གཞི་རིམ་གྱི་ཏང་འཛུགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གཞི་རིམ་གྱི་ཏང་འཛུགས། >ལྡེབ་ངོས་མགོ་མ།

ང་ཚོས་བསྟོད་གླུ་མི་ལེན་པ་ཅི་ལ་སྲིད།

སྤེལ་དུས་: 2023ལོ་03ཟླ་31ཚེས་ 11:24 ཡོང་ཁུངས་: མི་དམངས་དྲ་བའི་བོད་ཡིག་འཕྲིན་སྟེགས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ལོ་ངོ་ ༦༤ ཡི་གོང་ཀྲུང་གོ་གུང་ཁྲན་ཏང་རླབས་ཆེའི་དབུ་ཁྲིད་འོག  བོད་དུ་བརྗིད་རླབས་ཆེ་བའི་དམངས་གཙོའི་བཅོས་སྒྱུར་བྱས་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་བ་དང་། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ལོ་རྒྱུས་ཐོག་འོད་སྟོང་འཕྲོ་བའི་ལེའུ་ཞིག་བཏོད་ཡོད། ལོ ༦༤ ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་བརྗིད་ཉམས་ཆེ་བའི་རྣམ་པ་ཞིག་གཏོད་དེ། མི་སེམས་གཡོ་བར་བྱེད་ཅིང་བརྗིད་ཉམས་ཆེ་བའི་མཛད་རྗེས་བཞག་ཡོད། དེ་དག་ལས་ང་ཚོས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་དང་། འཛུགས་སྐྲུན། དབུལ་སྒྲོལ། འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་བཅས་ཀྱི་ལོ་རྒྱུས་འཕེལ་རིམ་མཐོང་ཐུབ། བསྔགས་བརྗོད་ཀྱི་གླུ་དབྱངས་དེ་ལས་ང་ཚོས་གཞིས་ཀ་རྩེའི་ཞི་མཐུན་བརྟན་ལྷིང་དང་མཐུན་སྒྲིལ་ཡར་བརྩོན་གྱི་དུས་རབས་ཀྱི་འབོད་སྒྲ་ཐོས་ཐུབ།

ནམ་ཡང་བློ་ལ་ངེས་རིན་ཡོད་པའི་ཉིན་མོ་དེའི་ནང་། ང་ཚོས་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ལ་གླུ་དབྱངས་མི་ལེན་པ་ཅི་ལ་སྲིད། ང་ཚོས་མཛེས་སྡུག་ལྡན་པའི་དུས་རབས་གསར་པ་དང་འཚོ་བ་གསར་པར་གླུ་དབྱངས་མི་ལེན་པ་ཅི་ལ་སྲིད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་ཚེ། གཞིས་རྩེའི་འབྱུང་འགྱུར་དེ་བས་འོད་སྟོང་འཕྲོ་ངེས་ཡིན་པ་དང་། ཇོ་རིའི་བུ་ཕྲུག་ཚོའི་གླུ་དབྱངས་ཇི་ཙམ་བླངས་པ་དེ་ཙམ་གྱིས་སྐད་གསང་མཐོན་པོས་ལེན་ངེས་ཡིན་པར་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

རྫོང་འདིར་བློ་རིག་སྨན་ཁང་དངོས་སུ་སྤྱོད་འགོ་ཚུགས་པ། ཁེ་སྤོགས་བགོ་འགྲེམས་ཀྱིས་ཤང་གྲོང་དར་རྒྱས་ལ་སྐུལ་འདེད་བཏང་བ། དཔྱིད་རྨོད་དཔྱིད་འདེབས་ལས་ལ་བྲེལ། བཙོག་ཆུ་གཙང་སེལ་ལས་གྲྭས་དམངས་ལ་ཕན་བདེ་བསྐྲུན།