ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ ༨ པའི་ཚེས ༥ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལེ་པ་ནོན་གྱི་པེ་ལུའུ་ཐེར་འབར་གས་དོན་རྐྱེན་ཚབས་ཆེན་ཐོན་པའི་ཐད་ལེ་པ་ནོན་གྱི་ཙུང་ཐུང་ཨའོ་ཨེན་ལ་ཐུགས་གསོའི་གློག་འཕྲིན་བཏང་གནང་བ་རེད།
ཞི་ཅིན་ཕིང་གིས་ཐུགས་གསོའི་གློག་འཕྲིན་ནང་། ཁྱེད་ཚོའི་རྒྱལ་ཁབ་ཀྱི་རྒྱལ་ས་པེ་ལུའུ་ཐེར་འབར་གས་དོན་རྐྱེན་ཚབས་ཆེན་ཐོན་ནས། མི་སྣ་མང་པོ་འཆི་རྨས་བྱུང་བ་གློ་བུར་དུ་ཤེས་རྟོགས་བྱུང་བས། ངོས་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུ་རྒྱུ་མ་ཟད། ང་རང་སྒེར་གྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུ་རྒྱུ་དང་། རྨས་སྐྱོན་ཕོག་མཁན་དང་རྐྱེན་ལམ་དུ་ཤོར་བའི་ཁྱིམ་མིར་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུ་རྒྱུ། རྨས་མ་རྣམས་སྔ་ཙམ་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཧྥུའུ་ཏན་སློབ་ཆེན་གྱི་ཏང་ཡོན་ཡིན་པའི་གཞོན་ནུ་དགེ་སློབ་ཚོར་འཕྲིན་ལན་གནང་བ། ཞི་ཅིན་ཕིང་གིས་ཁི་རི་པ་ཐིའི་ཙུང་ཐུང་མ་མའོ་ནས་འགན་གནས་བསྟུད་འཛིན་གནང་བར་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་བ། ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་བརྙན་མཐོང་ཚོགས་འདུར་ཡིག་ཐོག་ཤིས་ཚིག་ཕུལ་བ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།