གསར་འགོད་པས་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། གྲོང་ཚོ༼སྡེ་ཁུལ༽ཨུ་ལྷན་གཉིས་ཀྱི་སྐབས་བརྗེའི་ལས་དོན་སྤེལ་ཚུན། རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཆབ་སྲིད་ཀྱི་ཚད་གཞི་མངོན་གསལ་དོད་པ། དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ། བཅའ་ཁྲིམས་དང་སྒྲིག་སྲོལ་ནན་དུ་གཏོང་བ་བཅས་གྲོང་ཚོ༼སྡེ་ཁུལ༽ཨུ་ལྷན་གཉིས་ཀྱི་སྐབས་བརྗེའི་ལས་དོན་གྱི་སྲོག་རྩར་བརྩིས་ནས་གོ་རིམ་ལག་བསྟར་བྱ་རྒྱུ་རྣམ་པ་ཙམ་མ་ཡིན་པ་དང་། བརྩི་སྲུང་གི་བརྒྱུད་རིམ་ཉུང་དུ་མི་གཏོང་བ། ཁྲིམས་སྲོལ་ལག་བསྟར་བྱ་རྒྱུར་འགྱུར་བ་མི་གཏོང་བ་བཅས་བྱས་ཏེ། གྲོང་ཚོ་རིམ་པའི་སྐབས་བརྗེའི་མི་འདེམས་རྩ་འཛུགས་ཀྱི་འདོད་ཕྱོགས་དང་མང་ཚོགས་ཀྱི་འདོད་བློ་གཉིས་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་པ་རེད། མིག་སྔའི་བར། ལྗོངས་ཡོངས་ཀྱིས་གྲོང་ཚོའི༼སྡེ་ཁུལ༽ཏང་རྩ་འཛུགས ༥༣༦༨ དང་གྲོང་ཚོ༼སྡེ་ཁུལ༽ཨུ་ལྷན ༣༥༡༢ ཀྱི་འདེམས་བསྐོའི་ལས་དོན་ལེགས་སྒྲུབ་ཟིན་ནས་ལེགས་སྒྲུབ་ཟིན་ཚད་བརྒྱ་ཆ ༩༦.༩༨ དང་བརྒྱ་ཆ ༦༣.༤༥ སོ་སོར་ཟིན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱིས་གྲོང་ཚོ༼སྡེ་ཁུལ༽ཨུ་ལྷན་གཉིས་ཀྱི་སྐབས་བརྗེའི་ལས་དོན་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་ཚན་ཁག་གསར་པ་དང་། བྱས་རྗེས་གསར་པ། རྣམ་པ་གསར་པ་བཅས་བརྗེ་ཐུབ་པའི་འགན་ལེན་བྱས་ཤིང་། གཅིག་ནི་མི་འདེམས་ཐད་སྐྱོན་ཆ་གང་ཡང་མེད་པ་བྱས་ཤིང་། ཤང་དང་གྲོང་རྡལ་ཏང་ཨུད་ཀྱིས་ཏང་ཡོན་མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ངང་ཉན་པ་དང་དམངས་གཙོའི་འོས་སྦྱོར་བྱས་པའི་རྨང་གཞིའི་ཐོག མི་དོན་བཀོད་སྒྲིག་གི་བསམ་འཆར་བཏོན་པ་དང་རྫོང་རིམ་པའི་མཉམ་བཤེར་ནན་པོ་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་སྒྲིག་བཤེར་ལས་ཁུངས་དང་། སྲིད་ཁྲིམས། རྒྱལ་ཁབ་བདེ་འཇགས། སྤྱི་བདེ། དམངས་སྲིད། རྩིས་བཤེར། ཡིག་བསྐུར་ངོ་བཅར་སོགས་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱས་ནས་རྫོང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུའི་ཐོག་ཞིབ་འཇུག་དང་། གྲོང་ཁྱེར་དང་ས་ཁུལ་གྱི་མཛུབ་ཁྲིད་ཞིབ་བཤེར་ཚོགས་ཆུང་དང་སྐབས་བརྗེའི་གཞུང་ལས་ཁང་གིས་ཞིབ་བཤེར་བྱས་རྗེས། རང་སྐྱོང་ལྗོངས་སྐབས་བརྗེའི་གཞུང་ལས་ཁང་ལ་ཐོ་འགོད་སྙན་སེང་ཞུས་ནས་མི་འདེམས་ཀྱི་སྤུས་ཚད་འགན་ལེན་བྱས་པ་དང་། གཉིས་ནི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཆད་ལུས་མེད་པ་བྱས་ཤིང་། ༼ཀྲུང་གོ་གུང་ཁྲན་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འདེམས་བསྐོའི་ལས་དོན་སྲོལ་ཡིག༽དང་། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྲོང་མི་ཨུ་ལྷན་གྱི་རྩ་འཛུགས་བཅའ་ཁྲིམས༽ ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་གྲོང་མི་ཨུ་ལྷན་གྱི་རྩ་འཛུགས་བཅའ་ཁྲིམས༽སོགས་གཏན་འབེབས་ལག་བསྟར་ནན་པོ་བྱས་ཏེ་ཏང་ཡོན་གྱི་ཚོགས་ཆེན་དང་། འདེམས་བསྐོ་ཨུ་ལྷན་གྱི་རྩ་འཛུགས། འདེམས་དམངས་ཀྱི་ཐོ་འགོད། འོས་སྦྱོར་མིང་འདོན། འོས་མི་གཏན་འཁེལ། འདེམས་ཤོག་འཕངས་ནས་འདེམས་བསྐོ་བྱེད་པ་སོགས་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ། བརྒྱུད་དགོས་ངེས་ཀྱི་བརྒྱུད་རིམ་གཅིག་ཀྱང་མ་ལུས་པ་དང་དགོས་ངེས་ཀྱི་བརྒྱུད་རིམ་ཆ་ཚང་ཡོད་པར་བྱས་པ། གསུམ་ནི་དམ་ཞིང་ནན་པའི་སྐབས་བརྗེའི་སྒྲིག་ལམ་ཆ་ཚང་པོ་ཡོང་བ་བྱས་ཤིང་། སློབ་གསོ་སྔོན་ལ་ལག་བསྟར་དང་། ཉེན་བརྡ་སྔོན་ལ་གཏོང་བ། སྔོན་འགོག་སྔོན་ལ་བྱེད་པ་བཅས་བྱས་ཏེ། རིམ་པ་བཞིན་སྐབས་བརྗེའི་ལས་དོན་གྱི་ཁས་ལེན་ཡི་གེར་མིང་རྟགས་འགོད་པ་དང་འདེམས་བསྐོའི་ཁ་པར་དང་ཡིག་སྒམ་ཁྱབ་བསྒྲགས་བྱས་ནས༼སྐབས་བརྗེའི་ལས་དོན་གྱི་སྒྲིག་ལམ་འགན་ལེན་ནན་པོ་དང་སྐབས་བརྗེ་སྤྱོད་གཙང་གཞུང་དྲང༽གི་དྲིལ་བསྒྲགས་པར་གཞི་བཟོས་ཏེ་སྐབས་བརྗེའི་སྒྲིག་ལམ་དང་། བྱེད་ཕྱོགས་སྲིད་ཇུས། བཅའ་ཁྲིམས་ཁྲིམས་སྲོལ་བཅས་དྲིལ་བསྒྲགས་ཤུགས་ཆེན་གྱིས་རྐྱེན་ཆུང་ནས་སེལ་བ་དང་སྤྱོད་གཙང་གཞུང་དྲང་ཡོང་བ་བྱས་ཡོད། མིག་སྔའི་བར། གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཉེན་གཏོང་བྱང་བུ་ཁྲི ༥༣ ལྷག་ཙམ་སྤྲད་པ་དང་། ཉེན་གཏོང་སློབ་གསོ་ཐེངས་ཁྲི ༡.༦ ལྷག་ཙམ་གཉེར་བ། ཡོངས་བསྒྲགས་ཀྱི་ཁས་ལེན་ཡི་གེ་ཁྲི ༥.༧ ལྷག་ཙམ་ལ་མིང་རྟགས་བཀོད་པ་བཅས་བྱས་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
སྡོད་ཁང་གསར་པར་སྤོས་ནས་འཚོ་བ་གསར་པར་རོལ་བའི་དབུལ་སྒྲོལ་དུད་ཚང་ཕུར་རྒྱལ་གྱི་སྐོར་བཀོད་པ། ད་ལོའི་བོད་ཀྱི་གཞི་རིམ་ཏང་འཛུཌ་སྐྱོང་ལས་དོན་སྤེལ་སྟངས་འདི་ན་འདུག དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བའི་ལམ་བུ་བསྐྲུན། རིན་སྤུངས་རྫོང་གིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱས་པ།