གཞི་རིམ་གྱི་ཏང་འཛུགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གཞི་རིམ་གྱི་ཏང་འཛུགས། >ལྡེབ་ངོས་མགོ་མ།

གཞིས་རྩེས་ཞིང་ལས་འཕྲུལ་ཆས་ཅན་དང་གཞི་ཁྱོན་ཅན་དེ་བཞིན་ཚད་གཞི་ཅན་དུ་འཕེལ་རྒྱས་བཏང་།

སྤེལ་དུས་: 2022ལོ་02ཟླ་24ཚེས་ 17:08 ཡོང་ཁུངས་: བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

དེང་སྐབས་གཞིས་རྩེ་གྲོང་ཁྱེར་གྱིས་དཔྱིད་རྨོས་དཔྱིད་འདེབས་དུས་ཚོད་དམ་འཛིན་བྱས་ཏེ། ཚད་གཞི་མཐོ་བའི་ཞིང་ཁ་བཟོ་རྒྱུར་སྐུལ་འདེད་བཏང་བ་དང་རྟ་ག་ཆ་སྒྲིག་གི་སྒྲིག་བཀོད་ཆུ་ཚད་མཐོ་རུ་བཏང་བ། ཞིང་ཆུ་དང་འདེབས་ལས་ཆ་རྐྱེན་ལེགས་སུ་བཏང་ནས་ཞིང་ལས་འཕྲུལ་ཆས་ཅན་དང་གཞི་ཁྱོན་ཅན། དེ་བཞིན་ཚད་གཞི་ཅན་དུ་འཕེལ་རྒྱས་གཏོང་རྒྱུར་རྨང་གཞི་བཏིང་ཡོད།

བསམ་གྲུབ་རྩེ་ཆུས་ཆུ་མིག་ཤང་བྱེ་པེ་གྲོང་ཚོར་མུའུ ༦༠༠༠ ལྷག་གི་ཚད་གཞི་མཐོ་བའི་ཞིང་ཁ་ཚ་ཚ་འུར་འུར་ངང་བཟོ་བཞིན་ཡོད། རིགས་ཁག་གི་རླངས་འཁོར་ཕར་གཏོང་ཚུར་གཏོང་བྱས་ནས་ཁག་ཅིག་གིས་ས་དབོར་བ་དང་ཁག་ཅིག་གིས་ས་ཁོད་སྙོམས་བཞིན་ཡོད། གྲོང་ཚོའི་ནང་རང་འགུལ་གྱིས་སྒྲིག་འཛུགས་བྱས་པའི་ལྟ་སྐུལ་པ་ཚོས་ཀྱང་ས་གནས་ས་ཐོག་ཏུ་ཞིབ་ཚགས་ངང་སྐོར་ཞིབ་བྱས་ཏེ་སྤུས་ཚད་ལ་དམ་འཛིན་བྱེད་ཀྱི་ཡོད།ཞིང་ཁར་འཕྲུལ་ཆས་འགྲོ་སའི་ལམ་བུ་རིམ་བཞིན་ཆགས་པ་དང་ཞིང་ཁ་ཡང་གྲལ་སྒྲིག་ཏུ་སོང་ཡོད།

བོད་ལྗོངས་ཤིང་ལེའེ་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ཐུའུ་ཤིང་ལུང་ནས།ང་ཚོ་པ་སྣམ་རྫོང་གི་ས་ཞིང་ཁོད་སྙོམས་ཚད་དེ་ཤང་༼ གྲོང་རྡལ ༽གསུམ་གྱི་གྲོང་ཚོ ༡༦ ལ་ཁྱབ་ཡོད། ད་ཆ་ནོར་ཁྱུང་གྲོང་རྡལ་གྱི་ས་ཞིང་ཁོད་སྙོམས་ཚར་གྲབས་ཡོད། དགའ་སྡོང་གྲོང་རྡལ་དང་བྱང་སྟོད་ཤང་གི་ས་ཞིང་ཁོད་སྙོམ་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད། ད་ལོའི་སྤྱི་ཟླ་གསུམ་པའི་ཟླ་དཀྱིལ་དུ་ཡོངས་སུ་མཇུག་སྒྲིལ་བཟོ་ཡོད་ཅེས་གསུངས།

གཞིས་རྩེ་གྲོང་ཁྱེར་གྱིས་སྒྲིག་འཛུགས་ཞིབ་ཚགས་དང་དུས་ཚོད་དམ་འཛིན་བྱས་ནས། ཚད་གཞི་མཐོ་བའི་ཞིང་ཁ་བཟོ་མགྱོགས་སུ་བཏང་བ་དང་རྣམ་གྲངས་ཁུལ་གྱི་མང་ཚོགས་ཚོས་ཧུར་ཐག་ངང་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་ཚོ ༡༦༣.༤༦ དང་། ཞིང་རྨོས་ཁྱབ་ཚད་བརྒྱ་ཆ ༨༤.༣༢ ཟིན་པའི་འཆར་བཀོད་བྱས་ཡོད། སྤྱི་ལོ ༢༠༡༩ ལོ་དང་སྤྱི་ལོ ༢༠༢༠ ལོར་མུའུ་ཁྲི་ཚོ ༤༤.༡༧ བཟོས་ཟིན་པ་དང་། སྤྱི་ལོ ༢༠༢༡ ལོར་མུའུ་ཁྲི་ཚོ ༣༣.༤ བཟོས་ཟིན་ཞིང་། སྔོན་དཔག་བྱས་ན་འདི་ལོའི་ཟླ་དགུ་པར་ཡོངས་སུ་ལེགས་སྒྲུབ་ཟིན་རྒྱུ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

པ་སྣམ་རྫོང་གིས་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ། མཐའ་མཚམས་ཁུལ་དུ་གནས་པའི་འདྲེན་ཐང་གྲོང་རྡལ་གྱིས་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་དོ་ཁུར་ཆེན་པོ་བྱེད། གཞི་རིམ་དུ་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་ཧུར་ཐག་བྱེད། བྱ་དེ་གསོས་ནས་ཕྱུག་པོའི་ལམ་དུ་བསྐྱོད།