༼བདེན་འཚོལ་༽དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན༼སྟོབས་དང་ལྡན་པའི་སྤྱི་པའི་འཕྲོད་བསྟེན་མ་ལག་བསྐྲུན་ནས། མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པར་འགན་སྲུང་ནུས་ལྡན་བྱ་དགོས༽ཞེས་པ་སྤེལ་བ།
སྤྱི་ཟླ ༩ པའི་ཚེས ༡༦ ཉིན་དཔེ་སྐྲུན་བྱས་པའི་འདོན་ཐེངས ༡༨ པའི་༼བདེན་འཚོལ༽དུས་དེབ་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་༼སྟོབས་དང་ལྡན་པའི་སྤྱི་པའི་འཕྲོད་བསྟེན་མ་ལག་བསྐྲུན་ནས། མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པར་འགན་སྲུང་ནུས་ལྡན་བྱ་དགོས་༽ཞེས་པ་སྤེལ་ཡོད་པ་རེད།
རྩོམ་ཡིག་ནང་། མི་དམངས་ཀྱི་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་རྡོ་ལྟ་བུ་ཡིན། ང་ཚོས་མཐའ་མའི་ཚད་ཐིག་གི་བསམ་བློ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་བཏང་ནས། དུས་དང་རྣམ་པ་ཀུན་ཏུ་འཕྲོད་བསྟེན་དང་བདེ་ཐང་ཁྱབ་ཁོངས་ཀྱི་ཉེན་ཁ་ཚབས་ཆེན་འགོག་ཟོན་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་མ་ལག་སྟོབས་ཆེན་ཞིག་འཛུགས་པ་དང་། ཉེན་ཟོན་སྔོན་བརྡའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། འགོག་སྲུང་དྲ་རྒྱ་དམ་ཚགས་བཟོ་བ། ལོགས་དབྱེའི་གྱང་བརྟན་པོ་བསྐྲུན་པ་བཅས་བྱས་ན། ད་གཟོད་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པར་འགན་སྲུང་ནུས་ལྡན་བྱེད་ཐུབ་ཅེས་ནན་སྟོན་གནང་ཡོད།
རྩོམ་ཡིག་ནང་། ནད་ཡམས་སྔོན་འགོག་ཚོད་འཛིན་མ་ལག་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་དགོས། ནད་ཡམས་སྔོན་འགོག་ཚོད་འཛིན་མ་ལག་ནི་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་དང་། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་འགན་ལེན། དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པའི་འགན་ལེན་གལ་ཆེན་ཞིག་ཡིན། དེ་བས་གནད་སྨིན་དང་དེ་བས་ནུས་ལྡན་གྱི་སྒོ་ནས་སྔོན་འགོག་བྱ་རྒྱུར་གཞི་ཚུགས་ཏེ། སྒྲིག་གཞི་དང་ལམ་སྲོལ་མཐུན་སྦྱོར་དང་། ནུས་པ་དང་ངེས་གནས་ཁ་གསལ། ཆེད་ལས་ནུས་པ་ཆེར་གཏོང་སོགས་ཀྱི་ཐད་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལ་མ་དངུལ་འཇོག་པའི་ལམ་སྲོལ་བརྟན་པོ་འཛུགས་པ་དང་། ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་རྨང་གཞིའི་ཆ་རྐྱེན་ལེགས་བཅོས་བྱེད་པ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་འཐུས་ཚང་དུ་གཏོང་བ། ནད་ཡམས་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱི་འགན་ནུས་བཀོད་སྒྲིག་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་རིམ་པའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ནད་ཡམས་སྔོན་འགོག་ཚོད་འཛིན་ལས་ཁུངས་དང་གྲོང་ཁྱེར་དང་གྲོང་གསེབ། སྡེ་ཁུལ་བཅས་ཀྱི་མཉམ་འགུལ་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྨན་བཅོས་དང་སྔོན་འགོག་གི་མཐུན་སྦྱོར་ལམ་སྲོལ་གསར་གཏོད་བྱེད་པ། ནད་ཡམས་སྔོན་འགོག་གི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཆུ་ཚད་མཐོ་བའི་སྤྱི་པའི་འཕྲོད་བསྟེན་སློབ་གླིང་ཁག་ཅིག་འཛུགས་སྐྲུན་བཅས་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
རྩོམ་ཡིག་ནང་། ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་དང་འཕྲལ་སྒྲུབ་ལན་ཆའི་ནུས་པ་ཆེ་རུ་གཏོང་དགོས། དུས་མཚམས་སྔ་མའི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ་གཏོང་ནུས་ཆེ་རུ་གཏོང་རྒྱུ་དེ་སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་ཚང་དུ་གཏོང་བའི་ཁ་ཚ་དགོས་གཏུག་ཏུ་བརྩི་དགོས་པ་དང་། རིམས་ནད་ཀྱི་གནས་ཚུལ་དང་གློ་བུར་དུ་ཐོན་པའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལྟ་ཞིབ་ཚད་ལེན་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན་དྲ་བ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་སྒྲིག་གཞི་དང་སྨན་བཅོས་ལས་ཁུངས་ཀྱིས་མཐུན་སྦྱོར་ངང་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་སྲོལ་འཛུགས་པ། གློ་བུར་དུ་ཐོན་པའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་པའི་སྔོན་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་འཕྲོད་བསྟེན་མི་སྣའི་ཤེས་བྱ་གསོག་འཇོག་དང་གསོ་སྦྱོང་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ། འཕྲོད་བསྟེན་འཕྲལ་སྒྲུབ་ཤེས་བྱ་དྲིལ་བསྒྲགས་དང་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་སོགས་འཕྲོད་བསྟེན་བདེ་ཐང་ལས་དོན་ལ་དུས་བཀག་ལྟར་ཞིབ་འཇུག་བཀོད་སྒྲིག་བྱེད་པའི་ལམ་སྲོལ་འཛུགས་དགོས་ཞེས་བསྟན་ཡོད་པ་རེད།
རྩོམ་ཡིག་ནང་། རིམས་ནད་ཚབས་ཆེན་གྱི་སྐྱོབ་བཅོས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། གཞུང་བཙུགས་སྨན་ཁང་གི་འགོས་ནད་འགོག་བཅོས་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་། ཕྱོགས་བསྡུས་སྨན་ཁང་གི་རིམས་ནད་འགོག་བཅོས་སྒྲིག་བཀོད་འཛུགས་སྐྲུན་གྱི་ཚད་གཞི་འཐུས་ཚང་དུ་གཏོང་བ། འཕྲལ་སྒྲུབ་སྨན་བཅོས་སྲོག་སྐྱོབ་ཀྱི་གྲབས་གསོག་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྨན་བཅོས་ཐོན་ཁུངས་ལུགས་མཐུན་ངང་བཀོད་སྒྲིག་བྱེད་ཚུལ་ལེགས་འགྱུར་བྱེད་པ་དང་། འཕྲལ་སྒྲུབ་གནས་ཚུལ་འོག་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་སྐུལ་སློང་དང་ལེན་དང་། ས་ཁོངས་མཉམ་འགུལ། མི་སྣ་སྐོང་བསྡུ་བཅས་བྱ་རྒྱུར་གཅིག་གྱུར་འཆར་འགོད་བྱེད་པ། རིམ་པ་དབྱེ་བ་དང་། བང་རིམ་དབྱེ་བ། ཁག་བགོས་པ་བཅས་ཀྱི་རིམས་ནད་ཚབས་ཆེན་འགོག་བཅོས་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིམ་གསུམ་སྨན་བཅོས་ཞབས་ཞུའི་དྲ་བ་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་གསོ་རིག་ལྟེ་གནས་དང་ས་ཁོངས་སྨན་བཅོས་ལྟེ་གནས་སོགས་ཀྱི་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། འགོས་ནད་ཚབས་ཆེན་སྐྱོབ་བཅོས་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
རྩོམ་ཡིག་ནང་། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་དགོས། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འཐབ་རྩོད་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་། རྒྱལ་གཅེས་འཕྲོད་བསྟེན་ལས་དོན་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། བྱེད་ཐབས་གསར་པ་གཏོད་པ། ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ནས་ཕྱོགས་ཡོངས་ཀྱི་སྤྱི་ཚོགས་བདེ་ཐང་དོ་དམ་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་བདེ་ཐང་དང་འབྲེལ་བ་ཡོད་པའི་ཁྱོན་ཡོངས་རང་བཞིན་དང་ཡུན་རིང་རང་བཞིན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། མིའི་འཚོ་གནས་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་བཅོས་དང་། སྤྱི་པའི་འཕྲོད་བསྟེན་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཡ་རབས་ཚུལ་ལྡན་དང་། སྐྱོན་བྲལ། ལྗང་མདོག ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་ཐོག བདེ་ཐང་དེ་སྲིད་ཇུས་ཡོད་ཚད་ཁྲོད་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་བཏང་ནས། ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་བདེ་ཐང་དོ་དམ་གྱི་འདུ་ཤེས་དེ་གྲོང་ཁྱེར་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལྷུ་ཚིགས་ཁག་ཏུ་ཁྱབ་པ་བྱ་དགོས་ཞེས་བསྟན་ཡོད་པ་རེད།
རྩོམ་ཡིག་ནང་། རིམས་ནད་ཚབས་ཆེན་འགོག་བཅོས་བྱེད་པའི་ཁྲོད་ཀྲུང་ལུགས་གསོ་རིག་གི་ནུས་པ་འདོན་སྤེལ་བྱེད་དགོས། ཀྲུང་ལུགས་དང་ཕྱི་ལུགས་ཟུང་འབྲེལ་དང་། ཀྲུང་ལུགས་དང་ཕྱི་ལུགས་སྨན་མཉམ་སྤྱོད་བྱེད་པ་དེ་ནི་ད་ཐེངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྱད་ཆོས་ཆེན་པོ་ཞིག་རེད་ལ། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་སྙིང་བཅུད་རྒྱུན་འཛིན་དང་དྲང་སྲུང་གསར་གཏོད་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་རེད། ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་རིམས་ནད་འགོག་བཅོས་ཀྱི་རིགས་པའི་གཞུང་ལུགས་དང་ནད་བརྟག་སྨན་བཅོས་ཀྱི་ཆོས་ཉིད་ཕྱོགས་བསྡོམས་བྱ་དགོས། གནའ་བོའི་སྨན་གཞུང་གི་སྙིང་བཅུད་ལེགས་སྒྲིག་དང་སྔོག་འདོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་ཞིབ་འཇུག་གི་འདེགས་སྐྱོར་ལས་སྟེགས་ཁག་ཅིག་འཛུགས་སྐྲུན་བྱེད་པ། ཀྲུང་ལུགས་སྨན་རྫས་ཞིབ་དཔྱད་དང་ཞིབ་མཆན་འགོད་པའི་ལམ་སྲོལ་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་བ། ཀྲུང་ལུགས་སྨན་རྫས་ཀྱི་སྨན་གསར་པ་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཁྱད་ཆོས་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གང་ལེགས་བྱེད་པ། ཀྲུང་ལུགས་གསོ་རིག་སྨན་རྫས་ལས་དོན་གྱི་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་སྨན་རྫས་ཕན་ཚུན་ཁ་གསབ་དང་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
རྩོམ་ཡིག་ནང་། སྤྱི་པའི་འཕྲོད་བསྟེན་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། དམིགས་ས་ཡོད་པའི་སྒོ་ནས་འགོས་ནད་འགོག་བཅོས་བཅའ་ཁྲིམས་དང་གློ་བུར་དུ་ཐོན་པའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་པའི་བཅའ་ཁྲིམས་སོགས་བཅའ་ཁྲིམས་གཏན་འབེབས་དང་བཟོ་བཅོས་རྒྱག་པའི་ལས་ཀར་སྐུལ་འདེད་གཏོང་དགོས། འགན་དཀྲི་དང་དབང་ཆ་ཁ་གསལ་དང་། གོ་རིམ་ཚད་ལྡན། ལག་བསྟར་ནུས་ལྡན་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྲིམས་འཛིན་ལམ་སྲོལ་འཐུས་ཚང་འཛུགས་པ། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་ལྟར་བྱ་སྤྱོད་སྤེལ་བ་དང་ཁྲིམས་ལྟར་ལས་དོན་སྒྲུབ་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
རྩོམ་ཡིག་ནང་། རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་ཁྲོད་ཀྱི་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་དགོས། ཚེ་སྲོག་བདེ་འཇགས་དང་སྐྱེ་དངོས་བདེ་འཇགས་ཁྱབ་ཁོངས་ཀྱི་ཚན་རྩལ་གྲུབ་འབྲས་གལ་ཆེན་ནི་རྒྱལ་ཁབ་ཀྱི་ལག་ཆ་གལ་ཆེན་ཡིན་པས་ངེས་པར་དུ་རང་ཉིད་ཀྱི་ལག་ཏུ་འཛིན་དགོས། འཕྲོད་བསྟེན་དང་བདེ་ཐང་ཁྱབ་ཁོངས་སུ་ཚན་རྩལ་ཐད་མ་འཇོག་བྱེད་ཚད་མང་དུ་གཏོང་བ་དང་། རྒྱལ་ཡོངས་ཁྱོན་གྱི་སྒྲིག་སྲོལ་གསར་པའི་བཟང་ཆ་འདོན་སྤེལ་བྱེད་པ། སྟོབས་ཤུགས་གཅིག་བསྡུས་ཀྱིས་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་པ། རིམས་ནད་ཚབས་ཆེན་འགོག་བཅོས་བྱེད་པའི་གྲོན་དངུལ་གཏོང་ཚད་རྒྱུན་མཐུད་ངང་མང་དུ་གཏོང་བ། རང་རྒྱལ་གྱི་ཚེ་སྲོག་ཚན་རིག་དང་། སྐྱེ་དངོས་ལག་རྩལ། སྨན་བཅོས་འཕྲོད་བསྟེན། སྨན་བཅོས་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་ཞན་ཆ་གང་མགྱོགས་གསབ་པ་བཅས་བྱ་དགོས་ཞེས་བསྟན་ཡོད།
རྩོམ་ཡིག་ནང་། རྒྱལ་སྤྱིའི་འཕྲོད་བསྟེན་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་སྤྱིའི་འོས་འགན་མུ་མཐུད་ནས་སྒྲུབ་པ་དང་། གོ་ལ་ཧྲིལ་པོའི་རིམས་ནད་འགོག་པའི་དངོས་ཟོག་མཁོ་འདོན་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་ཚད་གཞི་དང་། ཚད་ལྡན། ཕྱོགས་སྟོན་བཅས་གཏན་འབེབས་བྱེད་པའི་ནང་ཕྱོགས་ཡོངས་ནས་ཞུགས་པ། ཀྲུང་གོའི་ཇུས་གཞི་དང་ཀྲུང་གོའི་ཉམས་མྱོང་མཉམ་སྤྱོད་བྱེད་པ། གོ་ལ་ཧྲིལ་པོའི་འཕྲོད་བསྟེན་བཅོས་སྐྱོང་མ་ལག་ཁྲོད་རང་རྒྱལ་གྱིས་ཤུགས་རྐྱེན་ཐེབས་ཤུགས་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་མ་ལག་མཉམ་དུ་འཛུགས་དགོས་ཞེས་བསྟན་ཡོད་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་ནས་གྲོས་ཚོཊ་འདི་གཙོ་སྐྱོང་གནང་བ། ཞི་ཅིན་ཕིང་གིས་ཁོང་རྣམ་པར་གཟེངས་རྟགས་གནང་འདུག ཞི་ཅིན་ཕིང་དང་ཕུའུ་ཅིང་གིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་པ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ། ཞི་ཅིན་ཕིང་གིས་མོ་རོ་ཁོའི་རྒྱལ་པོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།