གཞི་རིམ་གྱི་ཏང་འཛུགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གཞི་རིམ་གྱི་ཏང་འཛུགས། >ལྡེབ་ངོས་མགོ་མ།

ཤེས་དཔལ་གྱི་མེ་ཏོག་ཕྱོགས་བཞིར་བཞད།

——ལྷ་རྩེ་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་བསྐྲུན་པའི་སྐོར་བཀོད་པ།

སྤེལ་དུས་: 2020ལོ་11ཟླ་30ཚེས་ 16:46 ཡོང་ཁུངས་: ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཉེ་བའི་ལོ་ཤས་རིང་། ལྷ་རྩེ་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་གྱི་བཀོད་སྒྲིག་བླང་བྱ་རབ་དང་རིམ་པར་ནན་པོར་གཞིགས་ནས་དོན་དངོས་དང་ཟུང་འབྲེལ་གྱིས་ཐོན་ཁུངས་དང་། དཔུང་ཁག འགན་སྲུང་བཅས་ལ་ཤུགས་སྣོན་བརྒྱབ་ནས་ལག་ལེན་ལྟེ་གནས་དང་། ལག་ལེན་སུའོ་། ལག་ལེན་ས་ཚིགས་བཅས་རིམ་པ་གསུམ་གྱི་ཞབས་ཞུའི་འཐབ་ས་ཕྱོགས་ཡོངས་ལ་ཁྱབ་པ་བྱས་པ་དང་ཆབས་ཅིག དུས་རབས་གསར་པའི་ཕུན་སུམ་ཚོགས་པའི་ཤེས་དཔལ་གྱི་ལག་ལེན་བྱེད་སྒོ་རབ་དང་རིམ་པ་ཧུར་ཐག་སྤེལ་ཏེ་རིག་གནས་ལ་བརྟེན་ནས་མིའི་བློ་སྒོ་འགུག་པ་དང་རིག་གནས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱས་ཏེ་མང་ཚོགས་ལ་དྲིལ་བསྒྲགས་དང་། མང་ཚོགས་ལ་སློབ་གསོ་གཏོང་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་མཐའ་མའི་འགག་གནད་བཏོད་པ་རེད།

       འཐབ་ས་འཛུགས་སྐྲུན་ཡག་པོ་དང་དེ་བས་ལེགས་པར་སྤྱད་པ།

དངུལ་སྐར་ལི་གཅིག་ཀྱང་མཁོ་ཆེ་སར་སྤྱོད་ཐུབ་པ་བྱས་ཡོད། དེ་ནི་ལྷ་རྩེ་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་འཐབ་ས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ལས་ཀའི་བསམ་ཕྱོགས་ཤིག་རེད། ལྷ་རྩེ་རྫོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་མཚམས་གཅོད་ཀྱིས་ང་ཚོས་བྱེད་སྒོ་སྤེལ་ཡུལ་ཡག་པོ་སྐྲུན་དགོས་པ་མ་ཟད། ལས་ཀའི་གཙོ་གནད་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོའི་ནང་དོན་དུ་ཕུན་སུམ་ཚོགས་སུ་གཏོང་བའི་ཐད་འཇོག་དགོས་ཞེས་བཤད་ཡོད།

ཕྱོགས་གཅིག་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་འཐབ་ས་བྱེད་སྒོ་སྤེལ་ས་ཡོད་པ་དང་། དཔུང་ཁག་ཡོད་པ། ནང་དོན་ཡོད་པ། བྱེད་སྒོ་ཡོད་པ། འགན་ལེན་ཡོད་པ་བཅས་ཀྱི་ཡོད་པ་ལྔའི་ཚད་གཞི་གཞིར་བཟུང་སྐྲུན་ཆེད། ལྷ་རྩེ་རྫོང་གིས་རྫོང་རིམ་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས ༡ དང་། ཤང་དང་གྲོང་རྡལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སུའོ ༡༡ ། སྲིད་འཛིན་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས ༩༨ བཅས་བསྐྲུན་པ་དེ་དག་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་ལ་ཁྱབ་ཡོད། ཕྱོགས་གཞན་ཞིག་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་འཐབ་སའི་དྲིལ་བསྒྲགས་དང་། དཔྱད་འདེམས། རོགས་རམ། སྤྲོ་སྣང་། རྟེན་འབྲེལ་བཅས་ལས་འགན་ཁག་ལྔ་ཁ་གསལ་བཟོས་ཡོད། རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་ཆེད། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་ཧྲུའུ་ཅིས་འགན་འཁྲི་འཁུར་མཁན་ཨང་དང་པོ་བྱེད་པ་དང་འབྲེལ། ལག་ལེན་ལྟེ་གནས༼སུའོ་དང་ས་ཚིགས༽ཀྱི་ཀྲུའུ་རེན་དང་། སུའོ་ཀྲང་། ཀྲེན་ཀྲང་བཅས་ཀྱི་འགན་ཁུར་བ་དང་ཆབས་ཅིག དང་བླངས་རུ་ཁག་གི་རུ་དཔོན་གྱི་འགན་གཅིག་ལྕོགས་འཁུར་ཡོད། རྫོང་ཨུད་དྲིལ་བསྒྲགས་པུས་སྤྱི་འདོམས་བཀོད་སྒྲིག་དང་། ཤང་དང་གྲོང་རྡལ་གྱི་དྲིལ་བསྒྲགས་ཨུ་ཡོན་དང་སྡེ་ཚན་ཁག་གི་འགན་འཁུར་བས་དོན་འཁྱོལ་ལ་སྐུལ་འདེད་ཞིབ་ཕྲ་བཏང་ནས་ལས་དོན་ཁག་ནུས་ལྡན་སྤེལ་བའི་འགན་ལེན་བྱས་ཡོད།

       སྒྲོག་འགྲེལ་བྱེད་ཐབས་གསར་གཏོད་བྱས་ཏེ་ཏང་གི་གསུང་སྒྲ་ཁྱིམ་ཚང་ཀུན་ལ་དྲིལ་བསྒྲགས་བྱས་པ།

གཟའ་འཁོར་རེར་བྱེད་སྒོ་ཡོད་པ་དང་། ཟླ་རེར་མཐོ་རླབས་འཕྱུར་བའི་བླང་བྱ་ལྟར། ལྟེ་གནས་ཀྱིས་བཀོད་སྒྲིག་དང་། སྡེ་ཚན་གྱིས་སྐུལ་སློང་། ཕྱོགས་ཁག་ཞུགས་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་བརྒྱུད། ལྷ་རྩེ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བཅས་ཀྱིས་ནང་དོན་གཙོ་བོ་བྱས་པའི་ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་སྒྲོག་འགྲེལ་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

དྲིལ་བསྒྲགས་ཀྱི་ཕན་འབྲས་འགན་ལེན་བྱ་ཆེད། ལྷ་རྩེ་རྫོང་གིས་དམངས་ཕན་གྱི་བྱེད་ཐབས་དང་། འཁྲབ་རྩལ་གྱི་བྱེད་ཐབས། ནང་དོན་འདེམས་པའི་བྱེད་ཐབས། སློབ་ཚན་ཚོགས་པའི་བྱེད་ཐབས་སོགས་ཀྱི་སློབ་ཁྲིད་བྱེད་ཐབས་ལ་བརྟེན་ནས། ལྷ་རྩེའི་བློ་གྲོས་འཆད་ཁྲིད་ཆེན་པོ་དང་མི་སེར་གྱི་འཆད་ཁྲིད་ཆེན་པོའི་ནུས་པ་ཧུར་ཐག་བཏོན་ཡོད། ཞིང་འབྲོག་པའི་རྐང་འཛིན་སྒྲོག་འགྲེལ་བའི་སྟོབས་ཤུགས་སྐུལ་སློང་གང་ལེགས་བྱས་པ་དང་ཆབས་ཅིག ཉེ་འགྲམ་གྱི་མིས་ཉེ་འགྲམ་གྱི་བྱ་བ་བརྗོད་པ་དང་། མི་སེར་གྱི་སྐད་ཆ་ནས་མི་སེར་གྱི་བྱ་བ་བརྗོད་པ། གོ་བདེ་ཤེས་སླའི་སྒོ་ནས་ཏང་གི་སྲིད་ཇུས་དྲིལ་བསྒྲགས་བཅས་བྱས་ཏེ་མང་ཚོགས་ཀྱིས་ཉན་ཐུབ་པ་དང་ཉན་འདོད་པ་བྱས་པ་རེད།

ད་ཆ་ལྷ་རྩེའི་ཁྲོམ་གཞུང་ཆེ་ཆུང་དང་ཞིང་ནང་མུ་ཁར་ཕན་པ་གང་ནས་ཐོབ་པ་དང་ཕན་པ་སུ་ལ་ཐོབ་མིན་སྐོར་དྲིས་ཚེ། མང་ཚོགས་ཚོས་བརྒྱབ་པའི་ལན་ནས་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་ཚོར་ཐུབ།

       ཤེས་དཔལ་གྱི་དར་སྲོལ་གསར་པར་སྣེ་ཁྲིད་བྱས་པར་བརྟེན་བསམ་བློར་བཅིངས་འགྲོལ་ཐོབ་པ་དང་གྲོང་གསེབ་མཛེས་སྡུག་ལྡན་པར་གྱུར།

ལོ་ངོ་ ༥༧ ལ་སླེབས་པའི་ཕུན་ཚོགས་ནི་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་བསམ་གྲུབ་གྲོང་ཚོའི་གྲོང་མི་རེད། ཉེ་ལམ་ལོ་ཤས་རིང་། ཕུན་ཚོགས་ཀྱིས་གྲོང་གསེབ་ཀྱི་དཔེ་དེབ་ཁང་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་དཔེ་དེབ་ཁང་ནས་སྔ་རྗེས་སུ་དཔེ་དེབ ༦༠ ལྷག་ཙམ་བཀླགས་པ་བརྒྱུད། ཁོང་གི་རིག་གནས་ཆུ་ཚད་ཀྱང་མཐོ་རུ་ཕྱིན་ཡོད། ཕུན་ཚོགས་ཀྱིས་འཛུམ་མདངས་དང་བཅས་ཏེ་དེ་སྔ་ནས་འདེབས་དུས་ཉམས་མྱོང་ལ་བརྟེན་པ་ལས་ལུད་ཇི་ལྟར་རྒྱག་དགོས་མིན་ཡང་ཤེས་ཀྱི་མེད། དཔེ་དེབ་བལྟས་པ་བརྒྱུད། ངས་ཚན་རིག་དང་མཐུན་པའི་འདེབས་སྟངས་ཤེས་བྱུང་ལ། ཚན་རིག་དང་མཐུན་པའི་སྒོ་ནས་སོན་བཏབ་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ལུད་བརྒྱབ་པར་བརྟེན་ནས་ཀྱི་ཐོན་ཚད་ཀྱང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་སོང་། ད་དུང་ངས་སྦྱངས་པའི་ཤེས་བྱ་ཡུལ་མི་ཚོར་སློབ་ཀྱི་ཡོད། ད་ཆ་དཔེ་དེབ་ཁང་དུ་སློབ་སྦྱོང་བྱེད་པར་ཡོང་མཁན་ཇེ་མང་དུ་འགྲོ་ཡི་འདུག་ཅེས་བརྗོད་ཡོད།

ལྷ་རྩེ་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་དཔེ་དེབ་ཁང་དུ་རྫོང་གིས་སྤྲད་པའི་དཔེ་དེབ་སྣ་ཚོགས ༣༣༠༠ ལྷག་ཙམ་ཡོད་པ་དང་། ད་དུང་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕུལ་བའི་དཔེ་དེབ ༣༠༠ ལྷག་ཙམ་ཡོད། དཔེ་དེབ་གཡར་ཐོའི་ནང་འཁོད་པའི་མིང་དག་ལས་དཔེ་དེབ་ཀློག་པ་ནི་ལྷ་རྩེ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དར་སྲོལ་གསར་པ་ཞིག་ཏུ་གྱུར་པ་མཐོང་ཐུབ།

       དོན་དངོས་བྱ་བ་དང་བྱ་བཟང་བསྒྲུབས་པ་དང་དྲོ་སྐྱིད་མཚོན་པའི་ཞབས་འདེགས་ཀྱིས་དམངས་སེམས་དྲོས་པར་བྱས།

དགུང་ལོ ༧༠ ཡན་བརྒལ་བའི་ལྷག་ཆུང་དང་། ལྷག་སྒྲོན། ཕུན་ཚོགས་བཅས་གཅེན་གཅུང་གསུམ་ནི་ལྷ་རྩེ་རྫོང་སླེའུ་ཤང་སླེའུ་གྲོང་ཚོའི་གྲོང་མི་རེད། དབང་པོ་སྐྱོན་ཅན་ཡིན་པས་འཚོ་བ་རང་མགོ་མི་ཐོན་པ་མ་ཟད། བུ་ཕྲུག་ཀྱང་མེད། སྲིད་ཇུས་ཀྱི་སྐྱོབ་གསོར་བརྟེན་ནས་ཟས་གོས་ལ་སེམས་ཁྲལ་མེད་མོད། ཁྱིམ་གྱི་གཙང་སྦྲ་ཧ་ཅང་ཞན་པོ་ཡོད།

སླེའུ་ཤང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སུའོ་ཡི་ལས་དོན་མི་སྣས་གནས་ཚུལ་དེ་ཤེས་རྗེས། དང་བླངས་པ་སྒྲིག་འཛུགས་བྱས་ཏེ་ལྷག་ཆུང་སྤུན་གསུམ་ལ་རྒྱུན་དུ་སྡོད་ཁང་ལ་གཙང་སྦྲ་དང་། གོས་འཁྲུ་བ། ལྟོ་བཟོ་བ་བཅས་བྱེད་ཀྱི་ཡོད།

དང་བླངས་པ་ནི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས༼སུའོ་དང་ས་ཚིགས༽ཀྱི་སྟོབས་ཤུགས་གཙོ་བོ་རེད། དང་བླངས་པའི་གཙོ་ཤུགས་དམག་གི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་ཆེད། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱེད་རིང་། ལྷ་རྩེ་རྫོང་གིས་རྫོང་དང་བླངས་པའི་སྤྱི་ཁྱབ་རུ་ཁག ༡ དང་། ཤང་དང་གྲོང་རྡལ་གྱི་ཡན་ལག་རུ་ཁག ༡༡ རྫོང་ཐད་གཏོགས་སྡེ་ཚན་ཁག་གི་ཡན་ལག་རུ་ཁག ༥༡ སྲིད་འཛིན་གྲོང་ཚོའི་རུ་ཆུང་ ༩༨ བཅས་བཙུགས་པ་དང་ཁྱོན་རུ་མི ༢༠༠༠ ལྷག་ཙམ་ཡོད། གཞན་ཡང་ད་དུང་ཆེད་ལས་སྟེགས་བུའི་དང་བླངས་པའི་དཔུང་ཁག ༧ དང་དམིགས་བསལ་ཚོགས་སྤྱིའི་དང་བླངས་པའི་དཔུང་ཁག ༤ བཙུགས་ཡོད་པ་རེད།

ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་དང་། གད་སྙིགས་གཙང་སེལ། ཞིང་པར་བཙས་མ་རྔ་རོགས། རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་གང་དུ་དགོས་མཁོ་ཡོད་ན། དེ་གར་དང་བླངས་པའི་གཟུགས་བརྙན་ཡོད། མིག་སྔར་ལྷ་རྩེ་རྫོང་གིས་དང་བླངས་ཞབས་འདེགས་སྣ་ཚོགས་ཐེངས ༡༥༩༠ ལྷག་ཙམ་ཞུས་པར་མང་ཚོགས་མི་ཐེངས་ཁྲི ༥.༠༨ ལྷག་ཙམ་ལ་ཕན་པ་ཐོབ་པ་མ་ཟད། གདེང་འཇོག་ཀྱང་ཡག་པོ་ཐོབ་ཡོད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

བོད་ལྗོངས་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས། ལྷ་རྩེ་རྫོང་ཕུན་ཚོགས་གླིང་ཤང་གིས་ལས་ཞུགས་གནད་སྨིན་སྦྲེལ་མཐུད་ཐུབ་རྒྱུར་སྐུལ་འདེད་བཏང་བ། གཞིས་རྩེའི་རྫོང་༼ཆུས༽༡༨ཡོངས་ཀྱི་དབུལ་ཞྭ་ཕུད་ཡོད། དབུལ་སྒྲོལ་འགག་སྒྲོལ་ཐོན་ལས་བཟང་། ཕྱུག་འགྱུར་ལམ་བུ་རྒྱ་ཆེར་སོང་།