འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ ༩ ཚེས ༡༤ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལེ་ཀྲེ་ཏུན་ཧྲི་ཏེང་སྲིད་སྐྱོང་རྒྱལ་པོ་ཁྲུའུ་ཨ་ལོ་དབྱི་སི་དང་ལྷན་དུ་ཕན་ཚུན་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་གནང་ནས། རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུས་ཡོད།
ཞི་ཅིན་ཕིང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་ནང་། ཀྲུང་གོ་དང་ལེ་ཀྲེ་ཏུན་ཧྲི་ཏེང་བར་ས་ཐག་རིང་པོ་ཆོད་ན་ཡང་། ལོ་རྒྱུས་རིག་གནས་དང་། གོང་འཕེལ་ཆུ་ཚད། རྒྱལ་ཁབ་ཀྱི་སྒྲིག་གཞི་བཅས་མི་འདྲ་རུང་། བར་ཐག་དང་ཧེ་བག་གིས་ཕན་ཚུན་བར་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་རྐྱེན་གང་ཡང་ཐེབས་མེད། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་ ༧༠ འཁོར་བ་ནས་བཟུང་། ཀྲུང་ལེ་བར་གྱི་མཛའ་མཐུན་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་གོང་འཕེལ་འཕེལ་ཕྱོགས་རྒྱུན་འཁྱོངས་ཡག་པོ་ཐུབ་ཡོད། ཀྲུང་ལེ་འབྲེལ་བའི་ལག་ལེན་ལས་རྒྱལ་ཁབ་ཆེ་ཆུང་གང་ཡིན་ཡང་ཚང་མ་འདྲ་མཉམ་ཡིན་པ་སོགས་རྒྱལ་སྤྱིའི་འབྲེལ་བའི་འདུ་ཤེས་གལ་ཆེན་དེར་གསལ་འགྲེལ་ཡག་པོ་བྱས་ཡོད། ང་རང་ནས་ཀྲུང་ལེ་བར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཨ་ལོ་དབྱི་སི་སྲིད་སྐྱོང་རྒྱལ་པོ་ཉིད་དང་མཉམ་དུ་འབད་བརྩོན་བྱས་པ་དང་། རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་ ༧༠ འཁོར་བ་དེ་འགོ་འཛུགས་ས་གསར་པར་རྩིས་ཐོག ཀྲུང་ལེ་བར་གྱི་འབྲེལ་བར་འཕེལ་ཚུལ་གསར་པ་ཟམ་མི་ཆད་པ་ཐོན་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་འདོད་ཡོད་ལ། ཀྲུང་ལེ་བར་གྱི་མཛའ་མཐུན་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།
ཨ་ལོ་དབྱི་སིས་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་ནང་། ལོ་ངོ་ ༧༠ ནང་། ལེ་ཀྲུང་འབྲེལ་བ་རྒྱུན་མཐུད་ངང་མདུན་ཕྱོགས་སུ་གོང་འཕེལ་འགྲོ་བཞིན་ཡོད་པ་དང་། ཕྱོགས་གཉིས་པོས་ཁྱབ་ཁོངས་ཁག་ནང་མཉམ་ལས་བཟང་པོ་སྤེལ་བ་མ་ཟད་ཕན་ཚུན་རྒྱབ་སྐྱོར་བྱས་ཡོད། ལེ་ཀྲུང་འབྲེལ་བ་གོང་འཕེལ་གཏིང་ཟབ་འགྲོ་བའི་ཐོག་ནས་རྒྱལ་ཁབ་གཉིས་པོའི་བར་གྱི་མཛའ་གྲོགས་མངོན་ཡོད་པ་དང་། དེ་མིག་སྔའི་འགྲན་རྩོད་ཀྱིས་ཁེངས་པའི་དུས་རབས་ཀྱི་རྒྱབ་ལྗོངས་འོག་ཧ་ཅང་གི་རྩ་ཆེན་པོ་རེད་ཅེས་བསྟན་ཡོད་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་ནས་གྲོས་ཚོཊ་འདི་གཙོ་སྐྱོང་གནང་བ། ཞི་ཅིན་ཕིང་གིས་ཁོང་རྣམ་པར་གཟེངས་རྟགས་གནང་འདུག ཞི་ཅིན་ཕིང་དང་ཕུའུ་ཅིང་གིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་པ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།