ཞི་ཅིན་ཕིང་གིས་པུ་རུན་ཏིའི་ཙུང་ཐུང་ཨེན་ཁུའུ་ལུན་ཆི་ཀྲ་སྐུ་གཤེགས་པའི་ཐད་པུ་རུན་ཏིའི་གསར་དུ་བདམས་ཐོན་བྱུང་བའི་ཙུང་ཐུང་ཨེན་ཏ་དབྱི་ཧྲི་སྨི་ཡེར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ།
སྤྱི་ཚེས ༡༢ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་རུན་ཏིའི་ཙུང་ཐུང་ཨེན་ཁུའུ་ལུན་ཆི་ཀྲ་ནད་གཞིས་རྐྱེན་པས་སྟབས་མི་ལེགས་པར་སྐུ་གཤེགས་པའི་ཐད་པུ་རུན་ཏིའི་གསར་དུ་བདམས་ཐོན་བྱུང་བའི་ཙུང་ཐུང་ཨེན་ཏ་དབྱི་ཧྲི་སྨི་ཡེར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་གནང་བ་མ་ཟད་སྒེར་གྱི་མིང་ཐོག་ནས་ཙུང་ཐུང་ཨེན་ཁུའུ་ལུན་ཆི་ཀྲ་སྐུ་གཤེགས་པར་མྱ་ངན་ཟབ་མོ་ཞུས་གནང་བ་དང་། ཙུང་ཐུང་ཨེན་ཁུའུ་ལུན་ཆི་ཀྲའི་ནང་མི་སྤུན་མཆེད་དང་པུ་རུན་ཏིའི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་ཐུགས་གསོའི་འཚམས་འདྲི་གནང་ཡོད།
ཞི་ཅིན་ཕིང་གིས། ཙུང་ཐུང་ཨེན་ཁུའུ་ལུན་ཆི་ཀྲ་ནི་པུ་རུན་ཏིའི་ཕུལ་བྱུང་གི་ཆབ་སྲིད་མཁས་པ་ཞིག་ཡིན་ཞིང་། པུ་རུན་ཏིའི་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་དང་། ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་གནང་བ་མ་ཟད། རྒྱལ་ཁབ་ཞི་བདེ་དང་བདེ་འཇགས། གོང་འཕེལ་བཅས་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་བས། པུ་རུན་ཏིའི་མི་དམངས་ཀྱི་གུས་བཀུར་ཐོབ་ཡོད། ཙུང་ཐུང་ཨེན་ཁུའུ་ལུན་ཆི་ཀྲ་སྐུ་འཚོ་བཞུགས་སྐབས་ཀྲུང་གོ་དང་པུ་རུན་ཏིའི་སྲོལ་རྒྱུན་མཛའ་གྲོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པར་ཤུགས་སྣོན་བརྒྱབ་གནང་བས་ཀྲུང་གོ་དང་པུ་རུན་ཏིའི་རོགས་པའི་འབྲེལ་བ་བཟང་པོ་གོང་འཕེལ་གཏིང་ཟབ་འགྲོ་བར་ལེགས་སྐྱེས་གལ་ཆེན་ཕུལ་གནང་ཡོད། ཁོང་སྐུ་གཤེགས་པ་ནི་པུ་རུན་ཏིའི་མི་དམངས་ཀྱི་གྱོང་གུན་ཚབས་ཆེན་ཞིག་ཡིན་ལ། ཀྲུང་གོ་དང་པུ་རུན་ཏིའི་མཛའ་གྲོགས་བྱ་གཞག་གི་གྱོང་གུན་ཆེན་པོ་ཞིག་ཀྱང་ཡིན། ཀྲུང་གོ་དང་པུ་རུན་ཏི་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་བཟང་པོར་ཀྲུང་གོས་གཅེས་འཛིན་བྱེད་ཀྱི་ཡོད་ཅིང་། མུ་མཐུད་ནས་པུ་རུན་ཏི་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་འབྲེལ་བ་གོང་འཕེལ་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་བཏང་ཐོག་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ཡག་པ་བསྐྲུན་འདོད་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་དང་ཝུན་རྨིན་གྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། ཞི་ཅིན་ཕིང་གིས་ཁོ་སི་ཐ་རི་ཁའི་ཙུང་ཐུང་ཨར་ཝ་ལ་ཏུའོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། ཞི་ཅིན་ཕིང་གི་ཕྱག་ཡིག་ལ་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ། ཞི་ཅིན་ཕིང་དང་མོ་ཁེར་གྱིས་ཞལ་པར་ཐོག་ནས་བཀལ་མོལ་གནང་བ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།