གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་བརྙན་མཐོང་ཚོགས་འདུར་ཡིག་ཐོག་ཤིས་ཚིག་ཕུལ་བ།

སྤེལ་དུས་: 2020ལོ་06ཟླ་19ཚེས་ 11:08 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས ༡༨ ཉིན་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་བརྙན་མཐོང་ཚོགས་འདུ་པེ་ཅིང་དུ་ལེགས་པར་སྐོང་འཚོགས་བྱས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུར་ཡིག་ཐོག་ཤིས་ཚིག་ཕུལ་བ་རེད།

ཞི་ཅིན་ཕིང་གིས། ད་ཐེངས་གློ་བུར་དུ་ཐོན་པའི་རིམས་ནད་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འཇིགས་སྐུལ་ཚབས་ཆེན་བཟོས་པ་དང་། འཛམ་གླིང་གི་དཔལ་འབྱོར་ལ་བརྡབ་གསིག་ཆེན་པོ་བཟོས་ཡོད་ཅིང་། རྒྱལ་ཁབ་ཁ་ཤས་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་དཀའ་ངལ་ཚབས་ཆེན་འཕྲད་ཡོད། རིམས་ནད་ལ་ཁ་གཏད་གཅོག་ཆེད་རྒྱལ་ཁབ་ཁག་གིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་ཚུགས་པ་དང་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ནུས་ལྡན་སྤྱད་པས་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། རྒྱལ་ཁབ་མང་པོ་ཞིག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་ཡོང་ཐབས་བྱེད་བཞིན་ཡོད། ཀྲུང་གོས་མི་དམངས་རྩ་བའི་རྩེ་ལ་འཛིན་པ་དང་ཚེ་སྲོག་གོང་མའི་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ཏེ། གོ་ལ་ཧྲིལ་པོ་རིམས་ནད་ལས་སྔ་ཙམ་རྣམ་པར་རྒྱལ་བ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། རིམས་ནད་ཀྱིས་ང་ཚོར་བློ་སྒོ་རབ་དང་རིམ་པ་ཕྱེ་ཡོད། རྒྱལ་ཁབ་ཁག་གི་ལས་དབང་དམ་ཟབ་ཏུ་འབྲེལ་ཡོད་པ་དང་། མིའི་རིགས་ནི་ཕྱར་བ་གྲུ་འདེགས་ཀྱི་ལས་དབང་གཅིག་མཐུན་མ་ལག་ཅིག་རེད། རིམས་ནད་ལ་ཁ་གཏད་གཅོག་པའམ་ཡང་ན་དཔལ་འབྱོར་སླར་གསོ་བྱེད་པ་གང་ཡིན་རུང་། ཚང་མ་མཐུན་སྒྲིལ་མཉམ་ལས་ཀྱི་ལམ་དུ་བསྐྱོད་དགོས་པ་དང་། ཚང་མས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་དགོས། ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་དང་སྒོ་དབྱེ་ཁོང་ཡངས་རྒྱུན་འཁྱོངས་བྱ་རྒྱུ་ནི་གོ་ལ་ཧྲིལ་པོའི་ཉམས་ཉེན་ལ་ཁ་གཏད་གཅོག་པ་དང་ཕུགས་ཀྱི་གོང་འཕེལ་མངོན་འགྱུར་ཡོང་བ་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་པས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་ཀྱིས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཐུབ་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་གོང་འཕེལ་མཐའ་འཁྱོངས་དང་གཉིས་ཕན་གཉིས་རྒྱལ་མཐའ་འཁྱོངས་བྱེད་ཀྱི་ཡོད། ང་ཚོས་མཉམ་ལས་རོགས་ཟླ་དང་མཉམ་དུངརྒྱུད་གཅིག་ལམ་གཅིག་དེ་མཐུན་སྒྲིལ་ལ་བརྟེན་ནས་འགྲན་རྩོད་ལ་ཁ་གཏད་གཅོག་པའི་མཉམ་ལས་ཀྱི་ལམ་བུ་དང་། མི་དམངས་ཀྱི་བདེ་ཐང་དང་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་བདེ་ཐང་ལམ་བུ། དཔལ་འབྱོར་དང་སྤྱི་ཚོགས་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་སླར་གསོའི་ལམ་བུ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་པའི་འཕར་སྣོན་གྱི་ལམ་བུ་བཅས་སུ་འགྱུར་བ་བྱེད་འདོད་ཡོད། སྤུས་ཚད་མཐོ་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་པ་བརྒྱུད། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

ད་ཐེངས་ཀྱི་ཚོགས་འདུ་དེ་ཀྲུང་གོའི་ཕྱི་འབྲེལ་པུའུ་དང་། འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་། ཚོང་དོན་པུའུ། འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཐུན་མོང་ཐོག་གཉེར་བ་དང་། བརྗོད་དོན་གཙོ་བོ་ནི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ལག་གདང་སྦྲེལ་ནས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་དགོས་ཞེས་པ་དེ་རེད། རྒྱལ་ཁབ ༢༥ ཡི་ཕྱི་འབྲེལ་དཔོན་ནམ་ཡང་ན་པུའུ་ཀྲང་རིམ་པའི་དཔོན་རིགས་དང་དེ་བཞིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏེ་སའེ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་ཡི་འགོ་འཛིན་གཅིག་ལྕོགས་ཧྲི་ཐའེ་ནཱ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། གྲོས་ཚོགས་ཐོག་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་པུ་རུན་ཏིའི་ཙུང་ཐུང་ལ་གློག་འཕྲིན་བཏང་གནང་བ། ཞི་ཅིན་ཕིང་ནས་ཧྥི་ལི་ཕིན་གྱི་ཙུང་ཐུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། ཞི་ཅིན་ཕིང་དང་ཏུའུ་ཐེར་ཐེ་རྣམ་གཉིས་ཀྱིས་ཕན་ཚུན་ཤིས་ཚིག་བསྒྲོན་གནང་བ། ཞི་ཅིན་ཕིང་དང་ཝུན་རྨིན་གྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།