གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཏང་བཅོས་སྐྱོང་ནན་པོ་བྱེད་དགོས་ན་སྒྲིག་ཁྲིམས་དམ་ནན་ལ་བརྟེན་དགོས།

སྤེལ་དུས་: 2021ལོ་12ཟླ་10ཚེས་ 16:38 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཏང་གིས་ཏང་ལ་དོ་དམ་དང་། ཏང་བཅོས་སྐྱོང་ནན་པོ་བྱེད་དགོས་ན། སྒྲིག་ཁྲིམས་དམ་ནན་ལ་བརྟེན་དགོས། སྤྱི་ལོ ༡༩༦༤ ལོའི་ཟླ་བ ༡༠ པར། བློ་མཐུན་ཀྲའུ་ཨེན་ལའེ་ཡིས་ལོ་རྒྱུས་སྙན་ངག་གི་རོལ་དབྱངས་ཞབས་བྲོ༼ཤར་ཕྱོགས་དམར༽ཞེས་པའི་འཁྲབ་སྟོན་མི་སྣའི་ཚོགས་ཆེན་ཐོག་སྙན་ཞུ་གནང་སྐབས། བློ་མཐུན་མའོ་ཙེ་ཏུང་གིས་ང་ཚོའི་ཏང་ནི་སྒྲིག་ཁྲིམས་ཡོད་པ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་དང་། རང་སྐྱོན་རང་བརྗོད་བྱེད་ཐབས་སྤྱོད་པ། མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པ་བཅས་ཀྱི་ཏང་ཞིག་རེད་ཅེས་གསུངས་པ་དང་། བློ་མཐུན་མའོ་ཙེ་ཏུང་གིས་ཆེད་མངགས་སྒྲིག་ཁྲིམས་ཡོད་པ་ཞེས་པ་དེ་ཨང་དང་པོར་བཞག་གནང་བ་དེ་ནི་སྟེས་དབང་ཞིག་མ་ཡིན་ཏེ། དེ་ནི་ཏང་གིས་གསར་བརྗེ་རྒྱུན་འཁྱོངས་དང་། དགྲ་བོ་ལས་རྣམ་པར་རྒྱལ་བ། རྒྱལ་ཁ་བརྩོན་ལེན་བཅས་ཐུབ་མིན་གཏན་འཁེལ་བྱེད་པའི་ཆ་རྐྱེན་ཨང་དང་པོ་དེ་རེད། ལས་བྱེད་པར་སྐྱོན་ལྷག་པ་ཚང་མ་སྒྲིག་ཁྲིམས་ལས་འགལ་བའི་རྐྱེན་གྱིས་ཡིན་སྟབས། ངེས་པར་དུ་ཏང་གི་སྒྲིག་ཁྲིམས་ནན་པོ་ཡོང་བ་བྱེད་དགོས་པ་དང་། ཏང་གི་སྒྲིག་ཁྲིམས་ཁག་ཚང་མ་ནན་སྲུང་བྱེད་དགོས། ཏང་གི་སྒྲིག་ཁྲིམས་ལ་སྲུང་བརྩི་ཞུ་རྒྱུ་དེ་ནི་གླེང་མེད་ཡིན་པས། ཁ་བཤད་ལག་བསྟར་དང་། སྒྲིག་ཁྲིམས་ལག་བསྟར་བྱེད་པ། སྒྲིག་འགལ་བྱུང་ན་རྩད་གཅོད་བཅས་བྱེད་དགོས་པ་ལས། བློ་ལ་ཕྱིན་ན་ལག་བསྟར་བྱེད་པ་དང་། བློ་ལ་མ་ཕྱིན་ན་ལག་བསྟར་མི་བྱེད་པ་བྱེད་མི་རུང་ལ། སྒྲིག་ཁྲིམས་དེ་གཅུན་སྡོམ་ཙམ་པོ་བ་ཞིག་གམ་ཡང་ན་བསྒྲིགས་ནས་བཞག་པའི་ཆོ་མེད་བཅའ་ཡིག་ལ་བརྩི་མི་རུང་ངོ་།

——༼སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གི་གསུང་བཤད༽(སྤྱི་ལོ ༢༠༡༤ ལོའི་ཟླ་བ ༡ པོའི་ཚེས ༡༤ ཉིན)

       གསལ་འགྲེལ།

༼ཤར་ཕྱོགས་དམར༽ཞེས་པ་གླུ་གར་གྱི་རྣམ་པའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་རྗེས། ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དཀའ་སྤྱད་ཚད་མེད་ཀྱིས་གསར་བརྗེའི་འཐབ་རྩོད་བྱས་མཐར། མི་རིགས་རང་བཙན་དང་མི་དམངས་ལ་བཅིངས་འགྲོལ་ཐོབ་ལུགས་བསྐྱར་དུ་མངོན་པར་བྱས་ཡོད་ལ། བརྩམས་ཆོས་དེས་ང་ཚོའི་ཏང་འདི་ཆུང་བ་ནས་ཆེན་པོ་དང་། ཉམས་ཞན་ནས་སྟོབས་ལྡན་ལ་འགྱུར་བའི་འབད་འཐབ་ཀྱི་བརྒྱུད་རིམ་དེ་དགའ་སྐྱོ་གཉིས་ལྡན་གྱི་ལོ་རྒྱུས་སྙན་ངག་གི་གླུ་གར་ནས་མངོན་པར་བྱས་ཡོད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

༼ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད༽སྐོར་གྱི་གསལ་བཤད། ཏང་འཛུགས་སྐྱོང་གིས་རྣམ་པ་གསར་པ་བཏོད་རྒྱུར་ཁྲིད་སྟོན་བྱེད། ཏང་ཡོན་ལས་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་དགོས། ཞི་ཅིན་ཕིང་གི༼མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་རྒྱུན་འཁྱོངས་གཏོང་རྒྱུ་སྨྲ་བ༽ཞེས་པའི་ཨ་རབ་ཡི་གེའི་དཔར་མ་འགྲེམ་སྤེལ་བྱས་པ། མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་ཡོང་བ་བྱེད་དགོས།