གཞི་རིམ་གྱི་ཏང་འཛུགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གཞི་རིམ་གྱི་ཏང་འཛུགས། >ལྡེབ་ངོས་མགོ་མ།

རྣམ་གླིང་རྫོང་གིས་དམངས་ལ་ཕྱུག་འགྱུར་ལམ་བུ་ཞིག་བཙལ་འདུག

སྤེལ་དུས་: 2023ལོ་11ཟླ་17ཚེས་ 16:57 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གཞི་ལག་ལེན་ཤུགས་ཆེན་བསྟར་རྒྱུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བྱས་པ་ནས་བཟུང་། ལྗོངས་ཡོངས་ཀྱི་མི་འབོར་ཨང་གཉིས་པ་དང་གཞིས་ཀ་རྩེ་གྲོང་ཁྱེར་ཡོངས་ཀྱི་མི་འབོར་མང་ཤོས་ཡིན་པའི་རྣམ་གླིང་རྫོང་གིས། གོ་སྐབས་དམ་འཛིན་དང་། ཞིང་འབྲོག་པའི་གནས་སྒྱུར་ལས་ཞུགས་དང་སྒྲིག་འཛུགས་ཡོད་པའི་ངལ་ནུས་ཕྱིར་གཏོང་ལས་དོན་ལ་དམ་འཛིན་གྱིས། ལྷ་སའི་ལྷོ་བྱང་རི་བོ་སྔོ་ལྗང་ཅན་དུ་འགྱུར་བའི་ལས་གཞི་བརྒྱུད་རྣམ་གླིང་རྫོང་གི་མང་ཚོགས་ཕྱུག་འགྱུར་ཡོང་བ་བྱེད་པའི་དམིགས་ཚད་ལ་སྣེ་ཁྲིད་བྱས་ཡོད།

ཉེ་བའི་ལོ་ཤས་རིང་། རྣམ་གླིང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭར་མི་བརྒྱ་ཆ ༡༠ ཕྱིར་གཏོང་བྱེད་པ་དང་། རྫོང་ནང་ཁུལ་གྱི་རྣམ་གྲངས་ཁག་གི་ནང་ཐག་ཉེ་བ་དང་སྟབས་བདེ་བའི་སྒོ་ནས་མི་བརྒྱ་ཆ ༢༠ བསྡུ་འགུག་བྱེད་པ། ཁེ་ལས་དང་། ཐོན་ལས་རྟེན་གཞི། མཉམ་ལས་ཁང་བཅས་སུ་མི་བརྒྱ་ཆ ༡༠ བསྡུ་འགུག་བྱེད་པ། མང་ཚོགས་རང་འགུལ་ངང་ཕྱིར་གླ་པར་སྐྱོད་མཁན་བརྒྱ་ཆ ༣༠ ཟིན་པ། ཚོང་གཉེར་བྱེད་མཁན་ནམ་ཞབས་ཞུ་སྒྲུབ་མཁན་བརྒྱ་ཆ ༣༠ ཟིན་པ་བཅས་ཀྱི་བྱ་ཐབས་བཟོས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་བཏང་ཡོད། སྔོན་དཔག་བྱས་ན ༢༠༢༣ ལོར་རྫོང་ཡོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཆིག་ཁྲི་དྲུག་སྟོང་ལྷག་ཙམ་ཟིན་པ་དང་དེའི་འཕར་ཚད་བརྒྱ་ཆ ༡༦ ཡན་ཟིན་ཏེ་ལྗོངས་ཡོངས་དང་གྲོང་ཁྱེར་ཡོངས་བར་གྱི་ཡོང་འབབ་ཧེ་བག་ཟམ་མི་ཆད་པར་ཆུང་དུ་བཏང་ཡོད།

ལོ་གཉིས་ཀྱི་ལག་ལེན་དང་འཚོལ་ཞིབ་བྱས་པ་བརྒྱུད། རྣམ་གླིང་རྫོང་གིས་ཞིང་འབྲོག་པའི་འབབ་འཕར་ལས་དོན་ཡག་པོ་སྒྲུབ་པའི་ཉམས་མྱོང་དོན་ཚན་ལྔ་ཕྱོགས་སྡོམ་བྱས་པ་སྟེ།འགོ་ཁྲིད་ཀྱིས་མཐོང་ཆེན་བྱེད་པ་ནི་འགག་རྩ་དང་། སྲིད་གཞུང་གིས་སྣེ་ཁྲིད་བྱེད་པ་ནི་སྔོན་འགྲོ། ཁེ་ལས་ཀྱིས་འཁོར་རྒྱུག་བྱེད་པ་ནི་ལྟེ་བ། འགན་འཁྲི་དོན་འཁྱོལ་བྱེད་པ་ནི་འགན་ལེན། མང་ཚོགས་ཐེ་ཞུགས་བྱེད་པ་ནི་རྩ་བ་བཅས་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

གཞིས་རྩེ་གྲོང་ཁྱེར་གྱིས་སེ་འབྲུའི་རྡོག་ཅེས་པའི་གསར་བརྗེའི་ས་ཚིགས༤༣བཏོད་པ། ཁང་དམར་རྫོང་གི་ཁེར་རྐྱང་རིག་ནུས་ཞིབ་མཆན་འཕྲུལ་ཆས་ཁག་དང་པོ་སྤྱོད་འགོ་ཚུགས་པ། གཞིས་རྩེ་གྲོང་ཁྱེར་གྱིས་བོད་ལུགས་གསོ་རིག་སྨན་བཅོས་འབྲེལ་ཚོགས་བཙུགས་པ། གཞིས་རྩེའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་བསྐྱར་དར་དང་རྒྱལ་སྤྱི་ཅན་གྱི་ཐབས་ལམ་གླེང་སྟེགས་རྒྱལ་རྩེ་རྫོང་དུ་གཉེར་བ།