གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་གྲོས་ཚོཊ་འདི་གཙོ་སྐྱོང་གནང་བ།

སྤེལ་དུས་: 2020ལོ་09ཟླ་14ཚེས་ 11:37 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་སྤྱི་ཟླ ༩ པའི་ཚེས ༩ ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་གཙོ་སྐྱོང་གནང་སྟེ། རྒྱལ་དམངས་དཔལ་འབྱོར་གྱི་འཁོར་རྒྱུན་ཤར་བགྲོད་དང་དེང་རབས་ཀྱི་འཁོར་རྒྱུག་མ་ལག་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་གནད་དོན་ལ་ཞིབ་འཇུག་གནང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་བཀོད་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ་ལ་ཞིབ་འཇུག་གནང་ཡོད་པ་དང་། ཞི་ཅིན་ཕིང་གིས་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། འཁོར་རྒྱུག་མ་ལག་གིས་རྒྱལ་དམངས་དཔལ་འབྱོར་ཁྲོད་རྨང་གཞིའི་རང་བཞིན་གྱི་ནུས་པ་ཐོན་གྱི་ཡོད། གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་རྒྱུར་ངེས་པར་དུ་དེང་རབས་ཀྱི་འཁོར་རྒྱུག་མ་ལག་འཛུགས་སྐྱོང་བྱ་རྒྱུ་དེ་གལ་ཆེའི་འཐབ་ཇུས་ལས་འགན་ལ་བརྩིས་ཏེ་དམ་འཛིན་བྱེད་དགོས། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཁྲོམ་རས་ཐོན་ཁུངས་ཆ་སྦྱོར་ཁྲོད་ཐོན་པའི་ཐག་གཅོད་རང་བཞིན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྲིད་གཞུང་གིས་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱེད་པ། དེང་རབས་འཁོར་རྒྱུག་མ་ལག་གི་མཁྲེགས་ཆས་དང་མཉེན་ཆས་འཛུགས་སྐྱོང་ལ་གཅིག་གྱུར་འཆར་འགོད་ངང་སྐུལ་འདེད་གཏོང་བ། འཁོར་རྒྱུག་གི་ལག་རྩལ་གསར་པ་དང་ལས་སྒོ་གསར་པ། མ་དཔེ་གསར་པ་བཅས་གོང་འཕེལ་གཏོང་བ། འཁོར་རྒྱུག་ཁྱབ་ཁོངས་ཀྱི་ལམ་ལུགས་ཚད་ལྡན་དང་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་དེང་རབས་ཟོག་འདྲེན་ཁེ་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། རྒྱལ་ནང་གི་འཁོར་རྒྱུན་ཆེན་མོས་གཙོ་གཟུགས་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུན་གཉིས་ཀྱིས་ཕན་ཚུན་སྐུལ་འདེད་གཏོང་བའི་གོང་འཕེལ་གྱི་གནས་སྟངས་གསར་པ་ཞིག་གྲུབ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

གྲོས་ཚོགས་ཐོག རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཚོང་དོན་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་བཅས་ཀྱི་རྒྱལ་དམངས་དཔལ་འབྱོར་གྱི་འཁོར་རྒྱུན་ཤར་གཏོང་དང་དེང་རབས་ཀྱི་འཁོར་རྒྱུག་མ་ལག་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་སྙན་སེང་གསན་པ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་དང་ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། འབྱུང་ཁམས་ཁོར་ཡུག་པུའུ། འཕྲལ་སྒྲུབ་དོ་དམ་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་སོགས་སྡེ་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་བཀོད་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ་སྐོར་གྱི་སྙན་སེང་གསན་ཡོད།

གྲོས་ཚོགས་ཐོག དེང་རབས་ཀྱི་འཁོར་རྒྱུག་མ་ལག་འཛུགས་སྐྱོང་བྱ་རྒྱུས་གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། སྤྱི་ཚོགས་ཐོག་སླར་ཡང་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ནང་། འཁོར་རྒྱུག་ལས་ཆོད་དང་ཐོན་སྐྱེད་ལས་ཆོད་གཉིས་ཀ་གལ་ཆེན་པོ་ཡིན་པ་དང་། རྒྱལ་དམངས་དཔལ་འབྱོར་གྱི་སྤྱིའི་འཁོར་སྐྱོད་ལས་ཆོད་མཐོ་རུ་གཏོང་བའི་ཁ་ཕྱོགས་གལ་ཆེན་ཡིན། ཕན་འབྲས་མཐོ་བའི་འཁོར་རྒྱུག་མ་ལག་གིས་ཁྱབ་ཁོངས་དེ་བས་ཆེ་བའི་ནང་ཐོན་སྐྱེད་དང་འཛད་སྤྱོད་གཉིས་འབྲེལ་བ་བྱེད་ཐུབ་པ་དང་། ཉོ་ཚོང་ཁྱབ་ཁོངས་རྒྱ་ཆེར་གཏོང་ཐུབ་པ། ལས་བགོས་ཞིབ་ཚགས་སུ་གཏོང་བར་སྐུལ་འདེད་དང་། ཐོན་ལས་ལས་ཆོད་མཐོ་རུ་འགྲོ་བ། རྒྱུ་ནོར་གསར་སྐྲུན་ལ་སྐུལ་འདེད་གཏོང་ཐུབ་ཀྱི་ཡོད། རྒྱལ་ནང་གི་འཁོར་རྒྱུན་དང་རྒྱལ་སྤྱིའི་འཁོར་རྒྱུན་གཉིས་ཀ་ཕན་འབྲས་དེ་བས་མཐོ་བའི་དེང་རབས་འཁོར་རྒྱུག་མ་ལག་དང་ཁ་བྲལ་ཐབས་མེད་ཅེས་གསུངས་ཡོད་པ་རེད།

གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་འཁོར་རྒྱུག་མ་ལག་འཛུགས་སྐྱོང་ལ་འཕེལ་རིམ་མངོན་གསལ་དོད་པོ་ཐོན་པ་དང་། རྒྱལ་ཁབ་ཀྱི་རྐང་འཛིན་འཁོར་རྒྱུག་དྲ་བ་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད་པ། འཁོར་རྒྱུག་ཁྱབ་ཁོངས་ནང་ལས་རྣམ་གསར་པ་དང་མ་དཔེ་གསར་པ་ཟམ་མི་ཆད་པ་ཐོན་པ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་གང་མགྱོགས་འཛུགས་སྐྲུན་བྱས་པ། ཚོང་ཟོག་དང་རྒྱུ་རྐྱེན་གྱི་འཁོར་རྒྱུག་ལམ་ལུགས་ཀྱི་ཁོར་ཡུག་ལེགས་བཅོས་མངོན་གསལ་དོད་པོ་བྱུང་ཡོད། ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད། འཁོར་རྒྱུག་ལས་རིགས་ཀྱིས་ནུས་པ་གལ་ཆེན་ཐོན་ཡོད། དེ་དང་ཆབས་ཅིག རང་རྒྱལ་གྱི་འཁོར་རྒྱུག་མ་ལག་དེང་རབས་ཅན་ལ་འགྱུར་བའི་ཚད་གཞི་སྔར་བཞིན་མཐོ་པོ་མེད་པ་དང་། འགག་གནད་མང་པོ་ཞིག་ཤར་གཏོང་བྱ་རྒྱུ་ལུས་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།

གྲོས་ཚོགས་ཐོགརྒྱལ་ནང་གི་གཅིག་གྱུར་ཁྲོམ་ར་ཆེན་མོ་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་ནས། མཁོ་སྤྲོད་དང་དགོས་མཁོ་ཕན་ཚུན་སྐུལ་འདེད་དང་། ཐོན་སྐྱེད་དང་བྲིན་ཚོང་གཉིས་ཀར་སྐུལ་སྤེལ་བྱེད་པའི་འཁོར་རྒྱུན་ཡག་པོ་ཞིག་ཆགས་པ་བྱེད་པ་དང་། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་པ། འགྲན་རྩོད་བྱེད་པའི་སྲིད་ཇུས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། དེང་རབས་ཀྱི་ཕྱོགས་བསྡུས་སྐྱེལ་འདྲེན་མ་ལག་བཙུགས་ནས། གཅིག་གྱུར་སྒོ་འབྱེད་ཀྱི་འགྲིམ་འགྲལ་སྐྱེལ་འདྲེན་ཁྲོམ་ར་ཆགས་པ་བྱེད་པ་དང་། ཕྱོགས་བསྡུས་སྐྱེལ་འདྲེན་བགྲོད་ལམ་བཀོད་སྒྲིག་ལེགས་སྒྱུར་འཐུས་ཚང་བཟོ་བ། མྱུར་བགྲོད་ལྕགས་ལམ་གྱི་ཟོག་འདྲེན་དང་རྒྱལ་སྤྱིའི་མཁའ་འགྲུལ་ཟོག་འདྲེན་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས། ཕྱི་ནང་འབྲེལ་མཐུད་དང་། བདེ་འཇགས་ནུས་མཐོའི་དངོས་ཟོག་འགྲེམ་སྐྱེལ་དྲ་བ་མགྱོགས་མྱུར་ཆགས་པ་བྱེད་དགོས། དེང་རབས་ཀྱི་ཉོ་ཚོང་འཁོར་རྒྱུག་མ་ལག་འཐུས་ཚང་བཙུགས་ནས། གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་ལྡན་པའི་དེང་རབས་འཁོར་རྒྱུག་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱེད་པ། གྲངས་གཞི་ཅན་དང་རིག་ནུས་ཅན་གྱི་སྒྱུར་བཀོད་དང་ལས་རིགས་ལས་བརྒལ་བའི་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་གནོད་མེད་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ། གྲོང་མིའི་རྒྱུན་ལྡན་གྱི་འཚོ་བ་དང་འབྲེལ་བ་ཡོད་པའི་ཚོང་ཟོག་འཁོར་རྒྱུག་སྒྲིག་བཀོད་རྣམས་སྒྱུར་བཅོས་རིམ་སྤོར་དང་སྐྱོན་བྲལ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། སྤྱི་ཚོགས་ཡིད་རྟོན་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཐོན་རྫས་གལ་ཆེ་རིགས་ཀྱི་ཁུངས་འདེད་མ་ལག་འཛུགས་རྒྱུ་མགྱོགས་སུ་བཏང་ནས། ཡིད་རྟོན་གྱིས་རྨང་གཞི་བྱེད་པའི་ལྟ་སྐུལ་དོ་དམ་སྒྲིག་གཞི་གསར་པ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། གཏོང་སྤྲོད་འཇུག་རྩིས་སོགས་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། དངུལ་རྩའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། དེ་བས་ཐད་དཀར་དང་ལྷུ་ཚིགས་ཁག་འཁོར་རྒྱུག་ཐུབ་པའི་ཁེ་གཉེར་གཙོ་གཟུགས་ཀྱི་དངུལ་རྩའི་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱེད་དགོས། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཉམས་མྱོང་ལ་ཞིབ་འཇུག་ནན་ཏན་བྱས་ནས། གྲབས་གསོག་འདང་ངེས་དང་། ལན་ཆ་མགྱོགས་པ། ཕོག་ཐུག་འགོག་པའི་ནུས་པ་ཆེ་བ་བཅས་ཀྱི་འཕྲལ་སྒྲུབ་དངོས་ཟོག་འགྲེམ་སྐྱེལ་མ་ལག་གང་མགྱོགས་ཆགས་པ་བྱ་དགོས་ཞེས་བསྟན་ཡོད།

གྲོས་ཚོགས་ཐོགཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གིས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། ཚན་པ་ཁག་གིས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། སྲིད་ཇུས་དང་བྱེད་ཐབས་མང་པོ་བཏོན་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔར། རང་རྒྱལ་གོང་འཕེལ་གཏོང་བའི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་རྙོག་འཛིང་ཆེ་ཞིང་ཛ་དྲག་པས། གནད་དོན་མང་པོ་ཞིག་ངེས་པར་དུ་རྒྱང་རིང་གི་ལྟ་ཕྱོགས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཇུས་འགོད་དང་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་ཞིབ་འཇུག་བྱས་ནས་ཇུས་ཐག་བཅད་པའི་དོན་དག་མང་པོ་ཞིག་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་འབྲེལ་བ་ཡོད་པའི་ཡུན་རིང་རང་བཞིན་དང་འཐབ་ཇུས་རང་བཞིན་ལྡན་པའི་དོན་ཆེན་ཡིན། ཏང་ཀྲུང་དབྱང་གིས་དཔལ་འབྱོར་ལས་དོན་ལ་གཅིག་བསྡུས་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པའི་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་ཆེ་རུ་བཏང་ནས། ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དེ་བས་ལེགས་པའི་སྒོ་ནས་དོན་འཁྱོལ་བྱེད་དགོས་ཞེས་བསྟན་ཡོད།

གྲོས་ཚོགས་ཐོགསྲུང་སྐྱོང་གཉིས་ཐུབ་པའི་འགག་རྩ་དེ་ལག་ལེན་ཐོག་མངོན་པ་བྱེད་དགོས། དམིགས་ཡུལ་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་པ་བཙུགས་ཏེ། ཆབ་སྲིད་ལ་དང་དོད་བྱེད་པའི་མཐོ་ཚད་ནས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱ་དགོས། དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ་ནི་གཙོ་བོ་ཕན་འབྲས་དངོས་ལ་མཐོང་ཆེན་བྱེད་པ་དང་། འགག་རྩ་ནི་སྲིད་ཇུས་གཏན་འབེབས་བྱེད་སྐབས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད་མེད་ལ་བལྟ་དགོས། ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ཐབས་ཇུས་གལ་ཆེན་དག་དུས་ཐོག་ཏུ་ཞིབ་ཕྲའི་སྲིད་ཇུས་དང་ཁྲིམས་སྲོལ་ལ་བསྒྱུར་དགོས་པ་དང་། ཚན་པའི་བར་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས། འཐབ་ཇུས་ཀྱི་གཅིག་མཐུན་རང་བཞིན་ཆེ་རུ་གཏོང་དགོས། ལས་ཀའི་ཟུར་བཙུགས་རྩིས་ཁྲ་བཟོ་བ་དང་། དུས་ཐོག་ཏུ་རྩིས་ཐོ་ཞིབ་བསྡུར་བྱེད་པ། དཔྱད་དཔོག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། ཐབས་ཇུས་གལ་ཆེན་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་ཞེས་བསྟན་ཡོད།

ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཁོང་རྣམ་པར་གཟེངས་རྟགས་གནང་འདུག ཞི་ཅིན་ཕིང་དང་ཕུའུ་ཅིང་གིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་པ། ཞི་ཅིན་ཕིང་གིས་མོ་རོ་ཁོའི་རྒྱལ་པོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་རྒྱུན་འཁྱོངས་བྱེད་དགོས། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།