སྤྱི་ཚེས ༩ ཉིན་ཕྱི་འབྲེལ་པུའི་མགྲིན་ཚབས་པ་ཧྭ་ཁྲུན་ཡིང་གིས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་སྤྱི་ཟླ ༢ པའི་ཚེས ༩ ཉིན་པེ་ཅིང་དུ་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དབུ་ཚོགས་གཙོ་སྐྱོང་གནང་རྒྱུ་མ་ཟད་བརྗོད་དོན་གཙོ་བོའི་གསུང་བཤད་གནང་རྒྱུ་རེད་ཅེས་ཁྱབ་བསྒྲགས་གནང་བ་རེད།
དབུ་ཚོགས་དེ་ནི་ཀྲུང་གོའི་ཕྱོགས་ནས་གྲོས་འགོ་སྟོན་པ་དང་། ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའམ་ཡང་ན་མཐོ་རིམ་གྱི་འཐུས་མི་དང་དེ་བཞིན་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ལྟ་ཞིབ་པའི་འཐུས་མི་གདན་ཞུས་ལྟར་དབུ་ཚོགས་ལ་ཞུགས་རྒྱུ་ཡིན་པ་རེད། དབུ་ཚོགས་དེ་ནི་བརྙན་མཐོང་རྣམ་པའི་ཐོག་ནས་སྐོང་འཚོག་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་དཔོན་དམག་ཡོངས་ལ་ལོ་གསར་གྱི་འཚམས་འདྲི་ཞུས་པ། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དེབ་རྐྱང་པ་འདི་དཔེ་སྐྲུན་བྱས་འདུག ཞི་ཅིན་ཕིང་གིས་སྐབས༣༤པའི་ཨ་ཧྥེ་རི་ཁའི་མནའ་འབྲེལ་དབུ་ཚོགས་ལ་བཀྲིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་གནང་བ། ཝང་དབྱང་གིས་ཆོས་ལུགས་ཚོཊ་པའི་འགན་འཁུར་བ་དང་མཉམ་དུ་དཔྱིད་གསར་བསུས། ཝུའུ་དབྱིང་ཅེས་པ་སངས་སོགས་བློ་མཐུན་རྒན་གྲས་དང་གཞུང་དོན་དུ་གྲོངས་པའི་ཉེན་རྟོག་པའི་ནང་མི་སོགས་ལ་འཚམས་འདྲི་གནང་བ།