ཤེས་ལྡན་མི་སྣ།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > ཤེས་ལྡན་མི་སྣ། >ལྡེབ་ངོས་མགོ་མ།

དབང་པོ་སྐྱོན་ཅན་ཉི་སྐྱིད་ལྷ་མོའི་ཕྱུག་འགྱུར་གཏམ་རྒྱུད།

སྤེལ་དུས་: 2019ལོ་09ཟླ་04ཚེས་ 10:23 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

འདི་ནི་ཉི་སྐྱིད་ལྷ་མོས་བཙུགས་པའི་སྒོ་རྩིས་ཚོང་ཁང་ཡིན་པ།

ཉི་སྐྱིད་ལྷ་མོ་མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོའི་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་ནས་ཡིན་པ་དང་སྔོ་ལྗང་གིས་བརྒྱན་པའི་སྒོ་ར་རང་འགྲིག་གི་ཉིས་ཐོག་ཅིག་ནང་སྡོད་ཀྱི་ཡོད། ཁོང་གིས་སྒོ་རའི་ནང་ཇ་ཁང་དང་སྒོ་རྩིས་ཚོང་ཁང་བཙུགས་ཏེ་རྒྱུན་གཏན་གྱི་བཟའ་བཅའ་དང་བཏུང་བྱ་ཡོད་པ་ཕུད་ད་དུང་དེང་སྐབས་ཀུན་གྱིས་དགའ་པོ་བྱེད་པའི་བཟའ་བཅའ་ཡང་མང་པོ་འཚོང་རྒྱུ་ཡོད།

“དུས་རབས་བཟང་པོ་འདི་ལྟ་བུར་དབང་སྐྱོན་ཡིན་པའི་རང་ཉིད་ལ་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་རྒྱུའི་གོ་སྐབས་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཉི་སྐྱིད་ལྷ་མོས་འཛུམ་མདངས་འཕྱུར་བཞིན་དུ་བརྗོད།

འདི་ལོ་ལོ་34ལ་སླེབས་པའི་ཉི་སྐྱིད་ལྷ་མོ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་བདེ་མཆོག་གྲོང་ཚོའི་མི་ཡིན་པ་དང་ཆུང་དུས་ནས་སྤྱོད་ཡོན་གཉིས་ལྡན་ཞིག་རེད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་ཁོ་མོ་ལོ་13ལ་སླེབས་སྐབས་འགྲིམ་འགྲུལ་ཆག་སྒོ་ལས་རྐང་པ་གཡོན་མའི་རུས་པར་ཆག་སྐྱོན་བྱུང་བ་རེད། ཨ་མས་གང་ས་ནས་དངུལ་གཡར་བའི་ཁར་ཁྱིམ་དུ་ཡོད་པའི་ལུག་12དང་རྟ་2པོ་ཡང་བཙོངས་ཏེ་བུ་མོ་ལྷ་ས་དང་ཁྲེང་ཏུའུ་སོགས་སུ་སྨན་བཅོས་བྱེད་པར་ཐེངས་མང་བསྐྱོད་ཀྱང་དྲག་སྐྱེད་མཐར་ཕྱིན་པ་བྱུང་མེད།

དེས་མ་ཚད་ཉི་སྐྱིད་ལྷ་མོའི་ནད་གཞི་ཡང་སེ་སྡུག་ཏུ་ཕྱིན་པ་དང་གཟུགས་པོ་ཞན་པའི་དབང་གིས་སློབ་ཆེན་ལ་རྒྱུགས་འཕྲོད་མེད། མཐོ་རིམ་སློབ་འབྲིང་ཐོན་ནས་ཁྱིམ་དུ་སྡོད་རིང་ཨ་མ་ཉིན་ལྟར་བྲེལ་འཚུབ་ངང་ལས་ཀ་བྱེད་པ་མཐོང་བ་ལས་རང་གིས་རོགས་པ་ཕྲན་ཙམ་ཡང་བྱེད་མ་ཐུབ་པའི་སྐབས་ཁོ་མོའི་སེམས་སུ་དངངས་འཚབ་ཆེན་པོ་ཡོང་གི་ཡོད། དུས་ཡུན་རིང་པོ་མ་སོང་བར་ཨ་མ་ངལ་དུབ་དང་ནད་གཞིས་རྐྱེན་པས་ཚེ་ལས་འདས་པས་ཨ་མ་དང་གཅིག་ལ་གཅིག་བརྟེན་ཡིན་པའི་ཁོ་མོར་བཟོད་ཐབས་བྲལ་བའི་སྡུག་བསྔལ་ཚད་མེད་བྱུང་བ་རེད། “སྐབས་དེར་རང་ཉིད་སྡུག་བསྔལ་གྱི་རྒྱ་མཚོའི་ནང་ལྷུངས་བྱུང”ད་བར་ཉི་སྐྱིད་ལྷ་མོས་ཨ་མའི་སྐོར་གླེང་ཚེ་མིག་ཆུ་རང་དབང་མེད་པར་ཤོར་གྱི་ཡོད།

ལུས་པོ་དབང་སྐྱོན་ཡིན་པ་དང་ཨ་མ་སྔ་ས་ནས་ཚེ་ལས་འདས་པའི་དཀའ་ངལ་འཕྲད་པའི་ཉི་སྐྱིད་ལྷ་མོས་དཔའ་མ་ཞུམ་པར་དེ་བས་སྙིང་སྟོབས་དེ་བས་ཆེར་སྐྱེད་ཀྱིས་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ཏེ་རང་ཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་བཏང་བ་རེད།

སྒར་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རོགས་རམ་འོག་ཉི་སྐྱིད་ལྷ་མོས་མཐའ་མཚམས་ཀྱི་ཞིང་འབྲོག་པ་གནད་སྨིན་དབུལ་སྐྱོར་ཡོང་བའི་ཐད་ཀྱི་ཏང་དང་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་ཤེས་རྟོགས་བྱས་ཏེ་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱས་ཚེ་དབུལ་སྒྲོལ་ཡོང་བའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་ཕྱིན་ཡོད། 2012ལོར་ཁོང་གིས་བུད་མེད་ཀྱི་གྲངས་འབོར་ཉུང་བའི་སྐྱེད་གསབ་དངུལ་བུན་བརྒྱུད་དངུལ་ཁང་ནས་སྒོར་ཁྲི་4གཡར་ཏེ་རང་ཉིད་ཀྱི་སྒོ་རའི་ནང་ཚོང་ཁང་དང་ཇ་ཁང་བཙུཌ་པ་རེད། ཞིང་ལས་དངུལ་ཁང་སྒར་རྫོང་ཉིང་ལག་དངུལ་ཁང་གིས་ས་གནས་ཀྱི་མི་སེར་ཚོར་དངུལ་རྩའི་སྟབས་བདེ་བསྐྲུན་པ་དང་དུས་མཚུངས་ཉི་སྐྱིད་ལྷ་མོར་ལྟ་རྟོག་བྱ་ཆེད་ད་དུང་ཁོང་གི་ཚོང་ཁང་ནང“ཞིང་གསུམ་གྱི་དངུལ་རྩའི་ཞབས་ཞུའི་ས་ཚིཌ”བཙུཌ་ཏེ་ལོ་ལྟར་གླ་ཕོཌ་སྒོར་7000ལྷག་ཙམ་སྤྲོད་ཀྱི་ཡོད།

ཉི་སྐྱིད་ལྷ་མོའི་དཀའ་སྤྱད་འབད་འབུངས་དང་མཐའ་འཁོར་གྱི་མང་ཚོགས་དང་དེ་བཞིན་བཅའ་སྡོད་དཔོན་དམག་གི་ལྟ་རྟོག་འོག་ཁོང་གི་ཚོང་ཁང་གི་ཚོང་བྲིན་ཁ་རྒྱུག་པོ་བྱུང་ནས་ཡུན་རིང་མ་སོང་བར་བུ་ལོན་གཙང་འཇལ་ཐུབ་པ་མ་ཟད་ད་དུང་ཡུལ་མི་ཚོ་དང་མཉམ་དུ་ཧྲའན་ཤིས་ཞིང་ཆེན་གྱིས་རོགས་སྐྲུན་བྱས་པའི་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོའི་ཁང་གསར་ནང་སྡོད་རྒྱུ་བྱུང་བ་རེད།

དེས་མ་ཚད་ད་དུང་ཁོང་གིས་བདེ་མཆོག་གྲོང་ཚོར་ལས་མི་བྱེད་པར་ཡོང་མཁན་མཚོ་སྔོན་གྱི་བོད་རིགས་གཞོན་སྐྱེས་ལུའོ་འཆི་མོང་ངོ་ཤེས་ནས་ཁོང་གཉིས་དབར་ལས་འབྲེལ་ཟབ་མོ་བྱུང་སྟེ་དུས་ཚོད་རིང་པོ་མ་འགོར་བར་གཉེན་སྒྲིག་བྱས་པ་དང་སྤྱང་གྲུང་དོད་པའི་བུ་མོ་གཉིས་ཀྱང་བྱུང་ཡོད།

2016ལོར་ཉི་སྐྱིད་ལྷ་མོས་སྒར་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་སླར་ཡང་བུད་མེད་ཀྱི་གྲངས་འབོར་ཉུང་བའི་སྐྱེད་གསབ་དངུལ་བུན་སྒོར་ཁྲི་5གཡར་ནས་ཚོང་ཁང་ཆུང་ཆུང་འདི་ཉིད་སྒོ་རྩིས་ཚོང་ཁང་ལ་བསྒྱུར་བ་དང་ཆབས་ཅིག ཇ་ཁང་གི་ཆ་རྐྱེན་ཡང་ལེགས་སུ་བཏང་བས་ལོར་ཡོང་འབབ་ཁེ་གཙང་སྒོར་ཁྲི་1ལྷག་ཙམ་ཟིན་པའི་ཁར་བཟའ་ཟླས་ཕྱིར་ལས་མི་བྱེད་པའི་ཡོང་འབབ་བསྣན་པས་2017ལོར་ཁོང་གི་ཁྱིམ་བདེ་བླག་ངང་དབུལ་སྒྲོལ་བྱུང་ཡོད།

རང་ཉིད་མེས་རྒྱལ་གྱི་ནུབ་རྒྱུད་མཐའ་མཚམས་སུ་གནས་ཀྱང་ཉི་སྐྱིད་ལྷ་མོས་རྒྱུན་མཐོང་གི་ཚོང་ཟོག་ཁོ་ན་འཚོང་རྒྱུར་ཡིད་ཚིམ་ནས་མི་སྡོད་པར་གྲོང་ཚོའི་ནང་རྒྱུན་དུ་མཐོང་དཀོན་པའི་བཟའ་བཅའ་སྤུས་དག་ཁག་གཅིག་དྲ་ཐོག་ནས་ཉོས་ཏེ་འཚོང་གི་ཡོད། དེས་མ་ཚད་ད་དུང་སེང་གེ་ཁ་འབབ་གྲོང་རྡལ་དུ་ཚོང་ཁང་ཞིག་གླས་ནས་དྲ་ཐོག་ཚོང་ཁང་ནས་ཉོས་པའི་གྱོན་ཆས་འཚོང་རྩིས་བྱེད་ཀྱི་ཡོད། ཁོང་གི་བཟའ་ཟླ་ཡང་ལས་ཀ་འཇོན་པར་བརྟེན་སྔོན་ཆད་གཞན་ལ་རོགས་རམ་བྱེད་པ་ནས་ད་ཆ་རང་ཉིད་ཀྱིས་གཞན་གྱི་སྣེ་ཁྲིད་དེ་རྣམ་གྲངས་འགན་གཙང་ལེན་པའི་བར་འཕེལ་རྒྱས་བྱུང་ཡོད། འདི་ལོ་ཁོང་གིས་བདེ་མཆོག་གྲོང་ཚོ་སྨད་ཀྱི་ཉེ་འགྲམ་དུ་གནས་པའི་སྡོང་ཕྲུག་འདེབས་འཛུགས་ཀྱི་རྣམ་གྲངས་འགན་གཙང་བླངས་ཡོད། གོམ་སྟབས་རྗེས་མར་ཁོང་གིས་ད་དུང་ཕྱིར་སྐྱོད་ཐད་སྟབས་བདེ་ཡོང་ཆེད་རླངས་འཁོར་ཞིག་ཉོ་རྩིས་ཡོད་པས་ཉི་སྐྱིད་ལྷ་མོ་དང་མཉམ་དུ་མཐའ་མཚམས་ཀྱི་འཐབ་ས་དང་པོར་ཕྱུག་འགྱུར་ལམ་དུ་བསྐྱོད་པའི་ངོ་མཚར་གྱི་གཏམ་རྒྱུད་རྩོམ་རྒྱུ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

མྱང་ཆུ་གཙང་པོའི་འགྲམ་ནས་སྦྲང་དཀར་རྩམ་པའི་དྲི་ཞིམ་འཐུལ། ཕྱུག་པོ་ཆགས་ཀྱང་རྩ་བ་མ་བརྗེད་པར་མང་ཚོགས་ཀྱི་སྙིང་ཉེ་སར་གྱུར་བར་བྱེད་པ།