རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ལྷ་སར་འཚོགས་པ།
ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ།
བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ ༤ ཚེས ༢༦ ཉིན་གནས་ཚུལ་འབྱོར་གསལ། ཚེས ༢༦ ཉིན། རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ལྷ་སར་འཚོགས་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ་རེད།
དཔེ་ཀློག་འཛིན་གྲྭའི་ཐོག ཀྲུང་དབྱང་སྒྲིག་ཨུད་ཁྲིམས་སྲོལ་ཁང་གི་ལས་བྱེད་པ་ཡའོ་ཁོ་ཀྲུའུ་ཡིས་ཆེད་དོན་ཟུར་ཁྲིད་བྱས་པ་དང་ཏང་ཙུའི་ཚན་ཁག་གི་ཁོངས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་ནི་ཏང་ཡོན་དང་ལས་བྱེད་པའི་ཚེ་གང་སྦྱོང་དགོས་ངེས་ཀྱི་སློབ་ཚན་ཞིག་རེད། གསར་དུ་བཟོ་བཅོས་བརྒྱབ་པའི༼ སྲོལ་ཡིག༽ནང་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་གི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན།
དམིགས་སའི་རང་བཞིན་བཅས་དེ་བས་མངོན་གསལ་དོད་པོ་ཡོད། སྒྲིག་ཁྲིམས་སློབ་སྦྱོང་གི་ས་བཅད་དང་དོན་ཚན་རེ་རེ་བཞིན་སྦྱངས་ཏེ་སློབ་སྦྱོང་སློབ་གསོ་དེ་བྱ་སྤྱོད་ཀྱི་རང་རྟོགས་དང་། ཆབ་སྲིད་ཀྱི་འགན་འཁྲི། ནང་གནས་ཀྱི་དགོས་མཁོ་བཅས་སུ་བརྩི་བ་དང༼ སྲོལ་ཡིག༽དེ་རང་གཅུན་སྲིད་ཞུགས་ཀྱི་སྒྲོག་ཙེའི་སྟེང་གི་དེབ་དང་བསྲུང་བྱའི་གདམ་ངག་ལ་བརྩིས་ནས་ཏང་ཀྲི་པུའི་ཚོགས་འདུ་གསུམ་དང་སློབ་ཚན་གཅིག་དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་བྱེད་སྟངས་སྤྱད་དེ་ཇི་མ་ཇི་བཞིན་ཀློག་པ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་ཀློག་པ། རྒྱུན་འཁྱོངས་ལྷོད་མེད་ངང་ཀློག་པ་བཅས་བྱེད་པ་དང་ལྷག་པར་དུ་གཏན་འབེབས་གསར་པ་ཁོང་དུ་ཆུད་པར་བྱས་ཏེ་དོན་ཚན་དང་ནང་གསེས་རེ་རེ་བཞིན་སེམས་ནང་བརྟན་པོར་འཇགས་པ་དང་གཏམ་སྤྱོད་ཀྱི་ཚད་གཞིར་གྱུར་བར་བྱས་ཏེ་སྦྱངས་པར་འབྲས་བུ་ཐོན་པ་དང་། སྦྱངས་ནས་གོ་རྟོགས་སད་པ། སྦྱངས་ནས་གུས་བཀུར་ཐོབ་པ། སྦྱངས་ནས་སྤྱོད་གོ་ཆོད་པ་བཅས་ཐུབ་པར་བྱེད་དགོས། སྒྲིག་ཁྲིམས་ཤེས་པ་སེམས་ནང་བརྟན་པོ་ཟུག་པར་བྱས་ཏེ་དཔེ་མཚོན་གྱོད་དཔེ་དེ་གྱོད་དཔེར་བརྟེན་ནས་ཀུན་སྤྱོད་དང་། སྒྲིག་ཁྲིམས། བཅའ་ཁྲིམས། འགན་འཁྲི་བཅས་གླེང་བའི་བསླབ་གཞི་གསོན་པོར་འགྱུར་བར་བྱེད་པ་དང་གཅིག་རེ་དགུ་ཡི་ཉེན་བརྡའི་སློབ་གསོ་བྱེད་སྒོ་རྒྱུན་དུ་སྤེལ་ནས་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་དང་། གཞོན་ནུ་ལས་བྱེད་པ། འགག་རྩའི་ལས་གནས་ཀྱི་ལས་བྱེད་པ་སོགས་གཙོ་གནད་མི་སྣར་དམ་འཛིན་ཏན་ཏིག་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་སྔོན་ལ་འཇོག་པ་དང་སྒྲིག་ལམ་སེམས་སུ་འཆང་བའི་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱས་ནས་དཀའ་སྤྱད་འབད་འཐབ་ཀྱི་རྒྱུག་མཐུད་དབྱུག་པ་འབྲེལ་མཐུད་ཏན་ཏིག་བྱེད་པ་དང་གུང་ཁྲན་ཏང་མིའི་སྤྱོད་གཙང་གི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་ཞེན་མེད་པར་སྒྲིག་ཁྲིམས་གསལ་ཤེས་ཐུབ་པ་དང་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་སྤུ་གྲི་ཡིན་པའི་སྒྲིག་ཁྲིམས་ཡག་པོ་སྤྱད་དེ་བསམ་བློའི་ཐོག་ནས་ཏང་གི་སྒྲིག་ཁྲིམས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཏང་གི་སྒྲིག་ཁྲིམས་ཀྱི་ཚད་གཞིར་ནན་པོ་གཞིགས་ཏེ་རང་ཉིད་ལ་རེ་བ་འདོན་པ། མཐའ་ཚད་ཤེས་པ་དང་དབྱེ་མཚམས་གསལ་པོ་ཤེས་པར་བྱས་ཏེ་ཏང་གི་སྒྲིག་ཁྲིམས་ཀྱི་བླང་བྱ་དེ་རང་ཉིད་ཀྱི་ནང་བསམ་པའི་དོན་གཉེར་དུ་འགྱུར་བ་དང་ཕྱི་བྱ་སྤྱོད་ཀྱི་རང་རྟོགས་སུ་འགྱུར་བར་བྱེད་དགོས་པ་དང་། སྒྲིག་འགལ་གྱི་བྱེད་སྤྱོད་དང་འཐབ་རྩོད་བྱེད་ཕོད་པར་བྱས་ཏེ་སྒྲིག་ཁྲིམས་སྲུང་མཁན་དང་ལག་བསྟར་བའི་གཟུགས་བརྙན་ལ་བརྟེན་ནས་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཀྱི་བྱང་ཚད་མངོན་པར་བྱས་ཐོག་སྔ་ཕྱི་བར་གསུམ་དུ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་དཔེ་དམག་བྱེད་དགོས་པ། མགོ་མཇུག་གཟབ་འཁྱོངས་ཀྱིས་སྒྲིག་ཁྲིམས་སྲུང་བ་དང་བསམ་སྤྱོད་གཟབ་ནན་དང་རང་གཟབ་བྱས་ནས་བབ་བསྟུན་མི་བྱེད་པ་དང་། ཆད་ལུས་མེད་པ། མགོ་བདེ་དྲན་འཕྲུལ་མི་བྱེད་པ། རང་ངོས་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། གུས་སྐྲག་ཤེས་པ། དོགས་ཟོན་དང་དངངས་སྐྲག་ཡོད་པ། མཐའ་ཚད་སྲུང་བ་བཅས་བྱས་ནས་སྟེང་འོག་དང་། རྒྱབ་མདུན། ལས་ཀའི་ཕྱི་ནང་བཅས་སུ་རྣམ་འགྱུར་དང་བྱ་སྤྱོད་གཅིག་མཚུངས་དངོས་འབྲེལ་ཐུབ་པ་དང་མིང་འདོད་ཀྱིས་མི་ངལ་བ་དང་། རྒྱུ་འདོད་ཀྱིས་མི་བསླུ་བ། ཁེ་འདོད་ཀྱིས་མི་འཁྲུལ་བ་བཅས་བྱེད་དགོས། ཁག་བགོས་དོ་དམ་ཁྱབ་ཁོངས་དང་། སྡེ་ཚན། གནས་ཡུལ་ས་གནས་བཅས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་ནང་མི་དང་གཉེན་ཉེར་དོ་དམ་ནན་པོ་བྱེད་པ་དང་ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་བྱ་བར་དོ་དམ་ཡག་པོ་བྱས་ཏེ་ཆབ་སྲིད་ཀྱི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་གོམས་སྲོལ་ལེགས་པའི་ཁྲིད་སྟོན་པ་དང་། འཛུགས་སྐྱོང་བ། སྲུང་སྐྱོང་བ་བཅས་རང་རྟོགས་ངང་བྱེད་དགོས། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཀྲུང་གོ་གུང་ཁྲན་ཏང་གིས་འཛམ་གླིང་གི་བརྟན་ལྷིང་ལ་སྐུལ་འདེད་བཏང་བ། ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭར་གསུང་བཤད་གལ་ཆེན་གནང་བ། ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་མུ་མཐུད་ལེགས་སྐྱེས་འབུལ་དགོས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་དོན་སྙིང་། ཏང་བཅོས་སྐྱོང་ནན་པོ་བྱེད་དགོས་ན་སྒྲིག་ཁྲིམས་དམ་ནན་ལ་བརྟེན་དགོས།