གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་ཧྥི་ལི་ཕིན་གྱི་ཙུང་ཐུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

སྤེལ་དུས་: 2020ལོ་06ཟླ་12ཚེས་ 11:09 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ ༦ པའི་ཚེས ༡༡ ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཏེ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པ་ནས་བཟུང་། ཀྲུང་གོ་དང་ཧྥི་ལི་ཕིན་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་མི་དམངས་ཀྱིས་ཕན་ཚུན་ལག་གདང་སྦྲེལ་ནས་མཉམ་དུ་རིམས་འགོག་བྱས་ཏེ། སོ་སྲུང་རོགས་རེས་ཀྱི་སྤུན་ཟླའི་བརྩེ་སེམས་ལ་གསལ་འགྲེལ་བྱས་ཡོད། ཁྱེད་རང་གི་འགོ་ཁྲིད་པའི་འོག ཧྥི་ལི་ཕིན་གྱིས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་བཏོན་པར་གྲུབ་འབྲས་ཡག་པོ་ཐོབ་པ་མཐོང་དུས་ང་རང་དགའ་ཚོར་ཆེན་པོ་བྱུང་། ཧྥི་ལི་ཕིན་མི་དམངས་ཀྱིས་མཐུན་སྒྲིལ་རོགས་ལས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། རིམས་ནད་ལས་སྔ་ཙམ་རྒྱལ་ཐུབ་པ་དང་ཐོན་སྐྱེད་དང་འཚོ་བ་སླར་གསོ་ཐུབ་རྒྱུར་ཡིད་ཆེས་ཡོད། ཀྲུང་གོའི་ཕྱོགས་ནས་ཧྥི་ལི་ཕིན་གྱི་དགོས་མཁོར་གཞིགས་ཏེ། ཧྥི་ལི་ཕིན་ཕྱོགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་མུ་མཐུད་བྱེད་འདོད་ཡོད། ཀྲུང་གོའི་ཕྱོགས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་ལ་བརྩི་སྲུང་ཞུས་ཐོག གོ་ལ་ཧྲིལ་པོར་དངུལ་རྩ་དང་། ཉམས་མྱོང་། སེམས་ཤུགས་བཅས་མཁོ་འདོན་བྱེད་རྒྱུ་དང་། དགོས་མཁོ་ཡོད་པའི་རྒྱལ་ཁབ་ལ་རོགས་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ནས་ཧྥི་ལི་ཕིན་དང་འབྲེལ་གཏུག་དམ་ཟབ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་འགོག་བྱེད་པའི་ཐད་མཐུན་སྒྲིལ་དམ་ཟབ་བྱེད་རྒྱུ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དེ་བས་ལེགས་པའི་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་མ་ལག་མཉམ་དུ་འཛུགས་འདོད་ཡོད་ཅེས་ནན་སྟོན་གནང་བ་རེད།

ཞི་ཅིན་ཕིང་གིས། ད་ཐེངས་ཀྱི་རིམས་ནད་དེ་ནི་ཉམས་ཉེན་ཞིག་ཡིན་མོད། འོན་ཀྱང་ང་ཚོས་ཉམས་ཉེན་ཁྲོད་གོ་སྐབས་གསར་པ་དམ་འཛིན་བྱེད་ཕོད་པ་དང་། འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་གཏོད་ཕོད་པ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་དུ་འགྱུར་བའི་གནས་ཚུལ་འོག ཀྲུང་གོ་དང་ཧྥི་ལི་ཕིན་ཕྱོགས་གཉིས་པོས་བསམ་བློ་གཏོང་ཕྱོགས་དང་བྱེད་ཐབས་གསར་པ་རྙེད་པ་བྱེད་པ་དང་། དགོས་གལ་ཆེ་བའི་མི་སྣའི་འགྲོ་འོང་རིམ་བཞིན་སླར་གསོ་བྱེད་པ། ཁྱབ་ཁོངས་ཁག་གི་དངོས་དོན་མཉམ་ལས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། རང་སོ་སོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་རམ་འདེགས་བྱེད་པ་བཅས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། རིམས་འགོག་དང་གོང་འཕེལ་སླར་གསོ་ཡོང་བ་བྱེད་པའི་འཕེལ་རིམ་ཁྲོད་དུ། ཀྲུང་གོ་དང་ཧྥི་ལི་ཕིན་གྱི་སྲོལ་རྒྱུན་མཛའ་བཤེས་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ནས། རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་འབྲེལ་བར་གོང་འཕེལ་གྱི་མདུན་ལྗོངས་དེ་བས་ཡངས་ཤིང་རྒྱ་ཆེ་བ་ཞིག་ཐོན་རྒྱུར་ཡིད་ཆེས་ཡོད། ཀྲུང་གོ་དང་ཧྥི་ལི་ཕིན་རྒྱལ་ཁབ་གཉིས་པོའི་མཛའ་བཤེས་རྒྱུན་འཁྱོངས་བྱེད་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཕུགས་ཀྱི་ཁེ་ཕན་དང་ཡོངས་སུ་མཐུན་ཡོད་ལ། འདིའི་ཐད་ལོ་རྒྱུས་ཀྱིས་ར་སྤྲོད་བྱེད་ཐུབ་ངེས་ཡིན་ཞེས་གསུངས་པ་རེད།

ཏུའུ་ཐེར་ཐེས། ད་ལོ་ནི་ཧྥི་ལི་ཕིན་དང་ཀྲུང་གོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་ ༤༥ འཁོར་བའི་ལོ་ཡིན། དེ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁྲོད་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན། ཁྱེད་རང་གི་འགྱུར་མེད་ཀྱི་འགོ་ཁྲིད་འོག ཀྲུང་གོས་རང་ངོས་ཀྱི་རིམས་ནད་བདེ་བླག་ངང་ཚོད་འཛིན་བྱས་པ་མ་ཟད། ཧྥི་ལི་ཕིན་སོགས་རོགས་ཟླར་གཏོང་ཕོད་ཆེན་པོས་རོགས་སྐྱོར་བྱས་ཡོད། ལྷག་དོན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཀྲུང་གོའི་རིམས་འགོག་སྨན་ཞིབ་བཟོ་ཐུབ་པ་དང་སྤྱོད་འགོ་ཚུགས་རྗེས་འཛམ་གླིང་ཧྲིལ་པོའི་སྤྱི་པའི་ཐོན་རྫས་སུ་བརྩི་རྒྱུའི་ཁྱབ་བསྒྲགས་གནང་བ་འདིས་ཀྱང་མིའི་རིགས་ཡོངས་ལ་ཕན་པ་ཐོབ་ངེས་ཡིན། ཧྥི་ལི་ཕིན་ནམ་ཡིན་ཡང་ཀྲུང་གོའི་མི་དམངས་ཀྱི་གྲོགས་པོ་བྱེད་རྒྱུ་དང་། ཧྥི་ལི་ཕིན་སྤྱད་དེ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྒོ་མི་སུ་འདྲ་ཞིག་ལ་ཡང་རྩ་བ་ནས་སྤེལ་དུ་འཇུག་མི་སྲིད། ཧྥི་ལི་ཕིན་ཕྱོགས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་བཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་རྒྱུ་དང་། ཀྲུང་གོའི་ཕྱོགས་བར་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་རྒྱ་སྐྱེད་དུ་བཏང་ནས། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་གང་མགྱོགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཧྥི་ལི་ཕིན་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་མཉམ་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བར་གྱི་མཉམ་ལས་ལ་མུ་མཐུད་དེ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་དང་ཝུན་རྨིན་གྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། ཞི་ཅིན་ཕིང་གིས་ཁོ་སི་ཐ་རི་ཁའི་ཙུང་ཐུང་ཨར་ཝ་ལ་ཏུའོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། ཞི་ཅིན་ཕིང་གི་ཕྱག་ཡིག་ལ་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ། ཞི་ཅིན་ཕིང་དང་མོ་ཁེར་གྱིས་ཞལ་པར་ཐོག་ནས་བཀལ་མོལ་གནང་བ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།