གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝུའུ་དབྱིང་ཅེས་པ་སངས་སོགས་བློ་མཐུན་རྒན་གྲས་དང་གཞུང་དོན་དུ་གྲོངས་པའི་ཉེན་རྟོག་པའི་ནང་མི་སོགས་ལ་འཚམས་འདྲི་གནང་བ།

སྤེལ་དུས་: 2021ལོ་02ཟླ་08ཚེས་ 16:30 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཚེས ༧ ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་པ་སངས་དང་། ལམ་བཞི་ནས་བོད་དུ་སྐྱོད་པའི་འཐབ་འཛིང་པ་རྒན་རབས་ཀྱི་གྲས་དབང་ཕྱུག ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་སྔོན་ཐོན་མི་སྒེར་དང་གཞུང་དོན་དུ་གྲོངས་པའི་མི་དམངས་ཉེན་རྟོག་པའི་ནང་མིའི་འཐུས་མི་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

ཝུའུ་དབྱིང་ཅེས་ལམ་བཞི་ནས་བོད་དུ་སྐྱོད་པའི་འཐབ་འཛིང་པ་རྒན་རབས་ཀྱི་གྲས་དབང་ཕྱུག་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

འཚམས་འདྲི་གནང་རིང་། ཝུའུ་དབྱིང་ཅེས་པ་སངས་དང་དབང་ཕྱུག་གི་ཁྱིམ་དུ་ཕེབས་ནས་ཁོང་ཚོའི་བདེ་ཐང་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་ཚོ་དང་མཉམ་དུ་བརྗེད་པར་དཀའ་བའི་ལོ་ཟླ་བསྐྱར་དྲན་གནང་བ་དང་། མེས་རྒྱལ་འཕེལ་རྒྱས་འགྲོ་ཚུལ་ལ་དགའ་སྤྲོའི་ངང་གཟིགས་པ། བོད་ཀྱི་འཕོ་འགྱུར་ལྷན་དུ་གླེང་བ། མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རྒྱང་ལྟ་གནང་བ་རེད། ཝུའུ་དབྱིང་ཅེས་ཁྱེད་རྣམ་པས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་བ་ཏང་དང་མི་དམངས་ཀྱིས་དུས་ནམ་ཡང་བརྗེད་མི་སྲིད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་མཚོན་རྟགས་སུ་བྱས་ནས། བོད་ལ་སྔར་བྱུང་མྱོང་མེད་པ་དང་ལོ་ཁྲི་སྟོང་མང་པོར་འཕྲད་དཀའ་བའི་རྩ་ཆེའི་གོ་སྐབས་ཐོབ་སྟེ་བྱ་གཞག་ཁག་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། ཁྱེད་རྣམ་པས་གསར་བརྗེའི་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་རྒྱུན་འཁྱོངས། ནུས་པ་ལྷག་མ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། བོད་སྐྱོང་བོད་བརྟན་བོད་དར་གསུམ་གྱི་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད། ཁྱེད་རྣམ་པ་སྐུ་གཟུགས་གསལ་ཐང་དང་ཁྱིམ་ཚང་འཆམ་མཐུན་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་སྔོན་ཐོན་མི་སྒེར་དང་གཞུང་དོན་དུ་གྲོངས་པའི་མི་དམངས་ཉེན་རྟོག་པའི་ནང་མིའི་འཐུས་མིར་ཕྱག་གཏོང་བཞིན་པ།

དེ་རྗེས་ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་སྔོན་ཐོན་མི་སྒེར་དང་གཞུང་དོན་དུ་གྲོངས་པའི་མི་དམངས་ཉེན་རྟོག་པའི་ནང་མིའི་འཐུས་མི་དང་བྱམས་བརྩེའི་ངང་བཞུགས་མོལ་གནང་ནས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཁོང་ཚོ་དང་བརྒྱུད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་དང་། དེ་བཞིན་ཁོང་ཚོའི་ནང་མི། གཞུང་དོན་དུ་གྲོངས་པའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་ནང་མི་བཅས་ལ་བྱམས་བརྩེའི་འཚམས་འདྲི་གནང་ཞིང་། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་བོད་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་དང་མི་རིགས་ཁག་གི་མི་དམངས་མང་ཚོགས་བདེ་སྐྱིད་ཁམས་བཟང་ཡོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་རིམ་ཁག་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་སྤྱི་བདེའི་ལས་བྱེད་ཉེན་རྟོག་པས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་དང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན། སྤྱི་ཚོགས་གཞུང་དྲང་དྲང་བདེན་ལ་སྐུལ་འདེད། མི་དམངས་བདེ་སྡོད་ལས་བརྩོན་ཡོང་བའི་འགན་ལེན་བཅས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་བཞིན་ཡོད་པས། རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནད་དོན་ཆེན་པོ་མི་ཐོན་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་འཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བ། དཀའ་ངལ་ཆེ་ཤོས་ཀྱི་ས་ནས་བསམ་བློ་གཏོང་བ་དང་གྲུབ་འབྲས་བཟང་ཤོས་ཐོབ་རྒྱུའི་བརྩོན་ལེན་བྱེད་པ་བཅས་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་། ལམ་ལུགས་ཀྱི་བདེ་འཇགས། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་རང་ལྗོངས་ཀྱི་བདེ་འཇགས་བརྟན་ལྷིང་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། ལྡན་དགོས་པ་གསུམ་དང་ཕན་པ་གཅིག་གི་བླང་བྱ་སྤྱི་བདེའི་ལས་དོན་གྱི་ཕྱོགས་གང་ས་ཅི་ཐད་ལ་དོན་འཁྱོལ། ཚང་མའི་དཀའ་སྤྱད་སྟོན་གྲངས་དེ་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ལ་འགྱུར་བ་བཅས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ་བཅས་ཀྱི་ཆེད་དོན་སློབ་གསོ་ཏན་ཏིག་སྤེལ་ནས་བློས་འགེལ་ཆོག་པ་དང་། ཡིད་ཆེས་བྱེད་ཆོག་པ། འགག་རྩའི་དུས་དོན་ཐུབ་པ། དགྲ་བོ་འགོག་ཐུབ་པ། རྒྱལ་ཁ་ལེན་ཐུབ་པ་བཅས་ཀྱི་ས་མཐོའི་སྤྱི་བདེའི་ཧྲག་དམག་ཅིག་ནུས་ཤུགས་ཡོད་རྒུས་གཏོད་དགོས། རིམ་ཁག་སྡེ་ཚན་ཁག་གིས་སྤྱི་བདེའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་། དཀའ་གནད་དུས་ཐོག་ཏུ་ཐག་གཅོད་བྱེད་པ། འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་ལུས་སེམས་བདེ་པོའི་སྒོ་ནས་ལས་ཀ་བྱེད་ཐུབ་པ་བཅས་བྱས་ནས། སྤྱི་བདེའི་ལས་བྱེད་ཉེན་རྟོག་པས་ལས་འགན་ཡག་པོ་སྒྲུབ་པར་དེ་བས་ལེགས་པའི་ལས་ཀའི་ཆ་རྐྱེན་དང་ཁྲིམས་འཛིན་ཁོར་ཡུག་ཅིག་གཏོད་དགོས་ཞེས་བསྟན་གནང་བ་རེད།

ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་སྤྱི་བདེའི་ལས་ཁུངས་ཀྱི་སྔོན་ཐོན་མི་སྒེར་དང་གཞུང་དོན་དུ་གྲོངས་པའི་མི་དམངས་ཉེན་རྟོག་པའི་ནང་མིའི་འཐུས་མི་དང་བྱམས་བརྩེའི་ངང་བཞུགས་མོལ་གནང་བཞིན་པ།

བྱམས་བརྩེའི་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་ནི་དགུན་དུས་ཀྱི་ཉི་འོད་བཞིན་ཀུན་གྱི་ལུས་སེམས་དྲོ་སོབ་སོབ་ཏུ་གྱུར། རྒྱ་ཆེའི་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་དང་གཞུང་དོན་དུ་གྲོངས་པའི་མི་དམངས་ཉེན་རྟོག་པའི་ནང་མིས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་ཚོས་རང་རང་སོ་སོའི་ལས་གནས་ཐོག་རང་འགན་ཐེག་པ་འཁུར་ལེན་དང་། ལས་འགན་གཙང་སྒྲུབ། གྲུབ་འབྲས་གཏོད་པ་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་རུ་རྟོག་ཞིབ་གནང་བ། ཞི་ཅིན་ཕིང་ཏ་ཝོ་སིའི་གྲོས་རིམ་གྱི་གླེང་མོལ་ཚོཊ་འདུར་ཞུཊ་པ། སྐྱེ་ཁམས་སྲུང་སྐྱོང་སྐོར་གྱི་རྒྱལ་སྤྱིའི་ཚོགས་འདུ་གལ་ཆེན་ཞིག རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་མཚམས་འཇོག་མི་རུང་།