གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཀྲུང་གོ་ཟློས་གར་སློབ་གླིང་ལ་འཕྲིན་ལན་སྤྲིངས་གནང་བ།

སྤེལ་དུས་: 2020ལོ་10ཟླ་29ཚེས་ 15:46 ཡོང་ཁུངས་: མི་དམངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སློབ་ཁྲིད་ཁྲོད་ནས་སྒྱུ་རྩལ་གྱི་སྙིང་པོ་འཚོལ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ནས་སྒྱུ་རྩལ་གཉེར་བའི་ཐོག་མའི་བསམ་འདུན་ལ་ཞུན་བརྡར་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སྤྱི་ཟླ ༡༠ ཚེས ༢༣ ཉིན་ཀྲུང་གོ་ཟློས་གར་སློབ་གླིང་གི་དགེ་སློབ་ལ་འཕྲིན་ལན་སྤྲིངས་གནང་ནས་ཁོང་ཚོས་ཟློས་གར་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་ཡག་པོ་གཏོང་ཆེད་ཐུགས་རེ་ཟབ་མོ་བཅོལ་གནང་བ་རེད།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ཁྱེད་ཚོའི་རྒན་དར་གཞོན་བྱིས་བཅས་མི་རབས་བཞིའི་དགེ་སློབ་ཀྱིས་སྤྲིངས་པའི་འཕྲིན་ཡིག་ནང་། ཀྲུང་གོ་ཟློས་གར་སློབ་གླིང་གི་སློབ་གཉེར་ལ་ཐོབ་པའི་དགའ་འོས་པའི་གྲུབ་འབྲས་དང་། ཟློས་གར་སྒྱུ་རྩལ་མི་རབས་ནས་མི་རབས་བར་བརྒྱུད་སྤེལ་བྱེད་ཚུལ་འཁོད་འདུག་པས། ང་ཧ་ཅང་དགའ་པོ་བྱུང་། ངས་ཁྱེད་ཚོ་དང་སློབ་གྲྭའི་དགེ་སློབ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ཟློས་གར་ནི་ཀྲུང་ཧྭའི་རིག་གནས་ཀྱི་རྩ་ཆེའི་ནོར་བུ་ཞིག་རེད། ཟློས་གར་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བའི་འགག་རྩ་དེ་མི་ལ་ཐུག་ཡོད། རེ་བར་ཀྲུང་གོ་ཟློས་གར་སློབ་གླིང་གིས་སློབ་གྲྭ་དབུ་བརྙེས་ནས་ལོ ༧༠ འཁོར་བ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་གཞི་རྩའི་ལས་འགན་དོན་འཁྱོལ། རྒྱ་ཆེའི་དགེ་སློབ་སྣེ་ཁྲིད་བྱས་ནས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། དྲང་སྲུང་གསར་གཏོད་མཐའ་འཁྱོངས་བཅས་བྱས་ཏེ། སློབ་ཁྲིད་ཁྲོད་ནས་སྒྱུ་རྩལ་གྱི་སྙིང་པོ་འཚོལ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ནས་སྒྱུ་རྩལ་གཉེར་བའི་ཐོག་མའི་བསམ་འདུན་ལ་ཞུན་བརྡར་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་ཡོད།

ཀྲུང་གོ་ཟློས་གར་སློབ་གླིང་གི་སྔ་མིང་ལ་རིག་གནས་པུའི་ལེགས་བཅོས་ཅུད་ཀྱི་ཟློས་གར་ཚོད་ལྟའི་སློབ་གྲྭ་ཟེར་ཞིང་། དེ་ནི་སྤྱི་ལོ ༡༩༥༠ ལོར་བཙུགས་ཤིང་། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་རྒྱལ་ཁབ་ཀྱིས་བཙུགས་པའི་ཟློས་གར་སློབ་གསོའི་སྒྲིག་གཞི་དང་པོ་དེ་ཡང་རེད། ཉེ་ཆར། ཀྲུང་གོ་ཟློས་གར་སློབ་གླིང་གི་དགེ་སློབ་འཐུས་མི་ཁག་གཅིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཕུལ་ཏེ། སློབ་གླིང་བཙུགས་ནས་ལོ ༧༠ རིང་གི་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་སེང་ཞུས་ནས་ཟློས་གར་བྱ་གཞག་དར་རྒྱས་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཐུན་མོང་གི་བསམ་འདུན་མཚོན་པར་བྱས་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཨ་འགོག་ཁྲའོ་རོཊ་བྱས་ནས་ལོ་ངོ་༧༠འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན། ཞི་ཅིན་ཕིང་གིས་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་ལ་ཐུགས་གསོའི་གློག་འཕྲིན་གནང་བ། སྤྱི་ཁྱབ་ཧྲུའུ་ཅིར་སྙན་སེང་ཞུ་བ་ཞེས་པ་སྟེ། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ལེའུ་གསར་པ་བརྩམས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དཔལ་འབྱོར་དམིགས་གསལ་ཁུལ་བཙུགས་ནས་ལོ་ངོ་༤༠འཁོར་བའི་རྟེན་འབྲེལ་ཆེན་མོའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་སྤྱི་ཚོགས་ལས་རིགས་ཁག་གིས་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།