གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཨ་འགོག་ཁྲའོ་རོཊ་བྱས་ནས་ལོ་ངོ་༧༠འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན།

སྤེལ་དུས་: 2020ལོ་10ཟླ་27ཚེས་ 10:47 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་དམག་འཐབ་བྱས་ནས་ལོ་ངོ་ ༧༠ འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྐོང་འཚོགས་བྱས་པ་དང་། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ། ལི་ཁེ་ཆང་གིས་གཙོ་སྐྱོང་གནང་བ། ལི་ཀྲན་ཧྲུའུ་དང་། ཝང་ཡང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅེ། ཧན་ཀྲང་། ཝང་ཆི་ཧྲན་བཅས་ཚོགས་འདུར་ཞུགས་པ།

http://www.tibetcnr.com/2019xddzl/202010/W020201024585388941102.jpg

སྤྱི་ཚེས ༢༣ ཉིན་གྱི་སྔ་དྲོ་ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་དམག་འཐབ་བྱས་ནས་ལོ་ངོ་༧༠ འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་ནས། རླབས་ཆེན་གྱི་ཨ་འགོག་ཁྲའོ་རོགས་དམག་འཁྲུག་གིས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་རྒྱ་སྐྱེད་ལ་འགོག་རྒོལ་བྱས་པ་དང་། ཀྲུང་གོ་གསར་པའི་བདེ་འཇགས་ལ་སྲུང་སྐྱོབ་བྱས་པ། ཀྲུང་གོ་མི་དམངས་ཀྱི་ཞི་བདེའི་འཚོ་བ་སྲུང་སྐྱོབ་བྱས་པ་བཅས་ཀྱིས། ཁྲའོ་ཞན་ཕྱེད་གླིང་ཕྲན་གྱི་དུས་བབ་བརྟན་ལྷིང་བྱུང་བ་དང་ཨེ་ཤེ་ཡ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱས་ཡོད། ལོ་ངོ་ ༧༠ གོང་རླབས་ཆེན་གྱི་ཨ་འགོག་ཁྲའོ་རོགས་དམག་འཁྲུག་ལ་ཕྱིར་དྲན་བྱས་ཚེ། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་མང་པོ་བྱས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འོད་སྟོང་འབར་བའི་མདུན་ལྗོངས་ལ་རྒྱང་ལྟ་བྱེད་སྐབས། ང་ཚོར་ཡིད་ཆེས་བརྟན་པོ་དང་སེམས་ཤུགས་ཀྱི་ཁེངས་ཡོད། ང་ཚོས་ཨ་འགོག་ཁྲའོ་རོགས་དམག་འཁྲུག་གི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་རྒྱལ་ཁ་རླབས་པོ་ཆེ་སེམས་ལ་བརྟན་པོར་ངེས་དགོས། རླབས་ཆེན་གྱི་ཨ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། དཔའ་ཉམས་ལྷག་ཏུ་ཆེ། ངར་ཤུགས་རབ་ཏུ་འཕེལ་བའི་ཐོག་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་ཕྱོགས་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཕྱོགས་ནས་མུ་མཐུད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་ཞེས་བསྟན་ཡོད།

ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།

མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་གྱི་རྣམ་པ་རྔམ་བརྗིད་ལྡན་ལ་སྤྲོ་སེམས་འཁོལ་ཞིང་། ཀྲུའུ་ཞི་སྟེགས་བུའི་སྟེང་དུ་ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་དམག་འཐབ་བྱས་ནས་ལོ་ངོ་ ༧༠ འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཞེས་པའི་ཚོགས་རྟགས་བཀལ་ཡོད། རྒྱབ་ཀྱི་དཀྱིལ་དབུས་སུ་རྒྱལ་རྟགས་བཀལ་ཡོད། རྒྱལ་རྟགས་འོག་ཕྱོགས་སུ་སྤྱི་ལོ ༡༩༥༠ ལོ་ནས་སྤྱི་ལོ ༢༠༢༠ ལོ་བར་ཞེས་པའི་མཚོན་རྟགས་དཀར་པོའི་ཡི་གེ་བཀལ་ཡོད། གཞོགས་གཉིས་སུ་དམར་མདང་བཀྲ་བའི་དར་དམར ༡༠ བསླངས་ཡོད། ཚོགས་ཁང་ཆེན་མོའི་ཐོག་བརྩེགས་གཉིས་པའི་རྒྱང་གཟིགས་སྟེགས་བུར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཨ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་དགོས། ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་འཆང་བ། ནམ་ཡང་འབད་འཐབ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་ལེན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་འཁོད་པའི་ཡིག་བྱང་བཀལ་ཡོད་པ་རེད།

སྔ་དྲོའི་ཆུ་ཚོད ༡༠ པར་ཚོགས་ཆེན་འགོ་ཚུགས་ཤིང་། ཚང་མ་ཡར་བཞེངས་ནས་རྒྱལ་གླུ་བླངས་པ་དང་། རྒྱལ་གླུ་བླངས་རྗེས་ཚོགས་ཞུགས་ཡོངས་ཀྱིས་གུས་སྟབས་ཀྱིས་ལངས་ཏེ་ཨ་འགོག་ཁྲའོ་རོགས་དམག་འཁྲུག་ཁྲོད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས། ལོ་ངོ་ ༧༠ ཡི་གོང་ཀྲུང་ཧྭའི་ཕུལ་བྱུང་བུ་ཕྲུག་ལས་གྲུབ་པའི་ཀྲུང་གོའི་མི་དམངས་དང་བླངས་དམག་གིས་མི་དམངས་ཀྱི་མངགས་བཅོལ་ཆེན་པོ་དང་མི་རིགས་ཀྱི་རེ་འདུན་ཕྲག་ཏུ་འཁུར་ནས་ཞི་བདེ་སྲུང་སྐྱོང་དང་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་དྲང་བདེན་གྱི་དར་ཆ་མཐོན་པོར་བསྒྲེངས་ཤིང་། དཔའ་ཉམས་ལྷག་ཏུ་ཆེ། ངར་ཤུགས་རབ་ཏུ་འཕེལ། ཡ་ལུའུ་གཙང་པོ་འཕྲེད་དུ་བཅད། རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དང་གསར་བརྗེའི་དཔའ་བོའི་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཁྲའོ་ཞན་མི་དམངས་དང་དམག་དཔུང་དང་མཉམ་དུ་ལོ་གཉིས་དང་ཟླ་བ་དགུའི་རིང་དཀའ་བ་ཚད་མེད་ཀྱི་ཁྲག་བཏོན་དམར་འཛིང་བྱས་པ་བརྒྱུད་ཨ་འགོག་ཁྲའོ་རོགས་དམག་འཁྲུག་ལ་རྒྱལ་ཁ་རླབས་པོ་ཆེ་ཐོབ་ཡོད། ཨ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག་ལ་རྒྱལ་ཁ་རླབས་ཆེན་ཐོབ་པ་དེ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་ནམ་ཡང་འཁོད་ངེས་རེད། མིའི་རིགས་ཀྱི་ཞི་བདེ་དང་། འཕེལ་རྒྱས། ཡར་ཐོན་བཅས་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་ནམ་ཡང་འཁོད་རྒྱུ་རེད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། ལོ་ངོ་ ༧༠ རིང་། ང་ཚོས་གསར་བརྗེ་པ་རྒན་རབས་ཚོས་རྒྱལ་སྤྱིའི་དྲང་བདེན་སྲུང་སྐྱོང་དང་། འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ། གསར་དུ་བཙུགས་པའི་སྤྱི་མཐུན་རྒྱལ་ཁབ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཆེད་དུ་བཞག་པའི་མི་ནུབ་པའི་མཛད་རྗེས་ཐོག་མཐའ་བར་གསུམ་དུ་བརྗེད་མེད་པ་དང་། དཔའ་བོའི་བསྟོད་གླུ་རྩོམ་པར་ཐེ་ཚོམ་སྤུ་ཙམ་མེད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་དཔོན་དམག་དང་དེ་བཞིན་དམག་འཁྲུག་དེར་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་འབུལ་མཁན་ཚང་མ་ང་ཚོས་ཐོག་མཐའ་བར་གསུམ་དུ་བརྗེད་མེད། ཨ་འགོག་ཁྲའོ་རོགས་དམག་འཁྲུག་ནང་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་རྣམས་ང་ཚོས་ནམ་ཡང་བརྗེད་མི་སྲིད། སྔོན་གཤེགས་དཔའ་བོ་ཚོའི་མཛད་རྗེས་ནི་བསྐལ་པ་ཇི་སྲིད་བར་དུ་གནས་ངེས་པ་དང་། སྔོན་གཤེགས་དཔའ་བོ་ཚོའི་མཚན་སྙན་ཇི་སྲིད་བར་དུ་གནས་ངེས་ཡིན་ཞེས་ནན་སྟོན་གནང་བ་རེད། ཞི་ཅིན་ཕིང་ནས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས། ད་ལྟ་སྐུ་འཚོ་བཞུགས་གནང་བའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་འཐབ་འཛིང་པ་རྒན་གྲས་དང་། བློ་མཐུན་རྒན་གྲས། གཟི་བརྗིད་ལྡན་པའི་དམག་མི་དབང་པོ་སྐྱོན་ཅན། དེ་སྔ་ཨ་འགོག་ཁྲའོ་རོགས་དམག་འཁྲུག་ལ་རོགས་སྐྱོར་གནང་མཁན་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྤྱི་དང་། ལྷག་པར་དུ་དམག་འཐབ་ལ་ཞུགས་པ་དང་གཡུལ་སར་རྒྱབ་སྐྱོར་གནང་མཁན་མི་སྣ། ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་ནང་མི་དང་དམག་མིའི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཡོད་པ་རེད།

http://www.tibetcnr.com/2019xddzl/202010/W020201024585389346179.jpg

ཞི་ཅིན་ཕིང་གིས། ཨ་འགོག་ཁྲའོ་རོགས་དམག་འཁྲུག་ནང་། ཁྲའོ་ཞན་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱིས་ཀྲུང་གོ་མི་དམངས་དང་བླངས་དམག་ལ་ཐུགས་ཁུར་དང་། གཅེས་སྐྱོང་། རྒྱབ་སྐྱོར་བཅས་གནང་བ་དང་། ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོའི་མི་དམངས་དང་དམག་དཔུང་སྐྱིད་སྡུག་མཉམ་མྱོང་དང་ཤི་གསོན་མཉམ་གནས་བྱས་ཡོད། ཁྲག་དྲོན་གྱིས་རླབས་ཆེ་བའི་འཐབ་འཛིང་གི་མཛའ་བརྩེ་ཆགས་པ་དང་། འཛམ་གླིང་ཐོག་ཞི་བདེར་དགའ་བའི་རྒྱལ་ཁབ་དང་མི་དམངས། མཛའ་གྲོགས་རྩ་འཛུགས། མཛའ་གྲོགས་མི་སྣ་བཅས་ཐམས་ཅད་ནས། ཀྲུང་གོའི་མི་དམངས་དང་བླངས་དམག་ཁྲའོ་ཞན་དུ་བསྐྱོད་ནས་དམག་འཐབ་བྱེད་པར་རོགས་སྐྱོར་དང་རྒྱབ་སྐྱོར་ནུས་ལྡན་གནང་བས། ང་རང་གིས་ཀྲུང་གོའི་ཏང་དང་། སྲིད་གཞུང་། དམག་དཔུང་བཅས་ཀྱི་ཚབ་ཞུས་ནས་ཁོང་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ནི་ཞི་བདེར་དགའ་བའི་མི་རིགས་ཤིག་ཡིན་པ་དང་། ཀྲུང་གོའི་མི་དམངས་ནི་ཞི་བདེར་དགའ་བའི་མི་དམངས་ཡིན། ཉེ་རབས་ཀྱི་རྗེས་སུ། ཀྲུང་གོའི་མི་དམངས་ཀྱིས་བཙན་དབང་རྒྱལ་ཁབ་ཀྱི་བཙན་འཛུལ་གྱི་གནོད་འཚེ་ཚད་མེད་མྱངས་པ་དང་། དམག་འཁྲུག་གི་མེ་ལྕེའི་སྡུག་བསྔལ་ཚད་མེད་བརྒྱུད་ཡོད་ལ། ཡང་སྒོས་སུ་དམག་འཁྲུག་གི་གདུག་རྩུབ་དང་ཞི་བདེའི་རིན་ཐང་གསལ་པོར་རྟོགས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་པའི་དུས་སུ་ཉམས་པ་ཐམས་ཅད་སོར་ཆུད་བྱ་རྒྱུར་ལུས་ཡོད་པ་དང་། ལས་རིགས་སྣ་ཚོགས་བསྒྲུབ་རྒྱུར་ལུས་པའི་མཚམས་སུ། ཀྲུང་གོའི་མི་དམངས་ཀྱིས་ཞི་བདེ་ལྷིང་འཇགས་ཡོང་རེ་ཚད་མེད་བྱས་ཡོད། འོན་ཀྱང་ཀྲུང་གོའི་མི་དམངས་ཀྱི་རེ་འདུན་དེར་རྩུབ་སྤྱོད་ཀྱི་འགྲན་རྩོད་འཕྲད་པ་དང་། བཙན་རྒྱལ་རིང་ལུགས་བཙན་འཛུལ་པས་དམག་འཁྲུག་དེ་ཀྲུང་གོའི་མི་དམངས་ཀྱི་མགོ་ལ་བཙན་གཡོགས་བྱས་ཡོད། ཨ་འགོག་ཁྲའོ་རོགས་དམག་འཁྲུག་ནི་གཡུལ་འགྱེད་ཕྱོགས་གཉིས་ཀྱི་སྟོབས་ཤུགས་ཁྱད་པར་ཧ་ཅང་ཆེ་བའི་ཆ་རྐྱེན་འོག་སྤེལ་བའི་དེང་རབས་ཅན་གྱི་དམག་འཁྲུག་ཅིག་ཡིན། སྐབས་དེར་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྟོབས་ཧེ་བག་ཧ་ཅང་ཆེན་པོ་ཡོད། ཤིན་ཏུ་ཆ་འགྲིག་མིན་པ་དང་དཀའ་ཚེགས་ཤིན་ཏུ་ཆེ་བའི་གནས་ཚུལ་དེ་འདྲའི་འོག ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཁྲའོ་ཞན་གྱི་དམག་དམངས་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། དཀའ་སྤྱད་ཚད་མེད་ཀྱི་འཐབ་འཛིང་བྱས་པ་བརྒྱུད། ཁ་ནང་གི་སོ་བར་དུ་དྲག་ཆས་སྤྲས་པའི་འགྲན་ཡ་ཕམ་པར་བྱས་ཡོད། ཨ་འགོག་ཁྲའོ་རོགས་དམག་འཁྲུག་གི་རླབས་ཆེའི་རྒྱལ་ཁ་ནི་ཀྲུང་གོའི་མི་དམངས་ཡར་ལངས་རྗེས་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་ལངས་པའི་བསྒྲགས་གཏམ་ཡི་གེ་ཞིག་ཡིན་ཞིང་། དེ་ནི་ཀྲུང་ཧྭ་མི་རིགས་འདི་ཉིད་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་བསྐྱོད་པའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་ཞིང་། དེ་ནི་ཀྲུང་གོ་དང་འཛམ་གླིང་གཉིས་ཀར་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་པ་ཞིག་རེད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། དམག་འཁྲུག་ཐེངས་འདི་བརྒྱུད། ཀྲུང་གོའི་མི་དམངས་ཀྱིས་བཙན་འཛུལ་པས་རང་རྒྱལ་གྱི་སྒོ་ཁར་དམག་ཤུགས་གཏོང་བ་དང་ཀྲུང་གོ་གསར་པ་གཏོར་ཕམ་གཏོང་བསམ་པའི་རེ་ངན་སྟོང་བསམ་དུ་འགྱུར་བ་བྱས་པ་དང་། ཀྲུང་གོ་གསར་པ་འདི་ཉིད་དངོས་སུ་རྐང་པ་བརྟན་པོ་ཚུགས་ཡོད། ཀྲུང་གོའི་མི་དམངས་ཀྱིས་ཉེ་རབས་ཚུན་དུ་གཞན་གྱིས་རང་སྣང་གང་ཤར་བྱེད་པའི་ལོ་བརྒྱ་ལྷག་གི་བརྙས་བཅོས་རྦད་དེ་མཇུག་འགྲིལ་བ་དང་། ཨེ་ཤ་ཡ་ཤར་མའི་ནད་པ་ཞེས་པའི་མིང་ཆད་གཙང་སེལ་བྱས་པ། ཀྲུང་གོའི་མི་དམངས་དངོས་གནས་དྲང་གནས་སྤྲོ་ཉམས་རབ་ཏུ་རྒྱས་ཡོད། ཀྲུང་གོའི་མི་དམངས་ཀྱིས་བཙན་འཛུལ་པ་ཕམ་ཉེས་སུ་བཏང་བ་དང་། འཛམ་གླིང་ཡོངས་ཧང་སངས་དགོས་པ་བཟོས་ཤིང་། ཀྲུང་གོ་གསར་པས་ཨེ་ཤ་ཡ་དང་རྒྱལ་སྤྱིའི་བྱ་དོན་ཁྲོད་ཀྱི་གནས་བབ་གལ་ཆེན་བཟུང་བ་དང་། ཀྲུང་གོ་གསར་པའི་རྒྱལ་ཁབ་ཆེན་པོའི་གནས་བབ་མངོན་ཡོད། མི་དམངས་དམག་དཔུང་གིས་དམག་འཁྲུག་ཁྲོད་དམག་འཁྲུག་ལ་སློབ་སྦྱོང་དང་། དམག་རིགས་རྐྱང་པ་དེ་དམག་རིགས་མང་པོའི་མཉམ་ཤུགས་སྒྲིལ་བའི་བར་འགྱུར་བ་བྱུང་ཞིང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་མ་ཆེན་པོ་ཐེབས་ཡོད། འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་རྗེས་ཨེ་ཤ་ཡ་དང་ཐ་ན་འཛམ་གླིང་གི་འཐབ་ཇུས་གནས་སྟངས་ལ་འགྱུར་བ་གཏིང་ཟབ་བྱུང་བ་དང་། འཛམ་གླིང་ཡོངས་སུ་མི་རིགས་ཀྱི་གཉའ་གནོན་དང་མི་དམངས་ཀྱིས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་དྲང་བདེན་བྱ་གཞག་ལ་སྐུལ་མ་ཆེན་པོ་ཐེབས་ཤིང་། འཛམ་གླིང་གི་ཞི་བདེ་དང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། དམག་འཁྲུག་འདིས་རི་ཆུ་གཉིས་ལ་གཏོར་སྐྱོན་མེད་པ་དང་རྒྱལ་ཁབ་དུས་བདེ་བྱུང་བས་ཀྲུང་གོའི་མི་དམངས་ཀྱི་རྩུབ་སྤྱོད་ལ་མི་སྐྲག་པའི་ལྕགས་དང་ངར་ལྕགས་ལྟ་བུའི་བློ་སྟོབས་མངོན་ཡོད། དམག་འཁྲུག་འདིས་ཀྲུང་གོའི་མི་དམངས་ཀྱི་བསམ་པའི་ཉམས་སྣང་མངོན་པ་དང་། ཀྲུང་གོའི་མི་དམངས་ཀྱི་ཀུན་སེམས་གཅིག་སྒྲིལ་གྱི་ཞུམ་པ་མེད་པའི་གཤིས་རྒྱུད་གང་ལེགས་མངོན་ཡོད། དམག་འཁྲུག་འདིས་འཛམ་གླིང་ཡོངས་ཀྲུང་གོར་ཧང་སངས་དགོས་པ་བཟོས་ཡོད། དེའི་ཐོག་ནས་ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་གི་ཞི་བདེ་སྲུང་བའི་ཆོད་སེམས་བརྟན་པོ་གང་ལེགས་མངོན་པར་བྱས་ཡོད། དམག་འཁྲུག་འདིས་མི་དམངས་དམག་དཔུང་གི་དམག་འཐབ་ནུས་པའི་ཟིལ་རྔམ་འཛམ་གླིང་ལ་མངོན་པར་བྱས་པ་དང་། དམག་རྒྱག་ཕོད་པ་དང་རྒྱལ་ཁ་ཐོབ་པ་བྱེད་པའི་ཁྲག་གཤིས་ལྕགས་རུས་གང་ལེགས་མངོན་པར་བྱས་ཡོད། དམག་འཁྲུག་འདིས་དྲང་བདེན་བཙན་དབང་ལས་རྣམ་པར་རྒྱལ་ཐུབ་པ་དང་། ཞི་བའི་གོང་འཕེལ་ནི་འགོག་ཐབས་མེད་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཡིན་པ་སླར་ཡང་ར་སྤྲོད་བྱས་ཡོད་ཅེས་ནན་སྟོན་གནང་བ་རེད།

ཞི་ཅིན་ཕིང་གིས། བརྗིད་རླབས་ཆེ་བའི་ཨ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག་ཁྲོད། དཔའ་བོའི་ཀྲུང་གོའི་མི་དམངས་དང་བླངས་དམག་གིས་རླབས་ཆེའི་ཨ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས་བཏོད་ཡོད། རླབས་ཆེའི་ཨ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས་རྒྱུན་བསྐྱངས་ནས་ད་བར་ལོ་རྒྱུས་ཡུན་རིང་སོང་བ་དང་། དེ་ངེས་པར་དུ་རྒྱུན་འཛིན་ལྷོད་མེད་དང་། མི་རབས་ནས་མི་རབས་བར་དར་སྤེལ་གཏིང་ཟབ་གཏོང་དགོས། དུས་རབས་ལ་འགྱུར་ལྡོག་གང་འདྲ་བྱུང་རུང་། ང་ཚོར་གཏུམ་དྲག་ལ་མི་སྐྲག་པ་དང་། བཙན་དབང་ལ་ངོ་རྒོལ་བྱེད་ཕོད་པའི་མི་རིགས་ཀྱི་སྙིང་སྟོབས་ཡོད་དགོས། དུས་རབས་ལ་འགྱུར་ལྡོག་གང་འདྲ་བྱུང་རུང་། ང་ཚོ་ཚང་མར་ཀུན་སེམས་གཅིག་སྒྲིལ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱི་མི་རིགས་སྟོབས་ཤུགས་ཡོད་དགོས། དུས་རབས་ལ་འགྱུར་ལྡོག་གང་འདྲ་བྱུང་རུང་། ང་ཚོར་འཆི་རྒྱུར་མི་སྐྲག་པ་དང་། ཤི་བར་ཕྱོགས་ནས་གསོན་ཐབས་བྱེད་པའི་མི་རིགས་ཀྱི་ངར་ཤ་ཡོད་དགོས། དུས་རབས་ལ་འགྱུར་ལྡོག་གང་འདྲ་བྱུང་ཡང་རུང་། ང་ཚོར་བདེན་འཛིན་གསར་གཏོད་དང་དཔའ་ངར་དང་བཅས་མདུན་དུ་བསྐྱོད་པའི་མི་རིགས་ཀྱི་བློ་རིག་ཡོད་དགོས་ཞེས་བསྟན་གནང་བ་རེད།

ཞི་ཅིན་ཕིང་གིས། ཨ་འགོག་ཁྲའོ་རོགས་ཀྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་ ༦༠ ལྷག་སོང་རིང་། ཀྲུང་གོ་གུང་ཁྲན་ཏང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཀྲུང་གོར་སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་འགྱུར་ལྡོག་བྱུང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་། ཕྱུག་པོ་ཆགས་པ། དེ་ནས་སྟོབས་ཆེར་གྱུར་བའི་རླབས་ཆེའི་འཕོ་འགྱུར་ཆེན་པོ་བྱུང་ཡོད། ད་ཆ། ང་ཚོ་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པའི་ལོ་རྒྱུས་ཀྱི་སྦྲེལ་མཚམས་སུ་གནས་ཡོད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱེད་པའི་རྒྱལ་ཁ་འཆར་ལ་ཉེ་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱེད་པའི་མདུན་ལྗོངས་འོད་སྟོང་ལྡན་པ་ཞིག་ཡོད། རླབས་ཆེའི་རྒྱལ་ཁ་བློ་ལ་བརྟན་པོར་ངེས་པ་དང་། རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་དགོས་ན་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཏང་འདི་ཉིད་སྔར་བས་ཞུམ་མེད་སྟོབས་ལྡན་དུ་འགྱུར་བ་བྱ་དགོས། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པ་དང་། ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ། ཡོད་ཚད་མི་དམངས་ལ་བརྟེན་རྒྱུ་བཅས་རྒྱུན་འཁྱོངས་བྱ་དགོས། ངེས་པར་དུ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ངེས་པར་དུ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས། མི་དམངས་དམག་དཔུང་དེ་ཁྱོན་ཡོངས་ནས་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་འཛུགས་སྐྱོང་བྱ་དགོས། ངེས་པར་དུ་འཛམ་གླིང་གི་ཞི་བདེ་དང་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་བ་རེད།

ཞི་ཅིན་ཕིང་གིས། འཛམ་གླིང་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་འཛམ་གླིང་ཡིན་ཞིང་འཛམ་གླིང་གི་མདུན་དུ་འཕྲད་པའི་དཀའ་ངལ་དང་འགྲན་རྩོད་ལ་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་དགོས་ཀྱི་ཡོད་པས། ཞི་བདེ་གོང་འཕེལ་དང་མཉམ་ལས་མཉམ་རྒྱལ་ཡོང་བ་བྱེད་རྒྱུ་ནི་གཞི་ནས་མི་ཡུལ་གྱི་ཡང་དག་ལམ་བུ་ཞིག་རེད། དེང་དུས་འཛམ་གླིང་ཐོིག་ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས། ཐལ་སྐྱོད་རང་ཕན་རིང་ལུགས་གང་རུང་ནི་ལམ་ལྷོངས་རྩ་བ་ནས་ཡོང་ཐབས་མེད་པ་དང་མགོ་སྐོར་དང་སྒོ་བཀག་རང་སྲུང་། བཙན་གནོན་བཅས་ཀྱི་བྱེད་སྟངས་ནི་ལམ་ལྷོིངས་རྩ་བ་ནས་ཡོང་ཐབས་མེད་པ། རང་སྣང་གང་དྲན་དང་རང་ཆེ་རང་བཀུར་གྱི་བྱ་སྤྱོད་གང་རུང་། བཙན་དབང་དང་བཙན་བདག བཙན་གནོད་བཅས་ཀྱི་བྱ་སྤྱོད་གང་རུང་ནི་ལམ་ལྷོངས་རྩ་བ་ནས་ཡོང་ཐབས་མེད་པར་མཐའ་མར་ཕུང་རྒྱུ་ཡིན་པ་ནི་བརྗོད་མི་དགོས་པ་ཞིག་ཡིན་ཞེས་བསྟན་གནང་བ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོས་སྔ་བར་ཕྱི་གསུམ་དུ་འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་ཅིང་། ཀྲུང་གོའི་དམག་དཔུང་ནི་སྔ་བར་ཕྱི་གསུམ་དུ་འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་བྱེད་མཁན་བློ་བརྟན་འགྱུར་མེད་ཀྱི་སྟོབས་ཤུགས་ཤིག་ཡིན། ཀྲུང་གོས་དུས་ནམ་ཡང་ཧམ་འཛིན་མི་བྱེད་པ་དང་རྒྱ་སྐྱེད་གཏོང་མི་སྲིད་ལ་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། ང་ཚོས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་ལ་གནོད་འཚེ་ཕོག་པར་བལྟས་ནས་སྡོད་མི་སྲིད་པ་དང་མི་གང་རུང་དང་སྟོབས་ཤུགས་གང་རུང་གིས་མེས་རྒྱལ་གྱི་བླ་ན་མེད་པའི་མངའ་ཁོངས་ལ་བཙན་འཛུལ་དང་ཁ་ཕྲལ་དུ་འཇུག་མི་སྲིད། གནས་ཚུལ་ཚབས་ཆེན་འདི་རིགས་ཐོན་མ་ཐག ཀྲུང་གོའི་མི་དམངས་ཀྱིས་གདོང་བསུས་རྡུང་རྡེག་དྲག་པོ་གཏོང་ངེས་ཡིན་ཞེས་ནན་སྟོན་གནང་བ་རེད།

ལི་ཁེ་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཨ་འགོག་ཁྲའོ་རོགས་དམག་འཁྲུག་ལ་རྒྱལ་ཁ་རླབས་པོ་ཆེ་ཐོབ་པ་དང་བྱས་རྗེས་ཆེན་པོ་བཞག་པར་ཕྱོགས་ཡོངས་ནས་ཕྱིར་དྲན་དང་ཕྱོགས་བསྡོམས་གནང་བ་དང་། ཨ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་དང་དུས་རབས་ཀྱི་རིན་ཐང་རྒྱས་བཤད་གཏིང་ཟབ་གནང་བ།

ཨ་འགོག་ཁྲའོ་རོགས་དམག་འཁྲུག་གི་ལོ་རྒྱུས་ཀྱི་བློ་སྒོ་འབྱེད་པ་གསལ་སྟོན་གནད་ལ་འཕིགས་པ་གནང་བ། རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་གཅིག་གྱུར་སྲུང་སྐྱོང་དང་། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ལངས་ཕྱོགས་དང་ཆོད་སེམས་བརྟན་པོ་སྒམ་ནན་ངང་བསྒྲགས་ནས་རླབས་ཆེན་གྱི་རྒྱལ་ཁ་བློ་ལ་བརྟན་པོར་ངེས་དགོས་པའི་ནན་བཤད་གནང་བ། འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པོ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས། ཚང་མས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ། འདུ་ཤེས་བཞི་ཤུགས་ཆེར་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ། རླབས་ཆེན་གྱི་ཨ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ཐོག འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་བསྟན་གནང་བ་རེད།

མཇུག་ཏུ། ཚོགས་ཞུགས་ཡོངས་ནས་མེས་རྒྱལ་ལ་བསྟོད་གླུ་ལེན་ཞེས་པའི་གླུ་གཞས་སྐད་གསང་མཐོན་པོས་བླངས་པ་དང་ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་གླུ་སྒྲའི་ཁྲོད་མཇུག་འགྲིལ་བ་རེད།

ཚོགས་འདུ་མ་འཚོགས་གོང་། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཀྲུང་གོ་མི་དམངས་དང་བླངས་དམག་གི་ཨ་འགོག་ཁྲའོ་རོགས་ཀྱིས་དམག་འཐབ་བྱས་ནས་ལོ ༧༠ འཁོར་བའི་དྲན་གསོའི་རྟགས་མ་ཐོབ་མཁན་གྱི་འཐུས་མིར་མཇལ་འཕྲད་གནང་བ་དང་འབྲེལ་ཚང་མ་དང་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་ཚོགས་ཆེན་ལ་ཕེབས་ཡོད་པ་རེད།

དང་བླངས་དམག་གི་འཐབ་འཛིང་པ་རྒན་གྲས་དང་། བློ་མཐུན་རྒན་གྲས། སྔོན་གཤེགས་དཔའ་བོའི་ནང་མི་སོགས་ཀྱི་འཐུས་མི། ཀྲུང་དབྱང་ཏང་སྲིད་དམག་དམངས་བཅས་ཀྱི་སྡེ་ཁག་སོ་སོ་དང་པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་གཙོ་བོ། དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་གི་འཐུས་མི། རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་སོགས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ། ཞི་ཅིན་ཕིང་གིས་མཚོ་དམག་སྐམ་འཐབ་རུ་ཁག་ལ་གཟིཊ་གནང་བ། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པས་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་ལ་སྐོར་གཟིགས་བྱ་རྒྱུའི་སྐུལ་སློང་ཚོགས་འདུ་འཚོགས་པ། ན་གཞོན་ལས་བྱེད་པ་ཚོར་ཞི་ཅིན་ཕིང་ནས་བཀའ་སློབ་གནང་འདུག ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གལ་ཆེན་ཞིག་གཙོ་སྐྱོང་གནང་བ།