གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་དང་ཏུའུ་ཐེར་ཐེ་རྣམ་གཉིས་ཀྱིས་ཕན་ཚུན་ཤིས་ཚིག་བསྒྲོན་གནང་བ།

སྤེལ་དུས་: 2020ལོ་06ཟླ་10ཚེས་ 15:47 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས ༩ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཐེས་ཕན་ཚུན་ཤིས་ཚིག་བསྒྲོན་གནང་སྟེ། ཀྲུང་ཧྥིའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་ ༤༥ འཁོར་བར་རྟེན་འབྲེལ་ཞུས་གནང་ཡོད། ཞི་ཅིན་ཕིང་གིས་ཤིས་ཚིག་ནང་། ཀྲུང་གོ་དང་ཧྥི་ལི་ཕིན་ནི་མཛའ་གྲོགས་ཁྱིམ་མཚེས་བཟང་པོ་ཡིན་ཞིང་སྲོལ་རྒྱུན་མཛའ་ཤེས་ཟབ་མོ་ཡོད། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་ ༤༥ སོང་རིང་། ཀྲུང་ཧྥིའི་འབྲེལ་བ་གོང་འཕེལ་མྱུར་པོ་ཕྱིན་པ་དང་། ལྷག་པར་དུ་ཉེ་བའི་ལོའི་རིང་རྒྱལ་ཁབ་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་ཕྱིན་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་མཐུད་རྒྱ་བསྐྱེད་པ། རྒྱུད་གཅིག་ལམ་གཅིག་གི་མཉམ་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་བཅས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་བསྐྲུན་པ་དང་། ས་ཁུལ་གྱི་བརྟན་ལྷིང་དང་གོང་འཕེལ་ཆེད་ལེགས་སྐྱེས་བཟང་པོ་ཕུལ་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་ཧྥི་རྒྱལ་ཁབ་གཉིས་པོ་གོང་འཕེལ་འགྲོ་བའི་འགག་རྩའི་དུས་སུ་གནས་ཡོད་པས་མཉམ་ལས་བྱ་གཞི་ཧ་ཅང་ཆེན་པོ་ཡོད། ངོས་ནས་ཀྲུང་ཧྥིའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཙུང་ཐུང་ཏུའུ་ཐེར་ཐེ་དང་ལྷན་དུ་འབད་བརྩོན་བྱས་ནས། ཀྲུང་ཧྥིའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པའི་སྟེང་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་ཕྱོགས་ནས་ཧྥི་ལི་ཕིན་ལ་ཏོག་གསར་གློ་ཚད་རིམས་ནད་ཀྱི་གོད་ཆག་འཕྲད་པར་གདུང་སེམས་མཉམ་སྐྱེ་བྱེད་བཞིན་ཡོད། ཧྥི་ལི་ཕིན་ཕྱོགས་དང་ལྷན་དུ་འབད་བརྩོན་བྱེད་པ་བརྒྱུད་དུས་ངལ་མཉམ་སེལ་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།

ཏུའུ་ཐེར་ཐེ་ཡིས་ཤིས་ཚིག་ནང་། ཧྥི་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་བརྩེ་དུང་ཆུ་མོའི་རྒྱུན་བཞིན་རིང་པོ་ཡོད། སྤྱི་ལོ ༡༩༧༥ ལོར་ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་ཟམ་མི་ཆད་པར་གོང་འཕེལ་ཕྱིན་ཡོད། མིག་སྔའི་འཛམ་གླིང་གི་བདེ་འཇགས་དང་བརྟན་ལྷིང་ལ་འགྲན་རྩོད་ཟམ་མི་ཆད་པར་འཕྲད་པ་དང་། ཏོག་གསར་གློ་ཚད་རིམས་ནད་སོགས་སྔར་ཐོན་མྱོང་མེད་པའི་བདེ་འཇགས་ཉམས་ཉེན་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པས། ཧྥི་ཀྲུང་དབར་གྱི་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུག་ཅིག་རེད། ཧྥི་ལི་ཕིན་ཕྱོགས་ནས་ཀྲུང་གོ་ཉིད་མཛའ་གྲོགས་ཁྱིམ་མཚེས་དང་རོགས་ཟླ་གལ་ཆེན་ལ་བརྩི་བཞིན་ཡོད་པས། མུ་མཐུད་ཞི་མཐུན་མཉམ་གནས་དང་གཉིས་ཕན་མཉམ་ལས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་པོའི་ཞི་བདེ་དང་གོང་འཕེལ། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།།

 


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་དང་ཝུན་རྨིན་གྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། ཞི་ཅིན་ཕིང་གིས་ཁོ་སི་ཐ་རི་ཁའི་ཙུང་ཐུང་ཨར་ཝ་ལ་ཏུའོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། ཞི་ཅིན་ཕིང་གི་ཕྱག་ཡིག་ལ་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ། ཞི་ཅིན་ཕིང་དང་མོ་ཁེར་གྱིས་ཞལ་པར་ཐོག་ནས་བཀལ་མོལ་གནང་བ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།