གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཧྥུའུ་ཏན་སློབ་ཆེན་གྱི་ཏང་ཡོན་ཡིན་པའི་གཞོན་ནུ་དགེ་སློབ་ཚོར་འཕྲིན་ལན་གནང་བ།

སྤེལ་དུས་: 2020ལོ་07ཟླ་01ཚེས་ 10:38 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཞི་ཅིན་ཕིང་གིས་ཧྥུའུ་ཏན་སློབ་ཆེན་གྱི་ཏང་ཡོན་ཡིན་པའི་གཞོན་ནུ་དགེ་སློབ་ཚོར་འཕྲིན་ལན་གནང་ནས། རྒྱ་ཆེའི་ཏང་ཡོན་ཚོས་སློབ་སྦྱོང་དང་། བསམ་གཞིག ལག་ལེན། གོ་བ་ལེན་པའི་ཁྲོད་དུ་ཕུགས་བསམ་དད་སེམས་བརྟན་པོ་འཛུགས་པ་དང་། དཀའ་སྤྱད་འབད་འཐབ་ཀྱི་ཁྲོད་དུ་ཐོག་མའི་བསམ་འདུན་ལག་བསྟར་བྱ་དགོས་པའི་སྐུལ་ལྕག་གནང་བ།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་དུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཏན་སློབ་ཆེན་གྱི་༼གུང་ཁྲན་ཏང་གི་བསྒྲགས་གཏམ་༽ཞེས་པའི་འགྲེམས་སྟོན་ཁང་གི་ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མི་ཡོངས་ལ་འཕྲིན་ལན་གནང་ནས། ཁོང་ཚོས་ཕུགས་བསམ་དད་སེམས་སྐོར་གྱི་གཏམ་རྒྱུད་སྙན་མོ་མུ་མཐུད་ནས་ཤོད་རྒྱུའི་སྐུལ་ལྕག་གནང་བ་མ་ཟད། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལྷག་པར་དུ་གཞོན་ནུ་ཏང་ཡོན་ཚོར་ཐུགས་རེ་ཟབ་མོ་བཅངས་གནང་ཡོད།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ལོ་ངོ་ ༡༠༠ གོང་དུ། བློ་མཐུན་ཁྲེན་ཝོང་ཏའོ་ཡིས་༼གུང་ཁྲན་ཏང་གི་བསྒྲགས་གཏམ་༽ཆ་ཚང་བ་རྒྱ་ཡིག་ལ་ཐོག་མར་སྒྱུར་གནང་མཛད་པས། ཕུགས་བསམ་ཅན་ཚོས་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་འཛུགས་པ་དང་། མི་རིགས་བཅིངས་འགྲོལ་དར་རྒྱས་གཏོང་བའི་བྱ་གཞག་ནང་ཞུགས་རྒྱུར་སྣེ་ཁྲིད་ནུས་པ་གལ་ཆེན་བཏོན་ཡོད། ད་ཆ། ཁྱེད་ཚོས་སློབ་སྤྱི་རྒན་གྲས་ཁྲེན་ཝོང་ཏའོ་མཆོག་གི་བདེན་དོན་འཚོལ་བའི་གཏམ་རྒྱུད་ཡག་པོ་གླེང་ཞིང་། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་བརྒྱུད་བསྒྲགས་གང་ལེགས་བྱེད་པ་ནི། དོན་སྙིང་གལ་ཆེན་ལྡན་པའི་བྱ་བ་ཞིག་རེད། ཁྱེད་ཚོས་མུ་མཐུད་ནས་དོན་དག་དེ་རྒྱུན་བསྐྱངས་ནས་བསྒྲུབ་རྒྱུ་དང་། སྔར་ལས་ལྷག་པ་བསྒྲུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས། སེམས་ལ་དད་སེམས་ཡོད་ན། གཞི་ནས་མ་འོངས་ལ་ཕྱོགས་ཐུབ་པས། མ་འོངས་པར་ཁ་ཕྱོགས་སྐབས། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་བསྐྱོད་པར། ང་ཚོར་དེ་བས་བརྟན་པའི་ཕུགས་བསམ་དད་སེམས་དང་། འགྱུར་བ་མེད་པའི་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ལྡན་དགོས། རྒྱ་ཆེའི་ཏང་ཡོན་དང་ལྷག་པར་དུ་གཞོན་ནུ་ཏང་ཡོན་ཚོས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ནན་ཏན་བྱེད་པ་དང་། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་། ཀྲུང་གོ་གསར་པའི་ལོ་རྒྱུས་ལ་སློབ་སྦྱོང་། སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་སློབ་སྦྱོང་བཅས་བྱས་ཏེ། སློབ་སྦྱོང་དང་། བསམ་གཞིག ལག་ལེན། གོ་བ་ལེན་པའི་ཁྲོད་དུ་ཕུགས་བསམ་དད་སེམས་བརྟན་པོ་འཛུགས་པ་དང་། དཀའ་སྤྱད་འབད་འཐབ་ཀྱི་ཁྲོད་དུ་ཐོག་མའི་བསམ་འདུན་ལག་བསྟར་བྱས་ཏེ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བློ་རིག་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་ནན་གསུངས་གནང་ཡོད།

ཁྲེན་ཝེང་ཏའོ་༼གུང་ཁྲན་ཏང་གི་བསྒྲགས་གཏམ་༽ཆ་ཚང་བ་རྒྱ་ཡིག་ལ་སྒྱུར་མཁན་ཐོག་མ་དེ་རེད་ལ། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཧྥུའུ་ཏན་སློབ་ཆེན་གྱི་སློབ་སྤྱི་གནང་མཁན་དང་པོ་དེ་ཡང་ཡིན། སྤྱི་ལོ ༢༠༡༨ ལོའི་ཟླ་བ ༥ པའི་ནང་། ཧྥུའུ་ཏན་སློབ་ཆེན་གྱིས་ཁྲེན་ཝེང་ཏའོ་ཡི་བཞུགས་གནས་རྙིང་པ་དེ་༼གུང་ཁྲན་ཏང་གི་བསྒྲགས་གཏམ་༽འགྲེམས་སྟོན་ཁང་དུ་སྒྱུར་བཟོ་མཛད་པ་དང་། སློབ་གྲྭ་དེའི་དགེ་རྒན་གཞོན་ནུ་དང་སློབ་མ་ཁག་གཅིག་གིས་ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་པ་དང་། རྒྱ་ཆེའི་དགེ་སློབ་དང་སྤྱི་ཚོགས་ལས་རིགས་ཁག་ལ་ཁ་ཕྱོགས་ནས་སྒྲོག་འགྲེལ་བྱེད་སྒོ་སྤེལ་དང་སྤེལ་མུས་རེད། ཉེ་དུས། ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མི ༣༠ ཡིས་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། དང་བླངས་སྒྲོག་འགྲེལ་ཞབས་ཞུའི་ནང་ཞུགས་པའི་བརྒྱུད་རིམ་དང་མྱོར་ཚོར་གླེང་ཡོད་པ་དང་། ༼གུང་ཁྲན་ཏང་གི་བསྒྲགས་གཏམ་༽གྱི་དགོངས་དོན་མི་རྣམས་ལ་ལྷག་བསམ་དག་པའི་ངང་ནས་བརྒྱུད་བསྒྲགས་བྱེད་པའི་སེམས་ཤུགས་དང་ཆོད་སེམས་མཚོན་པར་བྱས་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཁི་རི་པ་ཐིའི་ཙུང་ཐུང་མ་མའོ་ནས་འགན་གནས་བསྟུད་འཛིན་གནང་བར་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་བ། ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་བརྙན་མཐོང་ཚོགས་འདུར་ཡིག་ཐོག་ཤིས་ཚིག་ཕུལ་བ། ཞི་ཅིན་ཕིང་གིས་པུ་རུན་ཏིའི་ཙུང་ཐུང་ལ་གློག་འཕྲིན་བཏང་གནང་བ། ཞི་ཅིན་ཕིང་ནས་ཧྥི་ལི་ཕིན་གྱི་ཙུང་ཐུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།