ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཟུར་པ་ལི་ཁེ་ཕེའོ་སྐུ་གཤེགས་པར་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་རོན་ཧྥུ་ཀྲུང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས ༨ ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་རོན་ཧྥུ་ཀྲུང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ་དང་། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཟུར་པ་ལི་ཁེ་ཕེའོ་སྐུ་གཤེགས་པར་སེམས་སྡུག་ཆེན་པོས་མྱ་ངན་ཞུ་ལུགས་མཚོན་པ་གནང་ཞིང་། ཡིག་ཆའི་ནང་དོན་ཆ་ཚང་གཤམ་གསལ་ལྟར་ཏེ།
ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཟུར་པ་བློ་མཐུན་ལི་ཁེ་ཕེའོ་སྟབས་མ་ལེགས་པར་སྐུ་གཤེགས་པ་གློ་བུར་དུ་ཤེས་བྱུང་བས། ངོས་ནས་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས་བཅས་ཀྱི་ཚབ་ཞུ་རྒྱུ་མ་ཟད། ང་རང་སྒེར་གྱི་མིང་ཐོག་ནས་སྐུ་ཉིད་ཙམ་མ་ཟད་སྐུ་ཉིད་བརྒྱུད་ཝེ་ཐེ་ནམ་གུང་ཁྲན་ཏང་དང་། ཝེ་ཐེ་ནམ་སྲིད་གཞུང་། ཝེ་ཐེ་ནམ་མི་དམངས་བཅས་ལ་བློ་མཐུན་ལི་ཁེ་ཕེའོ་སྐུ་གཤེགས་པར་སེམས་སྡུག་ཆེན་པོས་མྱ་ངན་ཞུ་རྒྱུ་དང་། བློ་མཐུན་ལི་ཁེ་ཕེའོ་ཡི་ཁྱིམ་མིར་ལྷག་བསམ་དག་པའི་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་ཡིན།
བློ་མཐུན་ལི་ཁེ་ཕེའོ་ནི་ཝེ་ཐེ་ནམ་གྱི་ཏང་དང་རྒྱལ་ཁབ་ཀྱི་ཕུལ་བྱུང་འགོ་ཁྲིད་རྒན་གྲས་ཤིག་ཡིན་ཞིང་། ཝེ་ཐེ་ནམ་མི་དམངས་ཀྱི་སྣེ་ཁྲིད་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྱོང་དང་གསར་བརྗེའི་བྱ་གཞག་ཁྲོད་རླབས་ཆེའི་གྲུབ་འབྲས་བླངས་ཡོད། མ་ཟད་བློ་མཐུན་ལི་ཁེ་ཕེའོ་ནི་ཀྲུང་གོའི་ཏང་དང་མི་དམངས་ཀྱི་བློ་མཐུན་དང་གྲོགས་པོ་བཟང་པོ་ཡང་ཡིན་ཞིང་། ཡུན་རིང་བརྟན་ལྷིང་དང་། འབྱུང་འགྱུར་ལ་ཕྱོགས་པ། མཛའ་གྲོགས་ཁྱིམ་མཚེས། ཁྱོན་ཡོངས་མཉམ་ལས་བཅས་ཀྱི་ཀྲུང་ཝེའི་འབྲེལ་བའི་འཛུགས་སྐྱོང་དང་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་གནང་ཡོད།
ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཝེའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་པོ་བྱེད་བཞིན་ཡོད། ཝེ་ཐེ་ནམ་ཕྱོགས་དང་ལྷན་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཀྲུང་ཝེ་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་རང་སོའི་སྤྱི་ཚོགས་རིང་ལུགས་བྱ་གཞག་ཟམ་མི་ཆད་པར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ངོས་ནས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་གཙོས་པའི་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཝེ་ཐེ་ནམ་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐུབ་རྒྱུའི་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་གསུངས་གནང་ཡོད་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ལེ་པ་ནོན་གྱི་ཙུང་ཐུང་ལ་ཐུཊ་གསོའི་གློག་འཕྲིན་གནང་། ཞི་ཅིན་ཕིང་གིས་ཧྥུའུ་ཏན་སློབ་ཆེན་གྱི་ཏང་ཡོན་ཡིན་པའི་གཞོན་ནུ་དགེ་སློབ་ཚོར་འཕྲིན་ལན་གནང་བ། ཞི་ཅིན་ཕིང་གིས་ཁི་རི་པ་ཐིའི་ཙུང་ཐུང་མ་མའོ་ནས་འགན་གནས་བསྟུད་འཛིན་གནང་བར་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་བ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།