གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཅན་དབྱི་ཝེར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

སྤེལ་དུས་: 2020ལོ་09ཟླ་18ཚེས་ 10:20 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེ་རིང་ཅན་དབྱི་ཝེ་ལ་གློག་འཕྲིན་བཏང་གནང་ནས་ཁོང་ལྗར་པན་གྱི་དབུ་བཞུགས་བློན་ཆེན་ལ་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་། ཀྲུང་གོ་དང་ལྗར་པན་གཉིས་ནི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། ཨེ་ཤ་ཡ་གླིང་དང་འཛམ་གླིང་ཐོག་གི་རྒྱལ་ཁབ་གལ་ཆེན་གཉིས་ཡིན་པས། ཡུན་རིང་བརྟན་ལྷིང་དང་མཛའ་མཐུན་མཉམ་ལས་ཀྱི་ཀྲུང་གོ་དང་ལྗར་པན་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད་ལ། དེས་ཨེ་ཤ་ཡ་གླིང་དང་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལའང་ཕན་ཐོགས་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་ལྗར་པན་གྱི་ཆབ་སྲིད་ཡིག་ཆ་བཞིའི་ནང་གཏན་འཁེལ་བྱས་པའི་རྩ་དོན་ཁག་དང་རྩ་དོན་བཞིའི་ཐུན་མོང་ངོས་འཛིན་གྱི་དགོངས་དོན་ལ་བརྩི་སྲུང་ནན་པོ་ཞུས་ཏེ། དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་ཀྲུང་ལྗར་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཤིང་། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་གསུངས་གནང་ཡོད།

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཅན་དབྱི་ཝེ་ལ་གློག་འཕྲིན་བཏང་གནང་ནས་ཁོང་ལྗར་པན་གྱི་དབུ་བཞུགས་བློན་ཆེན་ལ་བདམས་པར་རྟེན་འབྲེལ་ཞུས་གནང་བ་དང་། ཀྲུང་གོས་ལྗར་པན་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཛའ་གྲོགས་སྤེལ་རེས་དང་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བར་གོང་འཕེལ་གསར་པ་དེ་བས་ཆེ་བ་ཡོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ཧུའུ་ནན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ། ཝུའུ་དབྱིང་ཅེས་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཧོ་ཅུན་ཁེ་དང་བཞུགས་མོལ་གནང་བ། ༼བདེན་འཚོལ༽དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅིའི་རྩོམ་ཡིག་གལ་ཆེན་ཞིག་སྤེལ་འདུག ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།