་རྩའི་ཞབས་ཞུའི་ས་ཚིགས་ཞེས་པའི་བྱང་བུ་ཡང་བཙུགས་ཡོད། འདིར་ཡུལ་སྐོར་དང་ཞག་སྡོད་བྱེད་དགོས་ཚེ། ལག་ཐོགས་ཁ་པར་རམ་དངུལ་འཛིན་བྱང་བུ་སྤྱད་ཆོག ཞབས་ཞུ་དེ་འདྲའི་སྟབས་བདེ་བ་བློ་ཡུལ་ལས་འདས་སོང་ཞེས་ཧྲང་ཧའེ་ཡི་རི་འཛེག་ལ་དགའ་མཁན་ཝུའུ་ཆེ་གེ་མོས་བཤད།

ལོ་ལྟར་གྱི་ཟླ་ལྔ་པ་ནས་བཅུ་པའི་བར་ནི་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་དུ་ཡོང་མཁན་ཡུལ་སྐོར་བ་མང་ཤོས་ཀྱི་དུས་ཡིན་ཞིང་། རྡོ་རྗེའི་གཡག་མགོ་འགྲུལ་ཁང་གིས་ཟླ་བ་གཅིག་ནང་ཡུལ་སྐོར་བ་སུམ་བརྒྱ་བཞི་བརྒྱ་ཙམ་ལ་སྣེ་ལེན་ཐུབ་ལ་ལོའི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི ༦༠ ལས་བརྒལ་གྱི་ཡོད།

(图文互动)(5)老农多吉和他的珠峰“牛头旅馆”

གཡག་མགོ་འགྲུལ་ཁང་གི་སྦྱིན་བདག་རྡོ་རྗེའི་བཟའ་ཟླས་འགྲུལ་ཁང་གི་མལ་གདན་བསྡུ་གསོག་རྒྱག་བཞིན་པ།

ཡུལ་སྐོར་འགྲུལ་ཁང་གི་ཡོང་འབབ་ལ་བརྟེན་ནས་རྡོ་རྗེས་ཕྲུ་གུ་གསུམ་གསོས་ནས་འཚར་ལོངས་བྱུང་བ་མ་ཟད། ཁྱིམ་ཚང་གི་འཚོ་བ་འབྱོར་འབྲིང་དུ་སླེབས་ཡོད།

གཡག་མགོ་འགྲུལ་ཁང་རྙིང་པ་ནས་སྨི ༡༠༠ ལྷག་ཙམ་གྱི་སར་ད་དུང་སུམ་བརྩེགས་ཅན་གྱི་ཁང་གསར་ཞིག་ཡོད་པ་དེར་ཐོག་འགེབ་བཞིན་ཡོད་ལ། དེ་ནི་རྡོ་རྗེས་མ་དངུལ་སྒོར་ཁྲི ༥༠༠ བཏང་ནས་བརྒྱབ་པའི་གཡག་མགོ་འགྲུལ་ཁང་གསར་པ་རེད། འགྲུལ་ཁང་གསར་པར་སྔར་བཞིན་བོད་བཟོའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ལྡན་ན་ཡང་། ཁང་པའི་སྒྲོམ་གཞིར་ཨར་འདམ་ལྕགས་རྩིབས་མ་བཏང་བ་དང་། འགྲུལ་ཁང་ཚང་མར་ཉལ་ཁྲི་གཉིས་རེ་བསྒྲིགས་ཡོད་པ་མ་ཟད། ཁྲུས་ཁང་ཡང་ལོགས་སུ་བཟོས་ཡོད།

དེ་ནི་རྡོ་རྗེས་གཡག་མགོ་འགྲུལ་ཁང་ལ་སྒྱུར་བཀོད་བྱེད་ཐེངས་ཐེངས་ལྔ་པ་དེ་རེད། ད་ལོར་རང་ལོ ༢༧ ལ་སོན་པའི་རྡོ་རྗེའི་བུ་ཚེ་རིང་སྐལ་ལྡན་གྱིས་ཁྱིམ་གྱི་འགན་གཙོ་བོ་འཁུར་བཞིན་ཡོད་ལ་ས་གནས་དེ་གའི་ཕྱུག་འགྱུར་སྣེ་འཁྲིད་པ་སྐད་གྲགས་ཅན་ཞིག་ཏུ་ཡང་གྱུར་ཡོད།

(图文互动)(6)老农多吉和他的珠峰“牛头旅馆”

གཡག་མགོ་འགྲུལ་ཁང་གི་སྦྱིན་བདག་རྡོ་རྗེས་གསར་དུ་བརྒྱབ་པའི་འགྲུལ་ཁང་གི་མདུན་དུ་ལས་ཀར་ལྟ་སྐུལ་བྱེད་བཞིན་པ།

ཟང་ཟིང་དང་འདུ་འཛི་ལས་རིང་དུ་བརྒལ་བའི་ཇོ་མོ་གླང་མའི་འདབས་སུ་ཆགས་པའི་པ་གསུམ་གྲོང་ཚོ་ཧྲིལ་པོ་སྤྱི་ལོ ༢༠༡༧ ལོར་དབུལ་སྒྲོལ་ཐུབ་ཡོད། དིང་རི་རྫོང་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་བསྡོམས་རྩིས་ཀྱི་གྲངས་གཞི་ལ་གཞིགས་ན། སྤྱི་ལོ ༢༠༡༩ ལོར་པ་གསུམ་གྲོང་ཚོར་ཡོང་འབབ་ཁྱོན་སྒོར་ཁྲི ༣༩༨ བྱུང་ནས། དབུལ་པོ་གཅིག་ཀྱང་ལུས་མེད་པ་རེད། སྤྱི་ལོ ༢༠༡༨ དང་ ༢༠༡༩ ལོར། བོད་ཀྱི་རི་འཛེག་ཐོན་ལས་ལ་བརྟེན་ནས་རི་ཁུལ་གྱི་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི ༢༡༩༣ བྱུང་བ་དང་། ས་གནས་ལ་དཔྱ་ཁྲལ་སྒོར་ཁྲི ༡༥༦ འཇལ་བ། ས་གནས་ཀྱི་བཟའ་སྡོད་དང་འགྲིམ་འགྲུལ་སོགས་ཀྱི་ལས་རིགས་ལ་སྣེ་ཁྲིད་བྱས་ནས། ཡོང་འབབ་སྒོར་ཁྲི ༧༡༣ གསོག་ཐུབ་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

གྲོང་གསེབ་དར་རྒྱས་གཏོང་རྒྱུ་དེར་རེ་བའི་ཞིང་ས་གཤིན་པོར་ཡོད། མུན་ནག་ལ་འོད་སྣང་བསྐྱལ། མི་སེམས་ལ་དྲོལ་ཁོལ་སྦྱིན། རང་ས་རང་ཡུལ་ནས་ལས་ཞུགས་བརྟན་པོ་ཐུབ་པ། རྣམ་གླིང་རྫོང་གིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སློབ་གསོ་དམ་འཛིན་བྱ་གཞིར་བཟུང་ནས་དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྐུལ་འདེད་བཏང་བ།