སྤྱི་ཚེས ༢༦ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་ནས་ཁག་སོ་སོར་ཀྲུང་གོ་དང་ཨུ་རུ་སུའི་ཚན་རྩལ་གསར་གཏོད་ལོ་འགོ་ཚུགས་པར་བཀྲ་ཤིས་སྨོན་འདུན་ཞུས་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨུ་རུ་སུ་ནི་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་ཡིན། གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་རིམས་ནད་འགོས་ཁྱབ་བྱུང་བའི་སྐབས་འདིར་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོས་ཕྱར་བ་གྲུ་འདེགས་དང་། སོ་སྲུང་རོགས་རེས་བྱས་ཤིང་། དུས་བཀག་ལྟར་ཀྲུང་གོ་དང་ཨུ་རུ་སུའི་ཚན་རྩལ་གསར་གཏོད་ལོ་གཉེར་བ་དེའི་ཐོག་ནས་ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བའི་ཆུ་ཚད་མཐོ་པོ་དང་དམིགས་བསལ་རང་བཞིན་གང་ལེགས་མངོན་ཡོད། ཀྲུང་གོ་དང་ཨུ་རུ་སུས་ལག་གདང་སྦྲེལ་ཏེ་རིམས་འགོག་དང་། དུས་ངན་མཉམ་སེལ་གྱི་ལེགས་གྲུབ་ལྡན་པའི་ལག་ལེན་དེ་རྒྱལ་ཁབ་གཉིས་པོའི་སྤེལ་རེས་མཉམ་ལས་ཤུགས་ཆེར་འགྲོ་བའི་སྒུལ་ཤུགས་ཆེན་པོར་བརྗེ་སྒྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨུ་རུ་སུ་འདི་ཉིད་འགན་འཁུར་མཁན་གྱི་འཛམ་གླིང་རྒྱལ་ཁབ་ཆེན་པོ་དང་ཤུགས་རྐྱེན་ཆེན་པོ་ལྡན་པའི་ཚན་རྩལ་རྒྱལ་ཁབ་ཆེན་པོ་ཡིན་པའི་ངོས་ནས། དུས་རབས་ཀྱི་རླབས་རྒྱུན་དང་འཚམས་པ་དང་། གོང་འཕེལ་གྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་ཚན་ཞིབ་ལས་དོན་པ་དང་ཚན་རྩལ་ལས་རིགས་ཀྱིས་ཁྱོན་ཡོངས་དང་། བང་རིམ་མང་བ། ཁྱབ་ཁོངས་ཆེན་པོ་བཅས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་འགྱུར་བར་སྐུལ་འདེད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་སྟོན་གནང་ཡོད།
ཕུ་ཅིང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་ཕྱག་ཡིག་ནང་། ཚན་རྩལ་གསར་གཏོད་ནི་མིག་སྔར་ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མདུན་ལྗོངས་ཆེན་པོ་ལྡན་པའི་མཉམ་ལས་ཀྱི་ཁྱབ་ཁོངས་གྲས་ཤིག་ཡིན་པ་དང་། དེས་རྒྱལ་ཁབ་གཉིས་པོའི་གོང་འཕེལ་གྱི་འབྱུང་འགྱུར་ཐག་གཅོད་བྱས་ཤིང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད། ད་ཐེངས་ཚན་རྩལ་གསར་གཏོད་ལོའི་སྒྲོམ་གཞིའི་འོག་གི་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ཤིང་། དེའི་ནང་ཚན་ཞིབ་དང་། འགྲེམ་སྟོན། རིག་གཞུང་སྤེལ་རེས་སོགས་མཉམ་ལས་རྣམ་གྲངས་རབ་དང་རིམ་པ་ཚུད་ཡོད་པ་དང་། ལྷག་པར་དུ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་། གསོ་རིག ཚན་ཞིབ་སྡེ་ཁག་བཅས་ནས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་མཉམ་ལས་དམ་ཟབ་བྱས་པར་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཅིང་ཤུགས་ཆེན་ཆེན་པོ་ལྡན་ཡོད། ཚན་རྩལ་གསར་གཏོད་ལོ་ལེགས་གྲུབ་ལྡན་པའི་ངང་གཉེར་བ་དེས་ཨུ་རུ་སུ་དང་ཀྲུང་གོའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བའི་གོང་འཕེལ་ལ་ནང་དོན་གསར་པ་ཟམ་མི་ཆད་བསྣན་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།
སྤྱི་ལོ ༢༠༡༩ ལོའི་ཟླ ༦ པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་འཚམས་འདྲི་གནང་རིང་། ཙུང་ཐུང་ཕུ་ཅིང་དང་མཉམ་དུ་སྤྱི་ལོ ༢༠༢༠ ལོ་དང་སྤྱི་ལོ ༢༠༢༡ ལོར་ཀྲུང་གོ་དང་ཨུ་རུ་སུའི་ཚན་རྩལ་གསར་གཏོད་ལོ་གཉེར་རྒྱུའི་ཁྱབ་བསྒྲགས་གནང་ཡོད། དེ་ནི་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོས་ཚན་རྩལ་གསར་གཏོད་ལོ་བརྗོད་དོན་གཙོ་བོ་བྱས་པའི་རྒྱལ་ཁབ་ཀྱི་ལོ་གཉེར་ཐེངས་དང་པོ་ཡིན་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་མཱ་ཀང་ཚོགས་པར་སྐུལ་ལྕག་འདི་འདྲ་གནང་འདུག ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྨན་དོན་ལས་དོན་མི་སྣར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ། ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཁག་གཅིག་ལ་མཚན་རྟཊ་བཀོད་གནང་བ། ཞི་ཅིན་ཕིང་གིས་རོན་ཧྥུ་ཀྲུང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ། ཞི་ཅིན་ཕིང་གིས་ལེ་པ་ནོན་གྱི་ཙུང་ཐུང་ལ་ཐུཊ་གསོའི་གློག་འཕྲིན་གནང་།