གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་རྒྱུན་འཁྱོངས་བྱེད་དགོས།

སྤེལ་དུས་: 2020ལོ་08ཟླ་31ཚེས་ 15:41 ཡོང་ཁུངས་: ཀྲུང་དབྱངས་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས'
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་མྱུར་དཔྱད་འགོ་བརྗོད་དུ་སྒོ་ཀུན་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་ཞེས་པ་སྤེལ་ཡོད།

མྱུར་དཔྱད་ནང་། རྒྱལ་ཁབ་སྐྱོང་བར་སྔོན་ལ་མཐའ་མཚམས་སྐྱོང་བ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས། བོད་ལྗོངས་ནི་དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་རེད། མིག་སྔའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་རྙོག་རྫིང་ཆེ་ཞིང་། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལས་འགན་དཀའ་ཚེགས་ཆེན་པོ་ཡོད་པས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ར་གལ་ཆེན་དུ་གྱུར་བའི་བོད་ལྗོངས་ཉིད་སྲུང་སྐྱོང་ཡག་པོ་བྱས་ཚེ་གཞི་ནས་ས་གནས་དེ་རང་དང་ཐ་ན་རྒྱལ་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ལེགས་བཅོས་ཐད་ཕན་ཡོད་མཐུན་རྐྱེན་སྐྲུན་ཐུབ། ང་ཚོས་ངེས་པར་དུ་ལངས་ཕྱོགས་མཐོར་གཏོང་དང་། རིག་པ་དྭངས་གསལ། བསམ་བློའི་ཐོག་ལྷོད་གཡེང་མི་ཤོར་བ་བཅས་བྱས་ཏེ། མང་ཚོགས་སློབ་གསོ་དང་། ལོ་རྒྱུས་སློབ་གསོ། སློབ་གྲྭའི་སློབ་གསོ། རིག་གནས་མཉམ་འདྲེས་སོགས་ཀྱི་ཐད་ལས་དོན་སྤུས་ལེགས་ཞིབ་ཚགས་བསྒྲུབ་སྟེ། རྒྱུན་ཆད་མེད་པར་མི་སེམས་གཅིག་སྒྲིལ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་མ་ལག་འདུ་ཤེས་བརྟན་འཛུགས་བྱས་ཐོག མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་འཁོད་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་ནས་ཁག་སོ་སོར་ཀྲུང་ཨུའི་ཚན་རྩལ་གསར་གཏོད་ལོའི་འགོ་ཚུགས་མཛད་སྒོར་བཀྲ་ཤིས་བདེ་ལེགས་ཞུ་བའི་ཕྱག་ཡིག་བསྐུར་གནང་བ། ཞི་ཅིན་ཕིང་ནས་འབྲུབ་འགོག་གནོད་སེལ་ཐད་ཀྱི་སྙན་ཞུ་གསན་པ། ཞི་ཅིན་ཕིང་གིས་མཱ་ཀང་ཚོགས་པར་སྐུལ་ལྕག་འདི་འདྲ་གནང་འདུག ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།