གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཡག་ར་མཐའ་མཚམས་མངགས་གཏོང་ཁང་གིས།
འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་བཟང་པོ་ཧུར་ཐག་བཏོད་པ།
ཉེ་ཆར། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཡག་ར་མཐའ་མཚམས་མངགས་གཏོང་ཁང་གིས་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་བཅོས་སྒྲིག་བྱ་སྤྱོད་སྤེལ་བའི་དམིགས་ཡུལ་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ཏན་ཏིག་དང་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ལས་འཛོལ་སྣ་ཚོགས་སྔོན་འགོག་དང་ཉུང་དུ་གཏོང་རྒྱུ་དེ་རེད།
འགྲོ་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཏན་ཏིག་གཏོང་ཆེད། ཡག་ར་མཐའ་མཚམས་མངགས་གཏོང་ཁང་གིས་རྡུང་འགོག་མཉམ་འཛིན་དང་། འབྱུང་རྩ་ནས་བཅོས་སྒྲིག ཕྱོགས་བསྡུས་ཇུས་བསྟར་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་དོ་དམ་ལས་དོན་དེ་མངགས་གཏོང་ཁང་གི་མཐའ་མཚམས་དོ་དམ་འགན་འཁྲིའི་ཁྱབ་ཁོངས་ནང་བཅུག་ནས་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་བཅོས་སྒྲིག་བྱ་སྤྱོད་སྤེལ་བ་རེད། དེའི་རིང་མི་དམངས་ཉེན་རྟོག་པས་ཐར་པ་གཏན་ནས་མི་གཏོང་བ་དང་། ཁྲིམས་འཛིན་ནན་པོ་བྱེད་པ། དྲིལ་བསྒྲགས་གང་ལེགས་བྱེད་པ། སློབ་གསོ་ཧུར་ཐག་གཏོང་བ་བཅས་ཀྱི་ལས་ཀའི་འདུ་ཤེས་བཅངས་ནས་དམིགས་འཛུགས་ལས་སྒྲུབ་དང་སྐོར་སྐྱོད་སྐོར་བཤེར་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ། ཤོང་ཚད་ལས་བརྒལ་བ་དང་། མྱུར་ཚད་ལས་བརྒལ་བ། མི་སྣ་ཚད་ལས་བརྒལ་བ། ཆང་བཏུངས་འཁོར་གཏོང་། ར་བཟི་འཁོར་གཏོང་། ལག་ཁྱེར་མེད་པར་འཁོར་གཏོང་སོགས་གཙོ་གནད་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་འཁོར་གཏོང་སྒྲིག་ལམ་ཚད་ལྡན་དུ་བཏང་སྟེ། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག འགྲིམ་འགྲུལ་བདེ་འཇགས་ཀྱི་ལས་འཛོལ་ཐོན་རྒྱུ་འབྱུང་རྩ་ནས་བཀག་འགོག་ཉུང་གཏོང་དང་། ཁྲིམས་འཛིན་དང་སློབ་གསོ་ཟུང་འབྲེལ་གྱི་བྱེད་སྟངས་མཐའ་འཁྱོངས་བྱེད་པ། ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་པ། འགྲོ་སྐྱོད་ཚད་ལྡན་མེད་པ་དང་། ཆང་བཏུངས་འཁོར་གཏོང་། ར་བཟི་འཁོར་གཏོང་། མྱུར་ཚད་ལས་བརྒལ་ནས་འཁོར་གཏོང་སོགས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་རྒྱུན་མཐོང་གི་ཁྲིམས་འགལ་བྱེད་སྤྱོད་ཀྱི་གནོད་འཚེའི་རང་བཞིན་དང་ཁྲིམས་འགལ་རང་བཞིན་ལ་གསལ་འགྲེལ་བྱེད་པ། མང་ཚོགས་ལ་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་སྣ་ཚོགས་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས་པ་དང་། སྟེས་དབང་གི་བསམ་བློ་དང་སྣང་མེད་གཏོང་མི་རུང་བ། དུས་རྟག་ཏུ་རླངས་འཁོར་གཟབ་ནན་ངང་གཏོང་བ་དང་ཡ་རབས་ངང་ཕྱིར་སྐྱོད་དགོས་པ་བཅས་ཀྱི་ཁ་ཏ་བསླབ་བྱ་བྱས་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ངམ་རིང་རྫོང་གི་གྲོང་ཚོ་འདི་དག་གནས་སྤོས་བྱ་རྒྱུ་རེད་འདུག རྣམ་གླིང་རྫོང་གིས་ཞོག་ཁོག་ཐོན་ལས་འཕེལ་རྒྱས་གླེང་སྟེགས་འཚོགས་ནས་སྤུས་རྟགས་རྫོང་སྟོབས་ཆེན་ལ་ཐབས་དང་ཇུས་བཏོན་པ། དིང་རི་རྫོང་དུ་སྒལ་ཚིགས་འཁྱོག་པའི་ནད་པར་སྨན་བཅོས་བྱས་པ། ཐོན་ལས་དར་རྒྱས་ལས་ཀའི་ངར་ཤུགས་འཕེལ། འབབ་འཕར་ཕྱུག་འགྱུར་འཚོ་བ་མཛེས་སྡུག་ལྡན།