གཞི་རིམ་གྱི་ཏང་འཛུགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གཞི་རིམ་གྱི་ཏང་འཛུགས། >ལྡེབ་ངོས་མགོ་མ།

གཞིས་རྩེའི་རྫོང་༼ཆུས༽༡༨ཡོངས་ཀྱི་དབུལ་ཞྭ་ཕུད་ཡོད།

སྤེལ་དུས་: 2020ལོ་11ཟླ་05ཚེས་ 13:01 ཡོང་ཁུངས་: བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཚེས ༣ ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་ནས། གཞིས་རྩེའི་དབུལ་གྲོལ་འགག་སྒྲོལ་གྲུབ་འབྲས་གནས་ཚུལ་གྱི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ། གྲོང་ཁྱེར་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་ཀྲང་ཡུན་སྦའོ་དང་། གཞིས་རྩེ་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ཞི་ཧྥུ་ཕིང་རྣམ་གཉིས་ཀྱིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད། གསར་འགོད་པའི་དྲི་བར་ལན་ཡང་བསྐྱོན་གནང་བ་རེད།

གཞིས་རྩེ་ནི་རང་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་བྱེད་ཡུལ་གྱི་འཐབ་ས་ཆེ་གྲས་ཤིག་ཡིན་པ་དང་། ལོ་ལྔ་ཚན་བཅུ་གསུམ་པའི་དུས་འགོར་གྲོང་ཁྱེར་དེ་ཡོངས་སུ་དབུལ་ཕོངས་ཐོན་ཚད་བརྒྱ་ཆ ༢༥.༢༧ ཟིན་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་ཁྲི ༤.༢༤ དང་མི་འབོར་ཁྲི་ཚོ ༡༦.༩༦ ཟིན་པ་དེས། སྐབས་དེ་དུས་ལྗོངས་ཡོངས་སུ་དབུལ་ཕོངས་མི་འབོར་གྱི་བརྒྱ་ཆ ༢༨.༧༥ བཟུང་ཡོད།

ཉེ་བའི་ལོའི་ནང་། གཞིས་རྩེ་གྲོང་ཁྱེར་གྱིས་དབུལ་སྐྱོར་རྣམ་གྲངས་དང་དབུལ་སྐྱོར་མ་དངུལ་སྔོན་དུ་བཀོད་སྒྲིག་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། ཀྲུང་དབྱང་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཞིང་ལས་དང་འབྲེལ་བའི་མ་དངུལ་སྒོར་དུང་ཕྱུར ༡༨༤.༧༩ གཅིག་གྱུར་འཆར་འགོད་ཐོག་སྒྲིལ་བཅོས་བྱས་ཏེ་དབུལ་སྐྱོར་གནད་འཕིགས་ཐད་བཏང་བ་རེད། དབུལ་སྐྱོར་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུའི་ཐད་སྔ་ཕྱི་བསྡོམས་ཁྱད་ལྡན་ཐོན་ལས་ཀྱི་དབུལ་སྐྱོར་རྣམ་གྲངས ༣༩༤ བསྐྲུན་པས། དབུལ་ཕོངས་མང་ཚོགས་ཁྲི་ཚོ ༡༠.༩ ལ་ཁེ་ཕན་ཐོབ་ཡོད། སྣེ་འདྲེན་ཁེ་ལས ༤༦ སྐྱེད་སྲིང་བྱས་ཏེ་དབུལ་སྐྱོར་འཁོར་ཁང་ ༡༩༦ བསྐྲུན་པ་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས ༦༥༩༡ གོང་འཕེལ་བཏང་ཐོག་མང་ཚོགས་ཁྲི་ཚོ ༤༢ ལྷག་ཙམ་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་ཐུབ་པ་བྱུང་བས། དབུལ་སྐྱོར་ཐོན་ལས་དང་ཞིང་འབྲོག་མང་ཚོགས་ཀྱི་ཁེ་ཕན་འབྲེལ་བ་ཇེ་ཟབ་ཏུ་ཕྱིན་ཡོད།

གཞིས་རྩེ་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ཞི་ཧྥུ་ཕིང་གིས་ངོ་སྤྲོད་གནང་བར་གཞིགས་ན། ལོ་ལྔ་ཚན་བཅུ་གསུམ་པའི་རིང་གཞིས་རྩེ་གྲོང་ཁྱེར་གྱི་གནས་སྤོས་དབུལ་སྐྱོར་དུད་ཚང་ཁྲི ༡.༦༨ དང་མི་འབོར་ཁྲི ༧ ལྷག་ཙམ་ཟིན་ཞིང་། ད་ཆ་ལས་ཀའི་གཙོ་གནད་དེ་གནས་སྤོས་བཀོད་སྒྲིག་ནས་རྗེས་མཐུད་རོགས་སྐྱོར་ཕྱོགས་སུ་འགྱུར་བ་བཏང་ཡོད།

སྤྱི་ལོ ༢༠༡༩ ལོར་གཞིས་རྩེ་གྲོང་ཁྱེར་གྱི་དབུལ་ཕོངས་མང་ཚོགས་ལ་ཆ་སྙོམས་མི་རེའི་བཀོལ་སྤྱོད་ཡོང་འབབ་སྒོར ༨༣༨༠ ཟིན་པ་དེ། སྤྱི་ལོ ༢༠༡༥ ལོ་དང་བསྡུར་ན་བརྒྱ་ཆ ༣༧.༢ འཕར་ཡོད། དེང་སྐབས་གྲོང་ཁྱེར་དེ་ཡོངས་སུ་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་ཁྲི་ཚོ ༡༦.༩༦ ཡོད་པ་ཚང་མ་དབུལ་གྲོལ་ཐུབ་པ་དང་། དབུལ་ཕོངས་རྫོང་ ༡༨ ཚང་མའི་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད།

གཞིས་རྩེ་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ། གྲོང་ཁྱེར་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་དཔོན་གཞོན་པ་ཀྲང་ཡུན་སྦའོ་ཡིས། མི་དོར་བ་བཞིའི་ལས་ཀའི་བླང་བྱ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་དབུལ་གྲོལ་བརྟན་པོ་དང་དབུལ་ལོག་མི་ཐེབས་པའི་ཕུགས་ཕན་ལམ་སྲོལ་བཙུགས་ནས། གྲོང་གསེབ་དར་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་ནུས་ལྡན་ངང་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཀྱི་རྨང་གཞི་སྒྲིག་བཀོད་ཆ་རྐྱེན་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་དང་ཞིང་འབྲོག་ཁུལ་གོང་འཕེལ་གཏོང་ཤུགས་ཆེ་རུ་བཏང་སྟེ། དབུལ་པོ་དབུལ་རྐྱང་མེད་པ་བཟོ་བ་ནས་དབུལ་ཕོངས་ཉུང་དུ་གཏོང་བའི་ཕྱོགས་སུ་འགྱུར་བ་གཏོང་རྒྱུ་ཡིན་ཞེས་གསུངས། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

དབུལ་སྒྲོལ་འགག་སྒྲོལ་ཐོན་ལས་བཟང་། ཕྱུག་འགྱུར་ལམ་བུ་རྒྱ་ཆེར་སོང་། གཞིས་རྩེར་ལོ་ལེགས་ཀྱི་རྣམ་པ་རབ་ཏུ་མངོན། ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པ་ན། ལས་ཞུགས་དོན་དུ་སེམས་ཁྲལ་བྱེད་དགོས་མེད། བོད་ལྗོངས་ཀྱིས་ས་ངན་ཡུག་སྦྲེལ་ཁུལ་གྱི་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་ཏང་ཡོན་དང་ལས་བྱེད་པར་གསོ་སྦྱོང་བྱས་པ།