གཞི་རིམ་གྱི་ཏང་འཛུགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གཞི་རིམ་གྱི་ཏང་འཛུགས། >ལྡེབ་ངོས་མགོ་མ།

གཞི་རིམ་དུ་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་ཧུར་ཐག་བྱེད།

སྤེལ་དུས་: 2021ལོ་12ཟླ་27ཚེས་ 17:55 ཡོང་ཁུངས་: བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ་བཅུ་གཉིས་པའི་ཚེས ༢༡ ནས ༢༦ ཉིན་བར། རང་ལྗོངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་མཁན་གཞི་རིམ་སྒྲོག་འགྲེལ་པའི་སྦྱོང་བརྡར་འཛིན་གྲྭ་གཉེར་བ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། རང་ལྗོངས་སུ་གཞི་རིམ་སྒྲོག་འགྲེལ་པ་ཁྲི ༡ ལྷག་ཙམ་ཡོད་པ་དེ་དག་ནི་ཚོགས་འདུའི་དགོངས་དོན་ཚང་མར་ཤེས་པ་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད།  གཞི་རིམ་སྒྲོག་འགྲེལ་པའི་འགན་སེམས་དང་རང་འགུལ་ཆེ་རུ་བཏང་ཐོག་སྒྲོག་འགྲེལ་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་བཏང་སྟེ། གཞི་རིམ་སྒྲོག་འགྲེལ་ལས་དོན་སྔར་བས་ལེགས་པར་སྒྲུབ་རྒྱུར་རྨང་གཞི་བརྟན་པོ་འདིང་ཆེད། ད་ཐེངས་ཀྱི་སྦྱོང་བརྡར་ནང་ཕུལ་བྱུང་དགེ་རྒན་གདན་ཞུས་བྱས་ནས་ཟུར་ཁྲིད་དང་ཕན་ཚུན་སྤེལ་རེས་བྱེད་པ། གཟིགས་སྐོར་སློབ་སྦྱོང་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་གཞི་རིམ་ཕུལ་བྱུང་སྒྲོག་འགྲེལ་པ ༢༨༢ ལ་སློབ་ཚན་ཁྲིད་ཡོད།

སྦྱོང་བརྡར་མཇུག་སྒྲིལ་རྗེས་རྒྱ་ཆེའི་གཞི་རིམ་སྒྲོག་འགྲེལ་པས་ཞིང་འབྲོག་ཁུལ་དང་།  མཐའ་མཚམས་ཁུལ་སོགས་སུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པར་སྐྱོད་རྒྱུ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཏང་ཡོན་དང་བླངས་པས་སྟོན་བསྡུའི་ལས་ནང་ཞུགས་ཏེ་ཏང་དང་མང་ཚོགས་དབར་གྱི་འབྲེལ་ཟམ་ནུས་པ་བཏོན། ལོ་རྒྱུས་ཀྱི་རྗེས་ཤུལ། གྲགས་ཅན་གྱི་གནས་རྙིང་། གྲོ་མོ་རྫོང་གི་སྐྱེ་ཁམས་ཐོན་ལས་གླིང་གི་དཔལ་འབྱོར་དང་སྤྱི་ཚོགས་ཕན་འབྲས་ཆེ་རུ་སོང་བ། མང་ཚོགས་ཕྱུག་པོ་ཆགས་ན་གཞི་ནས་མཐའ་མཚམས་སྟོབས་ཆེར་འགྲོ་ཐུབ།