གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ད་ལོའི་བོད་ཀྱི་གཞི་རིམ་ཏང་འཛུཌ་སྐྱོང་ལས་དོན་སྤེལ་སྟངས་འདི་ན་འདུག

སྤེལ་དུས་: 2021ལོ་01ཟླ་27ཚེས་ 10:47 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་དང་ཀྲུང་དབྱང་རྩ་འཛུགས་པུའི་མོས་མཐུན་ཐོབ་པ་བརྒྱུད། སྤྱི་ཚེས ༢༥ ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ས་ཁུལ༼གྲོང་ཁྱེར༽ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཀྱི་ལས་རིགས་ཁོངས་གཏོགས་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིའི་སྤྱི་ལོ ༢༠༢༠ ལོའི་ལོ་འཁོར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་དང་སྒྲུབ་ཚུལ་གྱི་དཔྱད་མོལ་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ལྗོངས་ཏང་ཨུད་ཀྱི་ཏང་འཛུགས་སྐྱོང༼གཞི་རིམ་རྩ་འཛུགས་འཛུགས་སྐྱོང༽ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། འགན་སྒྲུབ་སྙན་སེང་ལ་དཔྱད་བརྗོད་གནང་བ་དང་འབྲེལ། ད་ལོའི་ལྗོངས་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་སྐོར་གྱི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག ས་ཁུལ༼གྲོང་ཁྱེར༽ཨུ་ཡོན་ལྷན་ཁང་ཁག་གི་ཧྲུའུ་ཅི་དང་ལས་རིགས་ཁོངས་གཏོགས་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་སྒྲུབ་ཚུལ་རིམ་པ་བཞིན་སྙན་སེང་ཞུས་པ་དང་། ཚོགས་ཞུགས་བློ་མཐུན་ཚོས་ས་གནས་ས་ཐོག་ཏུ་དཔྱད་མོལ་བྱས་པ་རེད།

ཚོགས་ར།

ཝུའུ་དབྱིང་ཅེས། འདས་ཟིན་པའི་ལོ་གཅིག་ནང་རང་ལྗོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཐོབ་པའི་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། གནས་པའི་ཉམས་ཞན་ལྷུ་ཚིགས་ལའང་དབྱེ་ཞིབ་གཏིང་ཟབ་གནང་ཞིང་། ཁོང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བའི་ལོ་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད༼ཏང་རྩ་འཛུགས༽ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དང་། བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ། ཏང་གི་རྩ་འཛུགས་ལམ་ཕྱོགས། ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཆབ་སྲིད་ཀྱི་ནུས་པ་མངོན་གསལ་དོད་པ། རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ་སོགས་གཙོ་གནད་དུ་བཟུང་སྟེ། ཏང་ཀྲི་པུའུ་ཚད་གཞི་ཅན་དང་ཚད་ལྡན་ཅན་དུ་འཛུགས་སྐྱོང་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་འདི་ཉིད་ཏན་ཏན་ཏིག་ཏིག་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ཟམ་སྣེའི་བཙན་རྫོང་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བཅས་སུ་འཛུགས་སྐྱོང་བྱས་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འགན་ལེན་བྱེད་པ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

གཅིག་ནས་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་རང་རྟོགས་ངང་ཆེ་རུ་གཏོང་དགོས།

གཉིས་ནས་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུས་ནས་བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།

གསུམ་ནས་རྩ་འཛུགས་ཀྱི་ནུས་པ་རྒྱུན་མཐུད་ཆེ་རུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་དང་ཉམས་སད་ཐེག་པར་སྐུལ་འདེད་གཏོང་དགོས།

བཞི་ནས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས།

ལྔ་ནས་འགན་འཁྲི་དོན་ཐོག་ཏུ་འཁྱོལ་རྒྱུར་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།

ཀྲུང་དབྱང་རྩ་འཛུགས་པུའུ་ཡི་རྩ་འཛུགས་ཅུད་གཉིས་པའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་དཔྱད་བརྗོད་གཏམ་བཤད་སྤེལ་ནས། རང་ལྗོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་སྦྲགས། མངོན་གསལ་དོད་པའི་གནད་དོན་ལ་མཐོང་ཆེན་བྱེད་དགོས་ལུགས་བཏོན་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱའང་བཏོན་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས། ཞི་ཅིན་ཕིང་ནས་ཨོ་རྩལ་འགྲན་ཚོཊ་ཀྱི་གྲ་སྒྲིག་ལས་ཀར་རྟོག་ཞིབ་གནང་བ། བོད་ལྗོངས་མི་དམངས་འཐུས་ཚོཊ་སྐབས༡༡པའི་ཚོཊ་འདུ་ཐེངས༤པ་མཇུག་སྒྲིལ་བ། བོད་ལྗོངས་སྲིད་གྲོས་སྐབས༡༡པའི་ཚོཊ་འདུ་ཐེངས༤པ་མཇུག་སྒྲིལ་བ། རང་ལྗོངས་ཀྱིས་གོང་དཔེ་འོག་སྟོན་བྱེད་སྟངས་འདི་འདྲ་བཏོན་འདུག