དཔེ་མཚོན་གསོ་སྐྱོང་ལ་དམ་འཛིན་གྱིས་ཉམས་ཞན་ལྷུ་ཚིགས་ཐག་གཅོད་བྱས་པ།
འདི་ལོ་རིན་སྤུངས་རྫོང་གིས་ལས་འགན་གྱི་གཙོ་གནད་ལ་དམིགས་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གནད་ཀྱིས་ཁྱོན་ལ་སྣེ་ཁྲིད་པ་དང་། རྩ་སྲ་རྨང་བརྟན་གྱི་བསམ་བློ་ཤུགས་ཆེར་བཏང་བ། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་ཕྱོགས་སྟོན་གསལ་པོ་འཛུགས་པ། གཞི་རིམ་ཏང་འཛུགས་སྐྱོང་གི་གསོན་ཤུགས་འཕེལ་བར་བྱེད་པ་བཅས་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།
གཙོ་གནད་ལས་འགན་ལ་དམིགས་ཏེ་དཔེ་མཚོན་གསོ་སྐྱོང་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཤིང་། རིན་སྤུངས་རྫོང་གིས་དཔེ་མཚོན་རྙིང་པ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་དཔེ་མཚོན་གསར་པར་ཉམས་མྱོང་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། སྒྱུར་བཅོས་ལ་ཞབས་འདེགས་ཞུ་བ། འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། དམངས་འཚོར་ཞབས་འདེགས་ཞུ་བ། ཏང་ཡོན་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཚད་ཤིང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་མཁན་ཁང་གཞུང་ཤང་རྔ་གྲོང་ཚོའི་ཏང་ཀྲི་པུའུ་དང་། ཏང་འཛུགས་སྐྱོང་ཚད་ལྡན་ངང་འཁོར་སྐྱོད་བྱེད་མཁན་བྱེ་བ་ཤང་ནུབ་མདའ་གྲོང་ཚོའི་ཏང་ཀྲི་པུའུ། སློབ་གསོའི་ཁྱབ་ཁོངས་ཀྱི་སློབ་འབྲིང་གི་ཏང་སྤྱི་ཁྱབ་ཀྲི་པུའུ་སོགས་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་བཏོད་ཡོད་པ་རེད། གཅིག་གྱུར་འཆར་འགོད་བྱེད་པ་དང་དུས་མཚུངས་ཁྱབ་ཁོངས་མི་འདྲ་བ་དང་རིགས་མི་འདྲ་བའི་ཚན་པའི་ལས་ཀའི་ངོ་བོ་དང་ཁྱད་ཆོས་ལ་གཞིགས་ཏེ་ཤང་དང་གྲོང་རྡལ་དང་། ལས་ཁུངས། གྲོང་ཚོ། སློབ་གྲྭ གསར་གཉིས་རྩ་འཛུགས་སོགས་རིགས་མི་འདྲ་བའི་དཔེ་སྟོན་ས་ཚིགས་འཛུགས་གཏོད་ཀྱི་ཚད་གཞི་རིགས་དབྱེ་གཏན་འཁེལ་བྱས་ཏེ་འཛུགས་གཏོད་ལས་ཀའི་བཀོལ་སྤྱོད་རང་བཞིན་ཇེ་ཡག་ཏུ་བཏང་ཡོད་པ་རེད།
གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཉམས་ཞན་ལྷུ་ཚིགས་ཐག་གཅོད་བྱས་པ། རིན་སྤུངས་རྫོང་གིས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དག་ཐེར་ལས་དོན་གཏིང་ཟབ་སྤེལ་ནས་ཀྲི་པུའུ་རེར་ཐབས་ཇུས་རེ་དང་གནད་དོན་རེར་བྱེད་ཐབས་རེ་ཡོད་པ་མཐའ་འཁྱོངས་བྱས་ཏེ་རིམ་སྤོར་དག་ཐེར་གྱི་ལས་ཀར་དམ་འཛིན་ཏན་ཏིག་བྱས་ཡོད། རྫོང་ཨུད་ཚན་ཁག་གི་ཁོངས་མིས་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོ་འགན་གཙང་བླངས་ནས་དག་ཐེར་དང་། ཤང་དང་གྲོང་རྡལ་ཏང་སྲིད་ཀྱི་གཙོ་འགན་འཁུར་མཁན་གྱིས་གྲོང་ཚོ་འགན་གཙང་བླངས་ནས་དག་ཐེར། གྲོང་སྡོད་ལས་དོན་རུ་ཁག་དང་ཧྲུའུ་ཅི་ཨང་དང་པོས་དག་ཐེར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་ནས་གོང་འོག་མཐུན་སྦྱོར་ཤུགས་འདོན་གྱིས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་དག་ཐེར་དང་ནང་སྐྱེས་སྒུལ་ཤུགས་ཆེ་རུ་བཏང་བས། ཏང་རྩ་འཛུགས་ཀྱི་བྱེད་སྒོ་རྒྱུན་གཏན་ཅན་དང་ལམ་ལུགས་ཅན་དུ་འགྱུར་བ་དང་། ཏང་ཡོན་གྱིས་ཏང་རྩ་འཛུགས་ལ་གཏོགས་སེམས་སྔར་བས་ཆེ་རུ་ཕྱིན་པ། ཞབས་ཞུའི་འདུ་ཤེས་ཟབ་ཏུ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་ཕྱིན་པ། དག་ཐེར་བྱས་རྗེས་ཏང་རྩ་འཛུགས་ལ་བྱུང་བའི་འགྱུར་ལྡོག་མང་ཚོགས་ཀྱིས་ཚོར་ཐུབ་པ། ཏང་ཡོན་དང་མང་ཚོགས་ཀྱིས་ཏང་རྩ་འཛུགས་ལ་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད་པ་རེད།
སྔོན་ཐོན་ལ་གཟེངས་བསྟོད་དང་རྗེས་ལུས་ལ་སྐུལ་ལྕག་བྱས་པ། རིན་སྤུངས་རྫོང་གིས་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་མི་སྒེར་སྣ་ཚོགས་ཤེས་རྟོགས་གང་ལེགས་བྱས་ཏེ་གཞི་རིམ་ཏང་འཛུགས་སྐྱོང་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན། དབུལ་སྒྲོལ་འགག་སྒྲོལ་བཅས་ལས་མཚོན་ཚུལ་མངོན་གསལ་དོད་པའི་སྔོན་ཐོན་མཉམ་སྡེབ ༡༤ དང་ཕུལ་བྱུང་མི་སྒེར ༡༠༦ ལ་གཟེངས་བསྟོད་བྱས་ནས་རྗེས་ལུས་ལ་སྐུལ་ཁྲིད་དང་སྐུལ་ལྕག་དང་ཉེ་འགྲམ་གྱི་ཏང་ཡོན་ལ་སློབ་གསོ་དང་ཤུགས་རྐྱེན་ཐེབས་པར་བྱས་ཏེ་ཏང་ཡོན་ལས་བྱེད་པར་ལྟ་སའི་དར་ཆ་ཡོད་པ་དང་། སློབ་སྦྱོང་བྱེད་པར་མིག་དཔེ་ཡོད་པ། འགྲན་བསྡུར་བྱེད་པར་ཁ་ཕྱོགས་ཡོད་པ། བྱ་སྤྱོད་སྤེལ་བར་དཔྱད་གཞི་འཛིན་ས་ཡོད་པ། རྗེས་སྙེག་བྱེད་པར་དམིགས་འབེན་ཡོད་པ་བཅས་བྱེད་པ་དང་། ཏང་ཡོན་ལས་བྱེད་པས་སྔོན་ཐོན་ལ་ཚད་བསྡུར་དང་འགྲན་སློབ་སྙེག་བརྒལ་ལ་ལྕག་སྐུལ་བྱེད་པ། གཞི་རིམ་ཏང་འཛུགས་སྐྱོང་གི་གསོན་ཤུགས་འཕེལ་བར་བྱེད་པ་བཅས་བྱས་ཏེ་གཞི་རིམ་ཏང་འཛུགས་སྐྱོང་ལས་ཀའི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཤེས་དཔལ་གྱི་མེ་ཏོག་ཕྱོགས་བཞིར་བཞད། བོད་ལྗོངས་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས། ལྷ་རྩེ་རྫོང་ཕུན་ཚོགས་གླིང་ཤང་གིས་ལས་ཞུགས་གནད་སྨིན་སྦྲེལ་མཐུད་ཐུབ་རྒྱུར་སྐུལ་འདེད་བཏང་བ། གཞིས་རྩེའི་རྫོང་༼ཆུས༽༡༨ཡོངས་ཀྱི་དབུལ་ཞྭ་ཕུད་ཡོད།