ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་རྒྱ་མཚོ་ཞོལ་གྲོང་ཚོར་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི་ལས་དོན་རུ་ཁག་དང་། གྲོང་ཚོའི་ཨུ་ལྷན་གཉིས་ཀྱིས་གྲོང་ཚོ་དེའི་ཏང་ཡོན་དང་བླངས་པ་སྒྲིག་འཛུགས་བྱས་ནས་མང་ཚོགས་ཚོའི་སྟོན་ཏོག་བརྔ་བསྡུའི་ལས་ཀར་རོགས་རམ་བྱེད་པའི་བྱེད་སྒོ་སྤེལ་ཏེ། གྲོང་ཚོ་དེའི་ངལ་རྩོལ་ནུས་ཤུགས་མི་འདང་བའི་ཁྱིམ་ཚང་ལ་ནས་ཞིང་བརྔ་བསྡུ་བྱེད་རོགས་བྱས་ཏེ་ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་ཡོད།།